དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་དཀའ་ངལ་ཡོད་པའི་ལས་བཟོར་ཁྱིམ་སྤྱོད་གློག་ཆས་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-02

     ཉེ་ཆར་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་ཁྲོང་ཝུའེ་ཚོགས་པས་མཉམ་དུ“དཀའ་སེལ་དབུལ་སྒྲོལ་བྱས་ཏེ་ལས་བཟོར་ཞབས་འདེགས་ཞུ་བའི་སྤྱི་ཕན་བྱེད་སྒོ་དང་ཞལ་འདེབས་འབུལ་བའི་མཛད་སྒོ”འཚོགས་ནས་རང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་དང་འཐབ་ཕྱོཌ་དང་པོའི་ལས་བཟོར་སྒོར་ཁྲི་70རི་བའི་ཁྱིམ་སྤྱོད་གློག་ཆས་ཞལ་འདེབས་བརྒྱབ་པ་མ་ཟད། ཁྱོན་རིན་ཐང་སྒོར་ཁྲི་1500ཙམ་རི་བའི་ཀུན་ཕན་གཱ་སྤྲད་པ་དང་ལས་བཟོ་ཚོས་ཀུན་ཕན་གཱ་ཁྱེར་ནས་ཁྲེང་ཝུའེ་ཁྱིམ་སྤྱོད་གློག་ཆས་ཉོས་ན་སྒོར་500ཡི་ཁ་གསབ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་བཅའ་ཁྲིམས་དམངས་གཙོ་དོ་དམ་དང་ཁེ་དབང་འགན་ལེན་པུའི་ལས་དོན་པ་ཀྲའོ་ཐིང་ཐིང་གིས་གསར་འགོད་པར“ད་རེས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོས་དཀའ་ངལ་ཡོད་པའི་ལས་བཟོར་དཔལ་འབྱོར་གྱི་རོགས་རམ་བྱས་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཁོ་ཚོའི་བསམ་བློར་སྐུལ་ལྕག་བྱེད་པ་འདི་རེད། ཁོ་ཚོས་གཅེས་སེམས་ཟབ་མོ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྟོབས་ཤུགས་གལ་ཆེན་དུ་བསྒྱུར་ནས་སྔ་ཙམ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།