དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཞིང་འབྲོག་ཁུལ་དུ་འཕྲོད་སྦྱོར་གསང་སྤྱོད་ཁྱབ་ཚད་45%ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-12-02

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་10པའི་ཟླ་མཇུག་བར་བོད་ཀྱིས་རིམ་རྩིས་བྱས་ན་གསང་སྤྱོད་ཁྲི་22.75གསར་བརྗེ་བྱས་པ་ལས་ཞིང་འབྲོག་ཁུལ་དུ་འཕྲོད་སྦྱོར་གསང་སྤྱོད་ཁྱབ་ཚད་45%ལྷག་ཙམ་ཟིན་ནས“གསང་སྤྱོད་གསར་བརྗེའི”ལས་དོན་ལ་འཕེལ་རིམ་ནུས་ལྡན་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས“གསང་སྤྱོད་གསར་བརྗེ”རྨང་གཞིའི་འདུ་འགོད་དང་། ཤེས་དཔལ་གྱི་འདུ་འགོད། དམངས་འཚོའི་འདུ་འགོད་བཅས་སུ་བརྩིས་ཏེ་དམ་འཛིན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསང་སྤྱོད་གསར་སྐྲུན་རྒྱས་སྐྲུན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་མ་ཟད། དབུལ་ཞྭ་ཕུད་པའི་རྫོང་ཁག་དང་པོར་ཚོད་ལྟའི་ལས་དོན་ཡང་སྤེལ་ཏེ་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་སོང་ཡོད།

    “དེ་སྔོན་ངའི་ཁྱིམ་གྱི་གསང་སྤྱོད་ལ་ཐོག་དང་སྒོ་མེད་པས་ཧ་ཅང་སྟབས་བདེ་པོ་མེད། ན་ནིང་གྲོང་ཚོར་ཚོགས་འདུ་འཚོགས་ཏེ་གྲོང་མི་ཚོས་གསང་སྤྱོད་ཉམས་བཟོ་བྱས་ན་ཁ་གསབ་དངུལ་སྒོར་2000ཡོད་པ་ཁྱབ་བསྒྲགས་བྱས་སོང་། ངས་གོ་སྐབས་དེ་དང་བསྟུན་ནས་ཁྱིམ་གྱི་གསང་སྤྱོད་ལ་ཐོག་བཀབ་པ་དང་སྒོ་བསྒར་བ་མ་ཟད། ད་དུང་གྱང་ངོས་ལ་ཞལ་བ་བརྒྱབ་པས་གསང་སྤྱོད་ཀྱི་བཀོད་པ་མངོན་གསལ་དོད་པོས་གཙང་དུ་ཕྱིན་སོང”ཞེས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་ཡུལ་མི་ཉི་མས་བཤད།

    བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་བོད་ཀྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གསང་སྤྱོད་གསར་སྐྲུན་རྒྱས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རོགས་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།