དབུ་ཤོག>ཆེད་སྒྲིག
  • སྨར་ཁམས་རྫོང་གིས“དྲ་མིག+གཉིས་ལྡན་དུད་སྦྲེལ”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-08

    ཉེ་བའི་ལོ་ཤས་རིང་སྨར་ཁམས་རྫོང་གིས“དྲ་མིག+གཉིས་ལྡན་དུད་སྦྲེལ”བྱ་ཐབས་སུ་བྱས་ནས་དྲ་མིག་ཅན་གྱི་བཅོས་སྒྲིག་བྱེད་སྟངས་བཏོད་དེ་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་དང་། འགལ་ཟླ་དང་རྩོད་གཞིའི་སྣ་མང་ཅན་གྱི་ཐག་གཅོད་མ་ལག་འཛུགས་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་སྤེལ་བྱེད་པར་སྒུལ་ནུས་གསར་པ་མཁོ་འདོན་བྱས་ཡོད།

    དྲ་མིག་ཅན་གྱི་དོ་དམ་ཁྱབ་སྤེལ་ཧུར་ཐག་གཏོང་ཆེད། སྨར་ཁམས་རྫོང་གིས“གཉིས་ལྡན་དུད་སྦྲེལ”གྱི་ཚན་པ་1942གྲོང་ཚོ(གྲོང་ལྷན)202ཀྱི་དྲ་མིག་ནང་བཅུག་ནས་བརྟན་ལྷིང་སྲུང་སྐྱོང་དང་། དུས་བདེ་འཛུགས་སྐྲུན། འབབ་འཕར་ཕྱུག་འགྱུར་སོགས་ཀྱི་ལས་འགན་ཞིབ་ཕྲ་བཟོས་པ་དང་ཞབས་ཞུ་ཞིབ་ཚགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། 

    རྫོང་ཡོངས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་སྣང་ཆེན་བྱས་ཏེ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་དྲ་མིག་ཅན་གྱི་དོ་དམ་ལ་ཡོངས་སུ་ཁྱབ་པའི་དམར་ཐིག་ཞིག་ལ་བརྩིས་པ་དང་དུད་སྦྲེལ་ཏང་ཚོགས་ཆུང་520ལྷག་ཙམ་གྱིས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལས་དོན་ལ་ཞིབ་ཕྲའི་མཛུབ་ཁྲིད་ཀྱིས་གཞི་རིམ་བཅོས་སྐྱོང་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན་བྱས་ཡོད། དྲ་མིག་ལས་དོན་པས་ད་དུང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཏང་གི་འཐབ་ཇུས་དང་བྱེད་ཕྱོགས་སྲིད་ཇུས་དང་དེ་བཞིན་དམངས་ཕན་དམངས་བདེའི་སྲིད་ཇུས་ཁག་སྒྲོག་འགྲེལ་གྱི་འགན་འཁུར་ཏེ་སྤྱི་ཚོགས་བཅོས་སྐྱོང་དེ“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི”བར་དང་། སྤྱི་ཚོགས་ཀྱི་གནས་བབ་རྒྱུན་མཐུད་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་འགག་གནད་སེལ་བ་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་འགན་ནུས་ཆེ་རུ་གཏོང་ཆེད། སྨར་ཁམས་རྫོང་གིས་གོ་རིམ་ལྡན་པའི་ངང་དྲ་མིག་ལས་དོན་པ་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་སོགས་གཞི་རིམ་གྱི་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གཙོ་གནད་མི་སྣར་སློབ་གསོ་དང་དོ་དམ་ཚོད་འཛིན་དང་། འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བ། དམངས་འཚོའི་ཆ་འཕྲིན་འཚོལ་བསྡུ་དང་གོང་ཞུ་སོགས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། དུད་སྦྲེལ་ཚན་པའི་བཟའ་བཅའ་དང་སྨན་རྫས་དང་། མེ་དང་གློག་བེད་སྤྱོད། འགྲིམ་འགྲུལ་སོགས་ཐད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ། ལས་འཛོལ་སྣ་ཚོགས་ཐོན་རྒྱུ་སྔོན་འགོག་དང་བཀག་འགོག་བྱས་པ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་གོ་རིམ་ལྡན་པའི་ངང་འགན་ལེན་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།