དབུ་ཤོག>ཆེད་སྒྲིག
  • བདེ་སྐྱིད་ལྡན་པའི་འཚོ་བ། དཀའ་སྤྱད་ལས་ལ་རྟེན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-11

    འགྱུར་མེད་1949ལོའི་ཟླ་7པར་སྐྱེས་པ་དང་། 1979ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ད་ཆ་དགེ་རྒྱས་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བ་དང་འབྲོག་ཁྱིམ་དཔེ་ཁང་གི་དོ་དམ་བ་རེད། ཀྲུང་གོ་གསར་པ་དང་ན་ཟླ་ཡིན་པ་གང་ཞིག་ཏང་ལོ་40ཟིན་པའི་ཏང་ཡོན་རྒན་གྲས་འགྱུར་མེད་ཀྱིས་མངའ་རིས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་བརྒྱུད་མྱོང་ལ། མངའ་རིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དཀའ་སྤྱད་འབད་འཐབ་བྱས་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཇི་ལྟར་སྐྱེལ་བ་ར་སྤྲོད་ཀྱང་བྱེད་ཐུབ།

    2019ལོའི་ཟླ་2པ་ནས་3པ་བར་འགྱུར་མེད་ཀྱིས་ཉེ་འཁོར་མང་ཚོགས་སྐུལ་སློང་བྱས་ཏེ་མངའ་རིས་ས་ཁུལ་གྱིས་སྤེལ་བའི“ཐོག་མའི་བསམ་འདུན་མ་བརྗེད་ཏང་གི་རྗེས་སུ་འབྲང་། སྲིད་ཇུས་ལེགས་པར་སྤྱད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད”པའི་ཤེས་བྱ་འགྲན་བསྡུར་བྱེད་སྒོར་ཞུགས། བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པའི་དཔེ་ལྟར་ཁོང་གིས་སྣེ་ཁྲིད་པའི་དགེ་རྒྱས་རྫོང་གི་ཞིང་འབྲོག་པའི་འཐུས་མི་རུ་ཁག་ལ་ཤེས་བྱ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། དེ་དང་ཆབས་ཅིག་འགྱུར་མེད་ཀྱིས་ད་དུང“མངའ་རིས་ཀྱི་སྙིང་སྟོབས”དྲིལ་བསྒྲགས་དང་ལག་ལེན་ཧུར་ཐག་བྱས་པ་དང་། 2016ལོར་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས“བོད་ནུབ་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་སྲོལ་གཏོད་འཐབ་ཇུས་བཏོན་ཏེ། མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་འཁྱམ་རིང་པོ་འཛུགས་གཏོད་ལས་གྲྭ་གཉེར་རིང་། འགྱུར་མེད་སྔར་རྒྱུན་བཞིན་སྔོན་སྐྱོད་པ་ཡིན་ཞིང་། ཁོང་གིས་སྣེ་ཁྲིད་དེ་སྔོན་བྱོན་པ་ཚོའི་སྔོན་ཐོན་མཛད་རྗེས་སློབ་སྦྱོང་བྱས་ནས་ན་གཞོན་ཏང་ཡོན་ཚོར་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་ལྕག་སྐུལ་བྱས་པ་མ་ཟད། དགེ་རྒྱས་རྫོང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་ཆེ་བ་གུར་ནས་ཆུང་བ་རང་འཐག་དང་། རྐུབ་སྟེགས། སྒ་ཆས། གྱོན་ཆས་སོགས་དངུལ་དང་ཅ་དངོས་ཀྱང་ཞལ་འདེབས་བརྒྱབ་པ་རེད།

    ཏང་ལོ་40ཟིན་པའི་ཏང་ཡོན་རྒན་གྲས་འགྱུར་མེད་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཇི་ལྟར་འདོན་དགོས་མིན་ཐད་རང་ཉིད་ཀྱི་ངོས་འཛིན་བྱེད་སྟངས་ཤིག་ཡོད་དེ། ཏང་གིས་དཀྲིས་པའི་ལས་འགན“ཧུར་ཐག་སྒྲུབ་པ་དང་། སྔོན་ལ་སྒྲུབ་པ། ཡག་པོ་སྒྲུབ་པ”བཅས་བྱེད་དགོས་པ་དེ་རེད། སྔོན་ཆད་སྔོན་བྱོན་གསར་བརྗེ་བ་ཚོའི་རླབས་ཆེན་མཛད་རྗེས་སྒྲོག་འགྲེལ་བྱེད་པའམ་ཡང་ན་ད་ཆ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” “མངའ་རིས་ཀྱི་སྙིང་སྟོབས”བཅས་སྒྲོག་འགྲེལ་བྱེད་པ་གང་ཞིག་ཡིན་རུང་འགྱུར་མེད་ནི་ཐོག་མཐའ་བར་གསུམ་དུ་གདོང་མཆོང་བྱེད་མཁན་དེ་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། འགྱུར་མེད་ནི་ཀུན་གྱིས་ཁས་ལེན་པའི་སྲིད་ཇུས་སྒྲོག་འགྲེལ་བ་ཞིག་རེད། འབྲོག་ཁུལ་གྱི་གཞི་ཁྱོན་ཆེ་ལ་མང་ཚོགས་གནས་སྡོད་ཧ་ཅང་ཁ་ཐོར་ཡིན་སྟབས། སྲིད་ཇུས་ཀྱི་ཤེས་བྱ་འབྲོག་པ་མང་ཚོགས་དེ་བས་མང་བར་བརྒྱུད་སྤེལ་བྱ་ཆེད། འགྱུར་མེད་ཀྱིས་རྟག་ཏུ་རྐང་ཐང་མར་སྤྱི་ལེ་བཅུ་གྲངས་སྐྱོད་ཀྱི་ཡོད། ལོ་70ཟིན་ལ་ཉེ་བའི་ཁོང་རྟག་ཏུ་གང་སར་སྒྲོག་འགྲེལ་ལ་བསྐྱོད་པས་གཟུགས་པོ་མི་བདེ་བ་ཡོང་གི་ཡོད་མོད། འོན་ཀྱང་ཁོང་གིས་བྱ་བ་དེ་བློས་གཏོང་མ་བྱས་པར་རྟག་ཏུ“འབྲོག་པ་མང་ཚོགས་ཀྱི་ཁྱིམ་ཐག་ཇི་ལྟར་རིང་རུང་ཏང་གི་སྲིད་ཇུས་དང་བཀའ་དྲིན་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་ཀྱི་ཡིན”ཞེས་ཤོད་ཀྱི་ཡོད། འགྱུར་མེད་ཀྱིས་དཀའ་བ་དུ་མ་ཁྱད་དུ་བསད་ནས་སྒྲོག་འགྲེལ་བྱས་པས་མང་ཚོགས་དབུལ་པོ་ཚོས་ཏང་གི་དབུལ་སྒྲོལ་སྲིད་ཇུས་ལ་རྒྱུས་མངའ་ཟབ་པོ་ལོན་ཡོད། དེས་མ་ཟད་འགྱུར་མེད་ཀྱིས་ད་དུང་ཀྲུང་ལུགས་གསོ་རིག་གི་ཤེས་བྱ་དང་གསེར་ཁབ་རྒྱག་ཤེས་ཀྱི་ཡོད་པས། འབྲོག་པ་མང་པོ་ཞིག་རྐང་པ་ན་དུས་ཁོང་འཚོལ་བར་འགྲོ་ཡི་ཡོད། མ་གཞི་རང་ཉིད་ཀྱི་ཁྱིམ་ཚང་དེ་ཙམ་ཕྱུག་པོ་མེད་མོད། འོན་ཀྱང་འགྱུར་མེད་ཀྱིས་གྲོང་མི་ཚོའི་ས་ནས་སྨན་རིན་སྐར་ལི་ཙམ་ཡང་ལེན་གྱི་མེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། འགྱུར་མེད་ཀྱིས་མང་ཚོགས་ལ་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པ་ཕུད། ད་དུང་བསམ་བློའི་གནད་དོན་སེལ་རོགས་བྱེད་པར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། འགྱུར་མེད་ཀྱིས་རྟག་ཏུ“སྒྱིད་ལུགས་བྱེད་པ་ནི་ངོ་ཚ་ཁྲེལ་མེད་ཅིག་རེད། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབད་བརྩོན་བྱས་ན་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ངེས་རེད”ཅེས་ཤོད་ཀྱི་ཡོད། 2017ལོར་འགྱུར་མེད་ཀྱིས་རང་འགུལ་ངང་གྲོང་ཚོར་རེ་འདུན་ཞུ་ཡིག་ཕུལ་ཏེ་རང་ཉིད་ཀྱིས་སྣེ་ཁྲིད་ནས་དབུལ་སྒྲོལ་བྱས་པ་མ་ཟད། གྲོང་ཚོ་ཡོངས་དབུལ་ཞྭ་འཕུད་པར་མིག་དཔེ་ཡང་བསྟན་པ་རེད།

    འགྱུར་མེད་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་བྱས་པ་དང་། ལོ་70ཟིན་ལ་ཉེ་རུང་ཁོང་གིས་སོས་དལ་བག་ཕེབས་ཀྱིས་མི་སྡོད་པར་དེ་ལས་ལྡོག་སྟེ་རྟག་ཏུ་ཕྱིར་གླ་པར་འགྲོ་ཡི་ཡོད། ཁོང་གི་སྣེ་ཁྲིད་འོག་མང་ཚོགས་ཚོར་ཁོམ་པ་དང་ངལ་རྩོལ་ནུས་པ་ཡོད་ཕྱིན་ཚང་མས་ཕྱིར་ཡོང་འབབ་གསོག་པར་སྐྱོད་ཀྱི་ཡོད། སྤྲོ་སྣང་ལྡན་ཞིང་ཧུར་བརྩོན་ཆེ་བ་དང་ལས་ལ་བརྩོན་ཞིང་ཡར་རྒྱས་ཀྱི་བསམ་བློ་ལྡན་པའི་འགྱུར་མེད་ཀྱི་སྙིང་རུས་ལས་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་མཚོན་གྱི་ཡོད་ལ། དེ་ལས་རྒྱ་ཆེའི་མང་ཚོགས་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སེམས་ཤུགས་ཀྱང་འཕེལ་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།