དབུ་ཤོག>ཆེད་སྒྲིག
  • ​ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-08

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་གནད་སྨིན་ཤན་འབྱེད་དང་། གནད་སྨིན་ཇུས་བསྟར། གནད་སྨིན་ལག་བསྟར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ནས་དབུལ་པོ་ཐོན་ཚད་ཐོག་མའི་19.3%ནས་0བར་བཅག་པའི་ཐོག་ནས་ཏང་དང་མི་དམངས་ལ་ཕུལ་བྱུང་གི་གྲུབ་འབྲས་ཕུལ་ཡོད།

    དབུལ་པོའི་གནས་ནས་སྤོས་པ། “དབུལ་པོ་བསྐྱར་ལོག་ཡང་སྐོར་བསྐྱར་སྐོར་གྱི་རྣམ་པ”ལས་ཐར་བ།

    རྒྱ་ཚ་རྫོང་གླིང་མདའ་ཤང་ཀུན་ཁང་གྲོང་ཚོར་རྨོག་རུ་རགས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཟེར། “ཀུན་ཁང”ཟེར་བ་ནི“ཐུན་མོང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དོན་ཡིན”ད་ཆ་གནས་སྤོས་མང་ཚོགས་དེ་ནས་དབུལ་སྒྲོལ་ཐུབ་སྟེ་འབྱོར་འབྲིང་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།

    གནམ་གཤིས་དང་། མཁའ་རླུང་། ས་ཁམས་གནས་ཡུལ་བཅས་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་བྱེད་སྒོ་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་འོག ལྷོ་ཁ་གྲོང་ཁྱེར་གྱི་ས་ཆ་ཁ་ཤས་ལ་ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི་གནས་ཚུལ་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་ནི་གནས་ཚུལ་དེ་ཐག་གཅོད་བྱེད་པའི་ཐབས་ཤེས་ཡག་ཤོས་དེ་ཡིན།

    ཀུན་ཁང་གྲོང་ཚོའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སྐར་མ་དོན་གྲུབ་སྔོན་ཆད་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་རྒྱ་ཚ་རྫོང་ལོག་གླེན་ཤང་གློན་སྨད་གྲོང་ཚོར་སྡོད་ཀྱི་ཡོད། གྲོང་ཚོ་འདི་ཉིད་ལུང་པའི་ཕུ་ལ་གནས་པས་འགྲོ་སྐྱོད་སྟབས་བདེ་མེད་ལ་འཚོ་བའི་ཆ་རྐྱེན་ཡང་ཞན་པོ་ཡོད། དེའི་ཐོག་ཕྱིར་གླ་པ་རྒྱུག་པའི་གོ་སྐབས་ཉུང་ཉུང་ཡིན་པས་དབུལ་ཕོངས་ཀྱི་གནས་ལ་ལུས་ཡོད།

    སྐར་མ་དོན་གྲུབ་དབུལ་པོའི་གནས་ནས་སྤོ་ཐུབ་ཕྱིར། ལོག་གླེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཡུང་ལེའང་གིས་ཤང་སྲིད་གཞུང་གནས་ས་ནས་རི་ཀླུང་མང་པོ་བརྒྱབ་སྟེ་རྐང་ཐང་མར་ཆུ་ཚོད་3བསྐྱོད་རྗེས། གཞི་ནས་ཁོང་གི་ཁྱིམ་དུ་འབྱོར་ནས་བསམ་བློའི་སློབ་གསོ་བརྒྱབ་པ་རེད།

    2017ལོའི་ཟླ་12པར་ཀུན་ཁང་གྲོང་ཚོར་སྤོས་རྗེས། ས་གནས་དེ་གས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་བརྒྱུད་སྐར་མ་དོན་གྲུབ་ལ་ཀྲུང་ལུགས་མ་བྱན་གྱི་དམའ་རིམ་ལས་སྒྲུབ་ཐོབ་ཐང་ལག་ཁྱེར་དང་། ལས་གཏོད་གསོ་སྦྱོང་ཚད་ལོན་ལག་ཁྱེར། ལྗིད་ཐེག་རླངས་འཁོར་གྱི་ལས་སྒྲུབ་ཐོབ་ཐང་ལག་ཁྱེར་བཅས་རག་པ་རེད། དེ་ནས་ཁོང་གིས་ལྗིད་ཐེག་རླངས་འཁོར་གཅིག་ཉོས་ནས་ཁོང་གི་ལས་ཞུགས་ཕུགས་འདུན་དང་དབུལ་སྒྲོལ་ཕུགས་འདུན་འགྲུབ་པ་རེད། “ལྗིད་ཐེག་རླངས་འཁོར་ལས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་འདུག གཞན་ཡང་། ལྗིད་ཐེག་རླངས་འཁོར་གྱི་ལས་ཀ་མེད་དུས་ངས་ཟ་ཁང་ཁག་ཏུ་ལས་མི་བྱེད་པར་འགྲོ་གི་ཡོད། དེ་ལྟར་བྱས་ནས་ཡོང་འབབ་མི་ཉུང་བ་ཞིག་འདུག ཏང་གི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ལས་ང་རང་དབུལ་པོའི་གནས་ལས་སྒྲོལ་ཐུབ་སོང་བས་ཏང་གི་བཀའ་དྲིན་ངས་ནམ་ཡང་བརྗེད་མི་སྲིད”ཅེས་དབུལ་སྒྲོལ་ཐུབ་པའི་སྐར་མ་དོན་གྲུབ་ཀྱིས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བརྗོད་བྱུང་།

    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་དུ་དུད་ཚང་760ཡི་མི་2709སྐར་མ་དོན་གྲུབ་ལྟར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་དབུལ་སྒྲོལ་ཐུབ་ཡོད།

    ཐོན་ལས་སྟོབས་ཆེ་བ། དབུལ་སྒྲོལ་གྱི་རྨང་གཞི་བརྟན་དུ་བཏང་བ།

    2016ལོ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་པ། ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཛུགས་པ། མ་དངུལ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་གཏོང་བ་སོགས་བརྒྱུད་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་ཧུར་ཐག་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གྲོང་ཁྱེར་དེས་ཐོན་ལས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཁྱོན་བསྡོམས་217ལག་བསྟར་བྱས་པ་དང་། རྣམ་གྲངས་206བསྐྲུན་ཟིན་པ། མི་ཁྲི་2.8ལ་དེའི་ཁྲོད་ནས་ཕན་པ་ཐོབ་པ། མི་16850ཐོན་ལས་དབུལ་སྒྲོལ་ཐུབ་ཡོད།

    “དེ་གོང་། ཁྱིམ་གྱི་འབབ་ཁུངས་གཙོ་བོ་ནི་འབྲུ་རིགས་ཡིན། ལོ་གཅིག་དཀའ་ལས་བརྒྱབ་ཀྱང་རང་ཉིད་ཀྱི་འགྲོ་སོང་ཕུད་ན་དངུལ་རྩ་བ་ནས་ལྷག་གི་མི་འདུག ད་ཆ་བོད་ལྗོངས་ཙང་ཚའོ་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སིར་ལས་ཀར་ཕྱིན་རྗེས། ཉིན་རེར་གླ་ཆ་སྒོར་150སྤྲོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་ནས་གསུམ་བར་མང་དུ་འགྲོ་གི་འདུག་པས་འཚོ་བའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག”ཅེས་གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚེ་རིང་པད་མས་བརྗོད་པའི་བོད་ལྗོངས་ཙང་ཚའོ་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སི་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན། རྣམ་གྲངས་དེས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་བྱེ་འགོག་བྱེ་བཅོས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དེ་ནི་གཅིག་གོ་གཉིས་ཆོད་ཅིག་རེད།

    གཞན་ཡང་ཐོན་ལས་རྣམ་གྲངས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ལས་གནས་གསར་སྤེལ་བྱེད་པ་དང་། དབུལ་སྐྱོར་ཞིང་པ་ལས་མིའི་མཉམ་འབྲེལ་རུ་ཁག་འཛུགས་པ། ངལ་ནུས་ཕྱིར་གཏོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་མང་ཚོགས་དབུལ་པོར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ན་ནིང་ལོ་མཇུག་བར། གྲོང་ཁྱེར་དེར་མི་16149ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད།

    སློབ་གསོ་སྟོབས་ཆེ་བ། དབུལ་པོ་ཐོན་རྐྱེན་གཙང་མ་བསལ་བ།

    དབུལ་པོ་རྩ་གཅོད་བྱེད་པར་སྔོན་ལ་ཡིད་རྨོངས་སེལ་དགོས། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོའི་དབུལ་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། མིག་སྔར་གྲོང་ཁྱེར་དེའི་རིམ་པ་འདིའི་ནོར་སྲིད་ཀྱིས་ལོ་ལྟར་སློབ་གསོར་མ་དངུལ་བཏང་བའི་བསྡུར་གྲངས་25%ཟིན་པ་དང་བོད་སྐྱོར་མ་དངུལ་ནས་སློབ་གསོར་མ་དངུལ་བཏང་བའི་བསྡུར་གྲངས་30%ཟིན་ཡོད། གྲོང་ཁྱེར་དེས་2017ལོ་ནས《ལྷོ་ཁ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་པར་རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་ལག་བསྟར་ཞིབ་སྲོལ》བཀྲམ་ནས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱས་རྗེས་ཀྱི་སེམས་ཁྲལ་ཡོངས་སུ་བསལ་བ་རེད། 2016ལོ་ཚུན་གྲོང་ཁྱེར་དེས་ཡིག་ཚགས་དང་གཱ་བཟོས་པ་དང་གྲོང་ཚོའི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་གི་སློབ་ཆེན་སློབ་མར་སློབ་གསོའི་ཁ་གསབ་མ་དངུལ་སྒོར་ཁྲི་8240.69སྤྲད་པ་དང་། ལྷོ་ཁ་ནས་ཡིན་པའི་སློབ་ཆེན་སློབ་མའི་སློབ་སྐྱོར་སྲིད་ཇུས་མ་དངུལ་སྒོར་ཁྲི་26934.95དོན་འཁྱོལ་བྱས་པ། སློབ་ཆེན་སློབ་མ་མི་ཐེངས་36049ལ་སློབ་སྐྱོར་རོགས་དངུལ་སྤྲད་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་ཁྱེར་དེས་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི“ཁག་བཅུ་མཐོར་གཏོང་ལས་གྲྭའི”རྣམ་གྲངས་206ལག་བསྟར་བྱས་ཡོད། “ཁག་བཅུ་མཐོར་གཏོང་ལས་གྲྭའི”སྐུལ་འདེད་འོག་གྲོང་ཁྱེར་དེས་2017ལོར་ལྗོངས་ཡོངས་ནས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་དམིགས་ཚད་ཐོག་མར་མངོན་འགྱུར་ཐུབ་ཡོད། མིག་སྔའི་བར་གྲོང་ཁྱེར་དེས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་93.5%དང་། དམའ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད་102.6% སློབ་ཆུང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད་100% སློབ་ཞུགས་གོང་གི་ལོ་གསུམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་87.63% འོས་འགན་སློབ་གསོའི་དུས་མཚམས་བརྟན་དུ་སོང་ཚད་99.98% འོས་འགན་སློབ་གསོའི་དུས་མཚམས་སུ་དབང་པོ་སྐྱོན་ཅན་བྱིས་པ་ལོ་ཆུང་སློབ་ཞུགས་བྱེད་ཚད་85%བཅས་ཟིན་ཡོད། “མིག་སྔར་ལྷོ་ཁ་གྲོང་ཁྱེར་ལ་སློབ་གསོས་རྐྱེན་པས་དབུལ་པོ་ཆགས་པའི་ཁྱིམ་ཚང་གཅིག་ཀྱང་ཐོན་མེད་ལ། དབུལ་པོས་རྐྱེན་པས་སློབ་མཚམས་ཆད་པའི་སློབ་མ་གཅིག་ཀྱང་བྱུང་མེད”ཅེས་ལྷོ་ཁ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥུའུ་ཁྲེང་ཙུང་གིས་གསར་འགོད་པར་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།