དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་དིང་རི་རྫོང་རྫོང་མཚོ་གྲོང་ཚོས་ཐོན་ལས་འཕེལ་རྒྱས་ཀྱི་ལས་ལ་བྲེལ་ནས་དབུལ་སྒྲོལ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-11-23

    བོད་ལྗོངས་གཞིས་རྩེ་གྲོང་ཁུལ་ནས་ཐོན་ཏེ་རླངས་འཁོར་ལ་ཆུ་ཚོད་གཉིས་ལྷག་ཙམ་བསྡད་རྗེས་ས་བབ་མཐོ་ཚད་སྨི་4500ཟིན་པའི་མདོང་ལ་བརྒལ་བ་དང་། དེ་ནས་སླར་ཡང་ཆུ་ཚོད་གཉིས་ལྷག་ཙམ་བསྐྱོད་ཚེ་དིང་རི་རྫོང་ཉི་ཤར་ཤང་རྫོང་མཚོ་གྲོང་ཚོར་འབྱོར་གྱི་ཡོད།

    ལུག་ཚང་སྟར་པ་རེ་རེའི་ནང་གི་གམ་པའི་ལུག་ཤ་ཤེད་རྒྱས་ནས། ལས་ལ་བྲེལ་བཞིན་པའི་གྲོང་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་མངོན། “སྔོན་མ་འདི་གར་ཞིང་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་ལ་ཤང་ཡོངས་ཀྱི་གྲོང་ཚོ་དབུལ་ཤོས་ཤིག་ཀྱང་རེད། རྫོང་མཚོ་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4380ཟིན་པ་དང་ལོ་འཁོར་མོར་ཐན་པ་བསྟན་ནས་ཆུ་དཀོན་པོ་ཡོད། སྟོན་དུས་དང་དགུན་དུས་སུ་བྱེ་རླུང་ལྡང་བས། འགྲིམ་འགྲུལ་འགག་པའི་ཁར་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། ཕྱིར་གླ་པར་སྐྱོད་མཁན་གྲོང་མི་མང་བ་དང་གྲོང་ཚོའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཇི་ལྟར་བྱ་རྒྱུ་ནི་དཀའ་ངལ་ཆེན་པོ་ཞིག་རེད”ཅེས་རྫོང་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཀྱིས་གསར་འགོད་པར་བཤད།

    གྲོང་ཚོའི་འགྱུར་ལྡོག་དེ་ལོ་གཅིག་གོང་དུ་འཚོགས་པའི་ཕྱུག་འགྱུར་ལམ་བུ་ཇུས་འགོད་བྱེད་པའི་གྲོང་མིའི་ཚོགས་ཆེན་ལས་བྱུང་བ་ཞིག་རེད། 2019ལོའི་བོད་ཀྱི་ལོ་གསར་བཏང་མ་ཐག་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པས་དུས་འགོའི་བརྟག་དཔྱད་ཞིབ་ཕྲ་བྱས་པའི་རྨང་གཞིའི་ཐོག་གྲོང་མིའི་ཚོགས་ཆེན་འཚོགས་ནས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་སྐད་གྲགས་ཡོད་པའི་གམ་པའི་ལུག་གསོ་སྤེལ་བྱ་རྒྱུའི་གྲོས་བྱས།

    མཉམ་ལས་ཁང་བཙུགས་ནས་ལོ་གཅིག་ལས་མ་ཕྱིན་པར་རྫོང་མཚོ་གྲོང་ཚོའི་ལུག་མགོ་གྲངས་444ནས་4000བར་མང་དུ་ཕྱིན་པ་དང་། མ་རྩ་སྒོར་ཁྲི་66ནས་སྒོར་ཁྲི་240བར་མང་དུ་ཕྱིན་པ། ཁེ་གཙང་སྒོར་ཁྲི་73ཟིན་ཡོད།

    ལོ་62ལ་སླེབས་པའི་ཚེ་རིང་བཀྲ་ཤིས་ཀྱི་དུད་ཚང་ནི་དེ་སྔོན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། ཁོང་གིས“ད་ལྟ་ངས་མཉམ་ལས་ཁང་གི་ལུག་རྫི་བྱེད་ཀྱི་ཡོད་ལ་བུ་མོ་ཡང་མཉམ་ལས་ཁང་དུ་ལས་ཀ་ཙག་ཙིག་བྱེད་ཀྱི་ཡོད། ང་ཚོ་ནང་མི་ཚང་མར་ལོ་གཅིག་ལ་མཉམ་ལས་ཁང་ནས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་རག་གི་འདུག”ཅེས་བཤད།

    ཚེ་རིང་བཀྲ་ཤིས་དང་འདྲ་བར་རྫོང་མཚོ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། 2019ལོའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་དུད་ཚང་19དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་55ཚང་མ་དབུལ་སྒྲོལ་ཐུབ་ནས་གྲོང་མི་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7450ཟིན་ཡོད་པ་རེད།

    བསོད་ནམས་ཀྱིས། མཉམ་ལས་ཁང་བཙུགས་ནས་ཡུན་རིང་པོ་འགྲོ་ཡི་མེད། འདི་ལོ་ཁེ་གཙང་ནས་བརྒྱ་ཆ་10བཏོན་ཏེ་རྗེས་མཐུད་འཕེལ་རྒྱས་གཏོང་བར་སྤྱོད་རྩིས་ཡོད། དེ་མིན་གྱི་བརྒྱ་ཆ་90མང་ཚོགས་མ་རྐང་དུ་ཞུགས་པའི་བསྡུར་ཚད་ལྟར་བགོ་འགྲེམས་རྒྱག་རྩིས་ཡོད། ལོ་སྟོད་དུ་བགོ་འགྲེམས་སྒོར་ཁྲི་20བརྒྱབ་པ་དང་ལོ་མཇུག་ཏུ་དུད་ཚང་རེར་ཆ་སྙོམས་བགོ་འགྲེམས་སྒོར་ཁྲི་1ཙམ་རག་བཟོ་ཡོད་ཅེས་ངོ་སྤྲོད་བྱས།

    ཉི་ཤར་ཤང་གི་ལས་བྱེད་པ་བསོད་ནམས་རྒྱ་མཚོས་གསར་འགོད་པར། རྫོང་མཚོ་གྲོང་ཚོའི་གམ་པའི་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་གྲོང་མི་18ཡུན་རིང་ལས་ཞུགས་ཐུབ་པ་མ་ཟད། དུས་ཐུང་གླ་པ་བསྡུས་ནས་དུད་ཚང་45ཡི་གྲོང་མིའི་ལས་ཞུགས་ཐག་གཅོད་ཀྱང་བྱས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།