འདི་ལོ་ཚུན་དུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་རྒྱལ་ཁབ་གློག་དྲ་ཀུང་སིའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་དཀའ་སྤྱད་དངོས་སྒྲུབ་བྱས་པ་མ་ཟད། ལོ་འཁོར་དུ་གཙོ་གནད་གློག་དྲ་འཛུགས་སྐྲུན་གྱི་ལས་འགན་མི་འགྱུར་བ་དང་། མྱུར་ཚད་མི་འགྱུར་བ། བླང་བྱ་མི་འགྱུར་བ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ནུས་ཤུགས་ཡོད་རྒུས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་ཆེད་གློག་ཤུགས་ཀྱི་འགན་ལེན་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ་མ་ཟད། ཁག་དབྱེ་དང་གོ་རིམ་ལྡན་པའི་ངང་ལས་གྲྭའི་ལས་བྱེད་ལས་བཟོ་ཁྲི་གཅིག་ཙམ་བདེ་འཇགས་ངང་བོད་དུ་ཕྱིར་ལོག་དང་བདེ་ཐང་ངང་ལས་གནས་ཐོག་འབྱོར་རྒྱུ་སྒྲིག་འཛུགས་བྱས་ཏེ། གློག་དྲ་འཛུགས་སྐྲུན་རྣམ་གྲངས་430དུས་བཀག་ལྟར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ་བྱས་ཡོད། ཕྱོགས་ཡོངས་ནས་གཙོ་གནད་ལས་གྲྭ་བསྐྲུན་མགྱོགས་སུ་བཏང་བ་དང་འབྲེལ། མ་དངུལ་སྒོར་དུང་ཕྱུར་97.75བཏང་ནས་དུས་བཀག་ལྟར་རྒྱལ་ཡོངས་ལས་གྲྭའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་བའི་བོད་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”དང་མཐར་ཐུག་གྲོང་ཚོའི་གློག་དྲ་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་རྫོང་69ཡི་ཤང(གྲོང་རྡལ)350དང་། གྲོང་ཚོ་4860 དུད་ཚང་ཁྲི་23བཅས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་67.2ལ་གློག་འདང་ངེས་བེད་སྤྱོད་རྒྱུ་བྱུང་ཡོད་པ་རེད།