དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་དངོས་སུ་བརྒྱུད་མྱོང་མཁན་གྱིས་དབུལ་སྒྲོལ་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-04

    དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ། ཟླ་10ཚེས་16ཉིན་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དང་། འཕྱོངས་རྒྱས་རྫོང་། ལྷུན་རྩེ་རྫོང་། རྒྱ་ཚ་རྫོང་། ཟངས་རི་རྫོང་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དངོས་སུ་བརྒྱུད་མྱོང་མཁན་5ཡིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་མང་ཚོགས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་བཤད་པ་རེད། ཁོང་ཚོས་རང་གི་མྱོང་བ་དངོས་གླེང་ནས་མང་ཚོགས་ལ་དད་སེམས་བརྟན་པོའི་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་བསལ་ནས་ཚན་རིག་གོང་དུ་བཀུར་བ་དང་ལས་ལ་བརྩོན་པའི་ལག་ཟུང་གིས་བདེ་སྐྱིད་འཚོ་བ་གཏོད་དགོས་པའི་སློབ་གསོ་བརྒྱབ་པ་རེད།

    འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་ཡུལ་མི་ཉི་མ་ཆོས་འཛོམས་ཀྱིས་དེ་གའི་མང་ཚོགས་རྣམས་ལ་ཏང་དང་སྲིད་གཞུང་གི་རོགས་རམ་འོག་རང་ཉིད་ཀྱིས་འཕྱོངས་རྒྱས་རྫོང་ཕུན་རབ་རྩམ་པ་ཚད་ཡོད་ཀུང་སི་བཙུགས་པའི་བརྒྱུད་རིམ་བཤད་ཅིང་། ཁོང་གིས“མིག་སྔར་ཀུང་སིའི་ནང་མང་ཚོགས་དབུལ་པོ་9ལས་ཞུགས་ཐུབ་ཡོད། ངས་ཡི་གེ་མི་ཤེས་པ་དང་། དེ་སྔོན་གྱི་བུ་རྫི་ཞིག་ནས་ད་ཆ་སྦྱིན་བདག་ཏུ་གྱུར་སོང་། ཚང་མས་ཀྱང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ཚེ་སྐྱིད་པའི་འཚོ་བ་གཏོད་ཐུབ་པར་ང་ལ་ཡིད་ཆེས་ཡོད”ཅེས་བཤད། 

    2017ལོའི་ལོ་མཇུག་ཏུ་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས་རྒྱལ་མཚན་གྱི་དུད་ཚང་གྲ་ནང་རྫོང་དཀྱིལ་རུ་ཤང་ནས་བསམ་ཡས་སྡེ་ཁུལ་དུ་སྤོས་ཡོད། ཁོང་གིས“སྔོན་ཆད་ལུང་གཞུང་དུ་འཚོ་བ་སྐྱེལ་གྱི་ཡོད་པས་ས་ཞིང་ཉུང་བ་དང་འབྲུ་རིགས་ཀྱི་ཐོན་འབབ་ཀྱང་མང་པོ་མེད། ཕྱི་རོལ་ཏུ་གླ་པ་རྒྱུག་པའི་གོ་སྐབས་ཀྱང་ཉུང་བས་འཚོ་བ་སྐྱོ་པོ་ཡོད། བསམ་ཡས་སྡེ་ཁུལ་དུ་སྤོས་རྗེས་གང་ས་ཅི་ཐད་ལ་འགྱུར་ལྡོག་བྱུང་སོང་། ཕྱིར་གླ་པ་རྒྱུག་ན་ཧ་ཅང་སྟབས་བདེ་བ་དང་། ཡོང་འབབ་ཀྱང་མང་དུ་སོང་ནས་དབུལ་སྒྲོལ་བྱུང་བ་མ་ཟད་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད། དང་ཐོག་ང་ད་དུང་གནས་སྤོས་བྱེད་འདོད་མེད་ཀྱང་། ད་ཆ་བསམས་དུས་གནས་སྤོས་བྱས་པ་ཡག་པོ་བྱུང་འདུག”ཅེས་བཤད། 

    ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་ཡེར་པ་གྲོང་ཚོའི་ཡུལ་མི་ཚུལ་ཁྲིམས་རྒྱ་མཚོའི་མིག་གཡོན་པ་ཧ་ལམ་ལོང་ཡོད་ཀྱང་། ཡུལ་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་སྐུལ་ལྕག་འོག“གྲོང་ཚོར་གསོ་སྦྱོང་སྤེལ་བ”བརྒྱུད་ཁོང་གིས་ཁ་ལག་བཟོ་སྟངས་སྦྱངས་ཏེ་ད་ཆ་བོད་ཟས་ཁང་དུ་མ་བྱན་བྱས་ནས་ཟླ་རེར་གླ་ཆ་སྒོར་6000ལྷག་རག་གི་ཡོད། ཁོང་དབང་པོ་སྐྱོན་ཅན་ཞིག་ཡིན་ཡང་བློ་སྟོབས་ཆེ་བའི་དབུལ་སྒྲོལ་གཏམ་རྒྱུད་ལས་དེ་གའི་མི་ཀུན་སེམས་འགུལ་ཐེབས། 

    ཉེ་བའི་ལོ་ཤས་རིང་། གྲ་ནང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་ཏེ་བསམ་ཡས་སྡེ་ཁུལ་གྱི་གནས་སྤོས་མང་ཚོགས་ཀྱིས་ཏང་གི་སྣེ་ཁྲིད་འོག་དབུལ་སྒྲོལ་ལ་ཧུར་ཐག་གཞོལ་བ་དང་འབྱོར་འབྲིང་ཕྱོགས་སུ་ཤུགས་ཆེན་བསྐྱོད་པར་བརྟེན། གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་དངོས་འབྲེལ་མངོན་འགྱུར་ཐུབ་ཡོད། སྡེ་ཁུལ་དེའི་གནས་སྤོས་ཡུལ་མི་འཆི་མེད་མཚོ་སྐྱིད་ནང་མི་5པོ་གྲ་ནང་རྫོང་དཀྱིལ་རུ་ཤང་ནས་བསམ་ཡས་སྡེ་ཁུལ་དུ་སྤོས་རྗེས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཀ་རག་ཡོད། ཁོང་གིས“ང་དང་བཟའ་ཟླས་ཞིང་དལ་གྱི་སྐབས་ཤིས་ཕུ་ཞིང་ལས་ཐོན་ལས་གླིང་དུ་གླ་པ་རྒྱུག་གི་ཡོད་པ་དང་། ཉིན་རེར་གླ་ཆ་སྒོར་130རག་ཐུབ། ལོ་གཅིག་གི་རིང་ཡོང་འབབ་བསྡོམས་སྒོར་ཁྲི་ལྔ་དྲུག་ཡོད་པས་འཚོ་བ་ཡང་སྔོན་ཆད་ལས་ཕྱུག་པོ་ཆགས་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།