དབུ་ཤོག>ཆེད་སྒྲིག
  • ​ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་ཕྱོགས་ཡོངས་ལ་ཁྱབ་པ་དང་ཞིབ་ཕྲ་ཅན་དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-08

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཁྲོམ་ཆེན་ཁྲོམ་གཞུང་སྡེ་ཁུལ་གྲོང་ལྷན་དུ་སྐྱོད་སྐབས་ཁོངས་གཏོགས་ཁུལ་གྱི་དྲ་མིག་བཀོད་སྒྲིག་རི་མོ་དང་དྲ་མིག་ཁག་གི་ལས་འགན་གཅིག་ལྕོགས་འཁུར་མཁན་མི་སྣའི་མིང་དང་ཁ་པར་ཨང་གྲངས་སོགས་ཆ་འཕྲིན་བཀོད་པའི་དྲ་མིག་ཅན་གྱི་དོ་དམ་སྤྱི་བསྒྲགས་སྒྲོམ་མིག་ལམ་དུ་འཆར།

    “ང་ཚོས་ཆུས་དང་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཡུག་འགན་གཙང་ལེན་པ་དང་། གྲོང་ཁྱེར་དོ་དམ་གྱི་ཁྲིམས་བསྟར་རུ་འབྲིང་དང་དེ་བཞིན། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་སྡེ་ཁུལ་འགན་གཙང་ལེན་པ། ཁྲིམས་བསྟར་མི་སྣས་ལམ་དུམ་འགན་གཙང་ལེན་པ་བཅས་ཀྱི་དོ་དམ་བྱེད་ཐབས་སྤྱད་དེ་དོ་དམ་ཕྱོགས་ཡོངས་ལ་ཁྱབ་པ་དང་ཞིབ་ཚགས་སུ་བཏང་སྟེ་ཁུག་ཆ་མ་ལུས་པ་དང་གསང་མ་ལུས་པ་བྱས་ཡོད”ཅེས་ཁྲོམ་ཆེན་ཁྲོམ་གཞུང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་རྡོ་རྗེས་གསར་འགོད་པར་དེ་ལྟར་བརྗོད་བྱུང་། ད་ཕན་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་དྲ་མིག་ཅན་དང་། ཞིབ་ཚགས་ཅན། བུ་རྫི་རྣམ་པ་བཅས་ཀྱི་དོ་དམ་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་སྟེ། གྲོང་ཁྱེར་འཆར་འགོད་ཁུལ་གྱི་དོ་དམ་ཁྱབ་ཁོངས་དེ་ཡུག་ཁུལ་དང་། སྡེ་ཁུལ། ལམ་དུམ་བཅས་ཡུག་ཁུལ་7ལ་དབྱེ་བ་མ་ཟད། སྤྱི་བསྒྲགས་སྒྲོམ་25བཙུགས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁོར་ཡུག་དང་མི་སྡོད་ཁོར་ཡུག་ལེགས་སུ་བཏང་ཡོད།

    འདི་ནི་ཆབ་མདོ་གྲོང་ཁྱེར་གྱིས་སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་ལས་དོན་ལག་བསྟར་གྱི་ཆ་ཤས་ཤིག་ཡིན། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་པ་དང་རིམ་བཞིན་སྐུལ་འདེད་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ《གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཆ་འཕྲིན་ལས་སྟེགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་སྐོར་གྱི་ལས་དོན་མ་ལག་ལག་བསྟར་ཇུས་གཞི》སོགས་བཟོས་པ་མ་ཟད། ཕྱོགས་བསྡུས་བཅོས་སྐྱོང་གི“9+X”མ་ལག་གི་སྒྲོམ་གཞི་དང་“མི་དང་། ས་ཆ། དོན་དངོས། དངོས་པོ། བརྩེ་བ། རྩ་འཛུགས”བཅས་རྒྱུ་རྐྱེན་དྲུག་ལ་གཞིགས་པ་དང་། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཆ་འཕྲིན་སྟེགས་བུ་འདེགས་སྐྱོར་དུ་བྱེད་པ། རིག་ལྡན་ཆབ་མདོའི“ཁ་གསལ་འདུ་འགོད”རྣམ་གྲངས་འཛུགས་སྐྲུན་གོ་སྐབས་སུ་བྱེད་པ་བཅས་བྱས་ནས་འགན་ནུས་སྡེ་ཚན་ཁག་གི་ལས་ཀའི་གཙོ་གནད་གཤམ་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཞབས་ཞུ་མཉམ་འགུལ་དང་། གནད་དོན་མཉམ་དུ་ཐག་གཅོད། འགལ་ཟླ་མཉམ་དུ་སེལ་བ། བདེ་འཇགས་མཉམ་དུ་སྔོན་འགོག་བཅས་བྱས་ཏེ། གནད་དོན་གཞི་རིམ་དུ་ཐག་གཅོད་དང་། འགལ་ཟླ་གཞི་རིམ་དུ་སེལ་བ། སྒོ་རྩ་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བ། གྲོང་མིའི་རེ་ཞུ་དང་ལེན་བཅས་ཐུབ་པ་བྱས་པ་རེད།

    སྔོན་ལ་གཞི་རིམ་སྲིད་ཁྲིམས་སྡེ་ཚན་གྱི་སྟོབས་ཤུགས་བསྡུ་སྒྲིལ་དང་། རྗེས་སུ་འགན་ནུས་ཚན་པ་གཞན(སྡེ་ཚན)ཞུགས་རྒྱུར་སྐུལ་འདེད་གཏོང་བའི་རྩ་དོན་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་གཞི་རྟེན་དུ་བྱས་ཏེ་ཤང་དང་གྲོང་རྡལ་གྱི་མངགས་གཏོང་ཁང་དང་། ཁྲིམས་ར། ཁྲིམས་འཛིན་སུའོ། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས” གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི་ཉེན་རྟོག་ལས་སྒྲུབ་ཁང་། བདེ་སྲུང་། འདུམ་འགྲིག་རྩ་འཛུགས། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་དང་། དེ་བཞིན་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ལས་བགོས་དང་འགན་འཁྲི་ཡོད་པ་དང་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་ངང་མཉམ་དུ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཆགས་པར་བྱས་ཡོད།

    ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོར་ཚོགས་ཆུང་ཚན་པར་བྱས་ནས་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱ་རྒྱུ་དེ་ལས་དོན་ཁག་ཐག་གཅོད་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་བའི་ཐབས་མཆོག་ལ་གྱུར་ཞིང་། གྲོང་ཚོས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་འགན་འཁུར་བ་དང་། ཚོགས་ཆུང་ཁག་གི་ཙུའུ་ཀྲང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་དྲ་མིག་ཅན་གྱི་བྱེད་པོར་བྱས་ནས་གྲོང་ཚོ་རིམ་པའི་ལས་དོན་དོ་དམ་དང་། ཆ་འཕྲིན་བརྒྱུད་སྤྲོད། བརྟན་ལྷིང་སྲུང་སྐྱོང་སོགས་གཞི་གཅིག་ཅན་གྱི་གྲོང་ཚོ་རིམ་པའི་དྲ་མིག་ཅན་གྱི་བཅོས་སྐྱོང་མ་ལག་ཅིག་ཆགས་པར་བྱས་ཡོད། “གཞི་རིམ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཆ་འཕྲིན་ལས་སྟེགས་དང་ལས་དོན་མི་སྣའི་ལག་ཐོགས་ཁ་པར་གྱི་APPནང་ནས་གྲོང་ཚོའི(གྲོང་མི)ལས་བྱེད་པ་དང་། ‘གཉིས་ལྡན་དུད་སྦྲེལ’གྱི་སྤྱི་མི། ཏང་ཡོན། གྲོང་མི་བཅས་ཀྱིས་སྤྱི་ཚོགས་བརྟན་ལྷིང་དང་ཞི་མཐུན་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཁ་གསལ་མཐོང་རྒྱུ་ཡོད་ལ། དྲ་མིག་ནང་གི་གཞི་རྩའི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་ཐུབ་པ་མ་ཟད། དུས་ཐོག་ཏུ་མང་ཚོགས་ཀྱི་བསམ་འཆར་དང་། གྲོས་གཞི། དགོས་མཁོ་བཅས་ཐག་གཅོད་ཐུབ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི‘མཐའ་མའི་འགག་གནད’ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་རྒྱབ་རི་གྲོང་ཚོའི་ཧྲུའུ་ཅི་དང་པོ་བྱམས་པ་ཆོས་གྲགས་ཀྱིས་བརྗོད་བྱུང་།

    རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཆ་འཕྲིན་ལས་སྟེགས་ཀྱི་བྱེད་ནུས་འགན་འཁྲི་ཁ་གསལ་བཟོས་པ་དང་འབྲེལ། སྲིད་འཛིན་དོ་དམ་ས་ཁོངས་དང་ད་ཡོད་ལས་ཀའི་སྒྲིག་སྲོལ་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་གྲོང་ཁྱེར་རིམ་པའི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བཀོད་འདོམས་ལྟ་སྐུལ་ལྟེ་གནས་བཙུགས་པ་དང་། རྫོང་དང་ཆུས་11གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རྫོང་དང་ཆུས་རིམ་པའི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བཀོད་འདོམས་བཀོད་གཏོང་ལྟེ་གནས་བཙུགས་པ། ཤང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཡན་ལག་ལྟེ་གནས་བཙུགས་ཏེ། ཤང(གྲོང་རྡལ)དང་། གྲོང་ཚོ(གྲོང་ལྷན)གྲོང་ཚོ(གྲོང་མི)བཅས་ཀྱི་ཚོགས་ཆུང་རིམ་གསུམ་དྲ་བ་ཞིབ་ཚགས་ཕྱེ་ནས་གྲོང་ཚོ(གྲོང་ལྷན)ཕྱོགས་བསྡུས་བཅོས་སྐྱོང་རྩ་འཛུགས་སུ་སྣུར་སྲིང་དང་སྟོབས་ཤུགས་ཁ་གསབ་བྱེད་རྒྱུ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་གྱི་དྲ་མིག་ལས་དོན་ལ་ཆེད་མིས་དམ་འཛིན་དང་ཆེད་མིས་དོ་དམ་དང་ལས་ཀའི་གནས་ཚུལ་རྟག་ཏུ་དྲ་ཐོག་ནས་མངོན་པའི་མཉམ་འགུལ་ལས་ཀའི་ལམ་སྲོལ་མངོན་འགྱུར་བྱས་ཡོད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་ཞིང་འབྲོག་ཁུལ་དུ་གྲོང་མི་ཨུ་ལྷན་ཚན་པའི་དྲ་མིག་166དང་སྲིད་འཛིན་གྲོང་ཚོའི་ཚན་པའི་དྲ་མིག་1997ལ་ཕྱེ་ཡོད་ལ། གྲོང་ཚོ(གྲོང་ལྷན)དྲ་རྒྱའི་ཁོངས་མི་16600བཀོད་སྒྲིག་བྱས་པའི་ནང་འགན་གཅིག་ལྕོགས་འཁུར་མཁན་ལས་བྱེད་པས་68.17%དང་ཞིང་འབྲོག་པའི་ཏང་ཡོན་གྱིས་21.69%བཟུང་ཡོད། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དྲ་མིག་ཅན་གྱི་ཆ་འཕྲིན་ལས་སྟེགས་ཀྱིས་ཆ་འཕྲིན་ཁྲི་4ལྷག་ཙམ་བསྡུ་རུབ་བྱས་ཡོད་པ་དང་། དྲ་མིག་ཐོག་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་ཚད་95%ཡན་ཟིན་ཏེ་དོན་ཆུང་གྲོང་ཚོས་ཐག་གཅོད་དང་དོན་ཆེན་གྲོང་རྡལ་གྱིས་ཐག་གཅོད་ཐུབ་ཀྱི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།