དབུ་ཤོག>ཆེད་སྒྲིག
  • མཉམ་ཤུགས་གཅིག་ཏུ་བསྒྲིལ། གྲོང་གསེབ་དར་རྒྱས་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-12

    པད་ནག་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་མི་འབོར་མང་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན་ལ་རིག་གནས་དང་ཡུལ་སྐོར་པུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་དང་པོའི་གྲས་ཤིག་ཀྱང་རེད།

    ཉེ་བའི་ལོ་ཤས་རིང་། པད་ནག་གྲོང་ཚོའི་འབྲི་ཏ་ས་འཛིན་ལྷ་སའི་ཁྲོམ་རར་སྐད་གྲགས་ཆོད་ནས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། ཨ་ཁུ་སྟོན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་བསྟུན་ནས་པད་ནག་གྲོང་ཚོའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་དེ་གྲོང་ཚོ་ཡོངས་ཀྱི“ཏང་ཀྲི་པུའུ+རྟེན་གཞི+སྤྲོ་གསེང་ཡུལ་སྐོར+ཞིང་ལས་ཉམས་ལེན”འཕེལ་རྒྱས་བསམ་ཕྱོགས་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་གྱུར་ནས་འབྲི་ཏ་ས་འཛིན་གྱི་འདེབས་འཛུགས་ལས་རིགས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་རྒྱ་སྟོབས་ཆེ་རུ་འགྲོ་བའི་འཁོར་རྒྱུག་བཟང་པོ་ཞིག་མངོན་ནས་གྲོང་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ཐབས་ལམ་བཟང་པོ་ཞིག་བཏིང་ཡོད།

    ལྷ་ས་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་གཏོད་རྒྱུར་སྣེ་ཁྲིད་དེ་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། སྟག་རྩེ་ཆུས་ཀྱིས་གྲོང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྩ་འཛུགས་ཀྱི་ནུས་པ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ལྡན་ངང་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་ཤུགས་རྒྱག་གཞིར་བྱས་ཏེ“ཆུས་ཨུད་ཀྱི་འགོ་ཁྲིད་ཀྱིས་བཀོད་སྒྲིག་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ཁྱད་ཆོས་མངོན་པར་བྱེད་པ། མཉམ་སྐྲུན་མཉམ་སྤྱོད་ཀྱིས་དངོས་ཕན་ལ་སྣང་ཆེན་བྱེད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། ཏང་འཛུགས་སྐྱོང་གི་སྤྱི་འདོམས་དང་། ཐོན་ལས་དར་རྒྱས། སྣོད་བཅུད་སྡོད་མལ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྟག་རྩེའི་ཏང་འཛུགས་སྐྱོང་གི་པད་ནག་དཔེ་སྟོན་ཁུལ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་ཁྲིད་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    སྟག་རྩེ་ཆུས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ཁྱད་ཆོས་མངོན་པ། ས་ཁོངས་ཁག་མཉམ་སྐྲུན། ཏང་ཡོན་དང་མང་ཚོགས་མཉམ་སྐྲུན་བཅས་ཀྱི་རྩ་དོན་གཞིར་བཟུང་། ཏང་ཡོན་སྒྲིག་འཛུགས་བྱེད་པ་དང་། ཏང་གི་ལས་དོན་སྤེལ་བ། རྒྱ་ཆེའི་མང་ཚོགས་གོང་བུ་གཅིག་ཏུ་འགྲིལ་བ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་གཏོད་རྒྱུར་སྣེ་ཁྲིད་བྱེད་པ་བཅས་ཀྱི་ལས་དོན་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    པད་ནག་གྲོང་ཚོའི་སྣོད་བཅུད་སྤྱི་གླིང་གི་རྣམ་གྲངས་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་སྔོ་ཞིང་དྭངས་པའི་རི་ཆུ་འགྲེམས་སྟོན་ཁུལ་དང་། དམངས་སྲོལ་རིག་གནས་ཉམས་ལེན་ཁུལ། ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་སོགས་ཁ་གསལ་བཟོས་པ་དང་། གྲོང་ཚོ་རིམ་པའི་མ་ལམ་གཙོ་བོ་བྱེད་པའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ལམ་ཐིག་གི“བགྲོད་ལམ་མཛུབ་སྟོན་བྱང་བུ”བསླངས་ཏེ། མང་ཚོགས་ཀྱིས་པད་ནག་གི་མཛེས་ལྗོངས་ཉམས་སུ་མྱོང་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཡོད། ཏང་ཡོན་གྱི“འགན་ལེན་གསུམ”གྱི་གདོང་ལེན་རུ་ཁག་དང་། ཡུལ་སྲོལ་ཤེས་དཔལ་ལྟ་སྐུལ་ཞིབ་བཤེར་རུ་ཁག སྣོད་བཅུད་ཁོར་ཡུག་ལྟ་སྐུལ་རུ་ཁག གྲོང་ཚོ་རིམ་པའི་རིག་གནས་དྲིལ་བསྒྲགས་རུ་ཁག དྲ་མིག་བཅོས་སྐྱོང་ཞབས་ཞུ་རུ་ཁག ཏང་ཡོན་གྱི་དར་སྲོལ་སྐོར་གཡེང་རུ་ཁག་བཅས“རུ་ཁག་དྲུག”བཙུགས་ནས་དུས་བཀག་ལྟར་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། གྲོང་ཚོ་རིམ་པའི་གྲགས་ཅན་མི་སྣ་ཡོངས་བསྒྲགས་དང་དྲིལ་བསྒྲགས། གཞི་རིམ་གྱི་ལས་དོན་ཚད་ལྡན་ཅན་སྤེལ་བར་ཁྲིད་སྟོན་བཅས་བྱས་ཡོད།

    བསྐྲུན་ཟིན་པའི་གྲོང་མིའི་ཚོགས་ཆུང་གི་ཏང་ཡོན་བྱེད་སྒོ་ཁང་12ལ་གཅིག་སྡུད་ཐོག་སྒོ་བྱང་བཀལ་བ་དང་བྱེད་ལས་ལེགས་སྒྱུར་གྱི་ཞིང་འབྲོག་པའི་ཏང་ཡོན་གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་བསྐྲུན་ནས་ཏང་ཡོན་དུད་ཚང་130ལྷག་ཙམ་གྱི“ཐོབ་ཐང་གསལ་པོ”བཟོས་པ་དང་། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་དང་ཁྲིད་སྟོན་བྱས་ཐོག་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཞབས་འདེགས་ཀྱང་ཞུས་ཡོད།

    ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། དམག་ཞབས་ཐིམ་པའི་དམག་མི། ཡ་རབས་ཁྱིམ་ཚང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་བཟང་མི་སྒེར། “གསུམ་བརྒྱད”དར་དམར་བ་སོགས་གྲོང་ཚོ་རིམ་པའི་གྲགས་ཅན་མི་སྣའི་བྱས་རྗེས་གཅིག་སྡུད་ཐོག་་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་སྔོན་ཐོན་ལ་མིག་དཔེ་བལྟོས་པ་དང་སྔོན་ཐོན་ལ་སློབ་སྦྱོང་བྱ་རྒྱུར་སྔར་བས་ཁྲིད་སྟོན་གྱིས“ལས་བརྩོན་ཕྱུག་འགྱུར་ནི་གཟི་བརྗིད་དང‘སྒུག་བརྟེན་སློང་གསུམ’གྱི་བསམ་བློ་ནི་ངོ་ཚ་ཁྲེལ་མེད་ཡིན་པའི”འདུ་ཤེས་བཙུགས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།

    པད་ནག་ལུང་ཤུར་གྱི“རི་ཆུ་ནགས་ཞིང་མཚེའུ་རྩྭ་ར”བཅས་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་ལས་གྲྭའི་རྣམ་གྲངས་གཙོ་གནད་ཐོག་ལག་བསྟར་བྱས་པ་བརྒྱུད། ས་མཐོའི་ཁྱད་ཆོས་ལྡན་པའི“ཕ་ཡུལ་གྱི་རྩི་ཤིང་ལྡུམ་རའི”ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་རྟགས་གཏོད་རྒྱུར་དམིགས་ནས་གྲོང་ཚོ་དང་ཚོགས་ཆུང་གི་མཉམ་སྡེབ་དཔལ་འབྱོར་འབྲི་ཏ་ས་འཛིན་འདེབས་འཛུགས་དང་། དམངས་སྲོལ་ཉམས་ལེན། སྤྲོ་གསེང་ཡུལ་སྐོར། ཟངས་སྐུ་བརྐོས་བརྙན་སོགས་ཁྱད་ལྡན་རྣམ་གྲངས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་ཁྲིད་བྱས་པས་རི་སྔོ་ཆུ་དྭངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།