དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་2020ལོའི་ཆེད་དོན་ཚོགས་འདུ་ཐེངས་12པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-09

     ཚེས་5ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་2020ལོའི་ཆེད་དོན་ཚོགས་འདུ་ཐེངས་12པ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་བདུན་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་གྱི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་དབྱེ་ཞིབ་དང་ཕྱོགས་སྡོམ་གནང་བ་དང་སྦྲགས། ཉེ་དུས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས། རིམ་ཁག་སྡེ་ཚན་ཁག་གིས་མིག་སྔའི་དུས་བབ་ལ་དོན་དངོས་དང་མཐུན་པར་དབྱེ་ཞིབ་དང་། གནད་དོན་གྱི་དཀའ་གནད་གནད་འཁེལ་འཚོལ་བ། ཚུགས་གནས་མཐོ་བ་དང་འགན་འཁྲི་འཁུར་བའི་རྣམ་འགྱུར་ལ་བརྟེན་པ། ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས། སེམས་ནུས་ཡོད་རྒུས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་སྤེལ་རིང་གི་བྱ་བ་ཆུང་ཙག་མཐའ་དག་ཡག་པོ་སྒྲུབ་དགོས། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། ཉེ་དུས་ཀྱི་ལས་ཀའི་གཙོ་གནད་དམ་འཛིན་ནན་པོ། ཚད་གཞི་དང་ཡང་ཡང་བསྡུར་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ། དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུག་གི་བསམ་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས། ལེགས་སྐྱེས་འབུལ་འདོད་པའི་འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།