འདི་ནི་པ་སངས་དོན་གྲུབ་ཀྱིས་གཙོ་འཛིན་གྱི་སྐུ་པར་འབྱིད་བཞིན་པ།
འདི་ལོ་ལོ་49ལ་སླེབས་པའི་པ་སངས་དོན་གྲུབ་རུ་ཐོག་རྫོང་ལྕགས་སྒང་གྲོང་ཚོར་སྡོད་ཀྱི་ཡོད། སྔོན་མ་ཁོང་གིས་ནང་མི་དང་མཉམ་དུ་ཞོགས་པའི་ཉི་མ་ཤར་ཤར་ནས་དགོང་མའི་ཉི་མ་ནུབ་པའི་བར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བའི་འཁོས་ཀ་ཞན་པོ་ཡོད།
2016ལོར་པ་སངས་དོན་གྲུབ་ཀྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ལྕགས་སྒང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྨི་ངོས་གྲུ་120ཟིན་པའི་སྡོད་ཁང་གསར་པར་སྤོས་པ་རེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྐུལ་ཁྲིད་འོག་པ་སངས་དོན་གྲུབ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་དུ་ཞུགས་པ་དང་། ཁོང་གིས་དངུལ་བུན་གཡར་ནས་རླངས་འཁོར་ཉོས་ཏེ་བྱེ་རྡོ་དབོར་འདྲེན་བྱས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་། དེའི་རྗེས་ཁོང་གིས་གསོག་དངུལ་བཏོན་ནས་ཁང་པ་གསར་པའི་སྒོ་རའི་ནང་ཤེལ་ཁང་བརྒྱབ་སྟེ་ཇ་ཁང་དང་སྒོ་རྩིས་ཚོང་ཁང་བཙུགས་པ་དང་བཟའ་ཟླས་གཉེར་སྐྱོང་བྱས་པས་ཁྱིམ་ཚང་གི་ཡོང་འབབ་ཆེས་ཆེར་མང་དུ་ཕྱིན་ཡོད།
2019ལོར་ཕྱུག་པོ་ཆགས་པའི་པ་སངས་དོན་གྲུབ་དང་ནང་མི་ཐེངས་དང་པོར་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་རུ་ཡུལ་སྐོར་ལ་བསྐྱོད། ཕྱིར་ལོག་རྗེས། པ་སངས་དོན་གྲུབ་ཀྱིས་ཕ་ཡུལ་གྱི་གཉེན་ཉེ་ཚོར་ནང་སའི་མཐོང་ཐོས་སྐོར་བརྗོད་པས་ཚང་མ་ཡིད་སྨོན་སྐྱེས། ཁོང་གིས“ད་ཆ་ང་ཚོ་མངའ་རིས་ཀྱི་མཐའ་མཚམས་ཀྱི་ཞིང་འབྲོག་པ་ཕྱུག་པོ་ཆགས་ཡོད་པས་ངེས་པར་དུ་གོ་སྐབས་བཙལ་ནས་ཕྱིར་ལྟ་རུ་འགྲོ་དགོས”ཞེས་བཤད།
པ་སངས་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར“རྒྱལ་ཁབ་ཀྱི་ཁ་གསབ་དངུལ་ལེན་རྒྱུ་ཡོད་པས་ད་ཆ་ང་ཚོའི་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད། འཚོ་བ་ཕྱུག་པོ་ཆགས་པ་མ་ཟད། གསོག་དངུལ་ཡང་མི་ཉུང་བ་ཞིག་ཡོད། ང་ཚོ་དུས་རབས་ཡག་པོ་དེ་འདྲ་ཞིག་ཏུ་སྐྱེས་པར་སྐྱིད་སྣང་ཚོར་གྱི་འདུག་ལ། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་གི་དྲོད་རླུང་ཁྲོད་རང་ཉིད་ཀྱིས་འབད་འཐབ་བྱས་པ་བརྒྱུད་དུས་ཐུང་ལོ་ཁ་ཤས་ནང་དབུལ་སྒྲོལ་ཐུབ་སོང་། ངས་སེམས་གཏིང་ནས་ཏང་དང་མེས་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་བྱུང་།
ཁྱིམ་ཚང་གི་ལོ་རྒྱུས།
པ་སངས་དོན་གྲུབ་ཁྱིམ་དུ་ནང་མི་བཞི་ཡོད་པ་དང་། ད་ཆ་བུ་མོ་རྒན་པ་ཚེ་རིང་གཡང་འཛོམས་ནན་ཁྲང་བཟོ་ལས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། བུ་མོ་ཆུང་བ་གནམ་གང་མཚོ་མོ་ལྷ་ས་གྲོང་ཁྱེར་སློབ་འབྲིང་ལྔ་པར་སློབ་སྦྱོང་བྱེད་བཞིན་ཡོད། པ་སངས་དོན་གྲུབ་ལ་ལོ་ལྟར་སྐྱེལ་འདྲེན་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་གྱི་ཡོད། བཟའ་ཟླ་སྐལ་བཟང་བདེ་སྐྱིད་ཀྱིས་ཇ་ཁང་དང་སྒོ་རྩིས་ཚོང་ཁང་གཉེར་ནས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་གསོག་ཐུབ་ཀྱི་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་3ལྷག་ཙམ་ཡོད། ཁྱིམ་དུ་སྒོ་ཕྱུགས་120ལྷག་ཙམ་དང་སྡོད་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་120ཡོད་པ་རེད།
འདི་ནི་པ་སངས་དོན་གྲུབ་དང་བཟའ་ཟླ་ཡིན་པ།
(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)