ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྦྲ་ཆེན་རྫོང་གིས་མི་འབོར་དབུལ་པོ་སྤུས་ཚད་ལེགས་པའི་དབུལ་སྒྲོལ་ལ་དམིགས་ཏེ། “དོན་གནད་ལྔར་དམ་འཛིན་གྱིས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི”ལས་དོན་གྱི་བསམ་ཕྱོགས་སྤྱད་དེ་སྦྲ་ཆེན་གྱི་དོན་དངོས་དང་མཐུན་པའི་དབུལ་སྒྲོལ་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། འགོ་ཁྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་། མ་དངུལ་གཏོང་ཤུགས། ཕྱི་རོལ་གྱི་སྟོབས་ཤུགས། ནང་གནས་སྒུལ་ཤུགས། གསོན་ཤུཌ་འཕེལ་བ་བཅས“ཤུགས་ལྔ་མཉམ་འདོན”གྱིས་དབུལ་སྐྱོར་ལས་དོན་གྱི་ཕན་འབྲས་སྔར་བས་ཆེ་རུ་བཏང་བ་རེད།
ལོ་5ཡི་རིང་། སྦྲ་ཆེན་རྫོང་གིས་རིམ་རྩིས་བྱས་ན་གྲོང་ཚོ་དབུལ་པོ་156དབུལ་སྒྲོལ་བྱས་པ་དང་། དུད་ཚང་2805ཡི་མི་12924དབུལ་སྒྲོལ་བརྟན་པོ་བྱས་པས། རྫོང་ཡོངས་སུ་ཕྱོགས་བསྡུས་དབུལ་པོ་ཐོན་ཚད་2015ལོའི་ལོ་མཇུག་གི་21.68%ནས་ད་ཆའི་ཀླད་ཀོར་བར་ཆག་པ་རེད།
རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱོད་འཐུས་རང་བཞིན་གྱི་ཇུས་གཞི་བཟོས་པ།
སྦྲ་ཆེན་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པའི་རིམ་གསུམ་མཉམ་སྒུལ་དང་མཉམ་ཤུགས་རོགས་སྐྱོར་གྱི་བྱ་ཐབས་སྤྱད་དེ། སྔ་རྗེས་སུ་མི་ཐེངས་559གྲོང་ཚོའི་ཧྲུའུ་ཅི་དང་པོར་འདེམས་གཏོང་བྱས་པ་དང་ལས་བྱེད་པ་མི་ཐེངས་1898གྲོང་སྡོད་བྱེད་པར་མངགས་པ་རེད། རིམ་པ་གསུམ་པའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་རྣམ་པ་གཏན་འཁེལ་བྱས་ཏེ་རྫོང་རིམ་པའི་ལས་བྱེད་པས་ཤང་འགན་གཙང་ལེན་པ་དང་། ཁོའོ་རིམ་པའི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ། ལས་བྱེད་པ་དཀྱུས་མས་དུད་ཚང་འགན་གཙང་ལེན་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་ལེན་ནན་ཏན་བསྟར་ནས་དབུལ་སྐྱོར་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
སྔ་རྗེས་སུ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་26དང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་ཐེངས་75འཚོགས་པ་དང་། ཡིག་ཆ་གལ་ཆེན་རབ་དང་རིམ་པ་བཟོས་ཏེ་བཏོན་ནས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྩེ་རིམ་ཇུས་འགོད་བྱས་པ་དང་འབྲེལ། ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱེད་པའི་འཛད་མེད་སྟོབས་ཤུཌ་ཀྱང་གཅིག་ཏུ་བསྒྲིལ་ཡོད།
“321”གི་ཆ་སྒྲིག་དབུལ་སྐྱོར་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་པས་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་སྐྱོར་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་རེད།
བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་གོང་རིམ་གྱི་སྲིད་ཇུས་ལག་ལེན་ནན་ཏན་བསྟར་བ།
སྦྲ་ཆེན་རྫོང་གིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟེ་བའི་འདེགས་སྐྱོར་ལ་བརྩིས་ཤིང་། 2016ལོ་ནས་2019ལོ་བར་རྒྱལ་ཁབ་ཀྱི་མ་འཇོག་ཐོན་ལས་རྣམ་གྲངས་22ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.4བཏང་བས་ཁེ་བཟང་སྒོར་ཁྲི་1742.22བྱུང་བ་དང་མང་ཚོགས་26225ལ་ཕན་པ་ཐོབ་ཡོད།
མི་འབོར་དབུལ་པོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་འདུ་འགོད་ལག་ལེན་བསྟར་ཞིང་། མིག་སྔར་རྫོང་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་རྣམ་གྲངས་ཀྱི་དུད་ཚང་604ཚང་མ་ལས་མཇུག་འགྲིལ་ནས་སྤོས་ཟིན་པ་རེད།
སྣོད་བཅུད་ཁ་གསབ་ལག་ལེན་བསྟར་བ་བརྒྱུད་མི་དང་། ལས་གནས། འགན་འཁྲི་བཅས་གཏན་འཁེལ་བྱས་ཤིང་། 2016ལོ་ཚུན་དུ་རྫོང་ཡོངས་ཀྱིས་ཁྱོན་མི་ཐེངས་39666ལ་སྣོད་བཅུད་ལས་གནས་བཀོད་སྒྲིག་བྱས་པ་དང་། མ་དངུལ་སྒོར་ཁྲི་10935.65བཏང་སྟེ། ཞིང་འབྲོག་མང་ཚོགས་ལ“སྣོད་བཅུད་ཀྱི་ཡོང་འབབ”རག་ཐབས་བྱས་ཡོད།
འོས་འགན་སློབ་གསོའི་འགན་ལེན་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། 2016ལོ་ནས་བཟུང་། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བ་677ལ་རོགས་དངུལ་སྤྲད་པ་དང་། སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་རོགས་དངུལ་སྒོར་ཁྲི་572.59སྤྲད་པ། ཁྱིམ་ཚང་དབུལ་པོའི་སློབ་མར་རོགས་སྐྱོར་དང་དབང་པོ་སྐྱོན་ཅན་གྱི་སློབ་ལོ་ལོན་པའི་བྱིས་པར“སྒོ་རྩར་སློབ་ཚན་ཁྲིད་པ”སོགས་ཀྱི་བྱེད་སྒོ་སྤེལ་བ་བཅས་ལ་བརྟེན་ནས། འོས་འགན་སློབ་གསོའི་དུས་མཚམས་སུ“སློབ་གྲྭར་འགྲོ་མཚམས་མི་ཆད་པ”དང་། འོས་འགན་སློབ་གསོའི་སློབ་ཞུགས་བྱེད་ཚད་100%ཟིན་པ། ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གི་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་100%ཟིན་ཡོད་པ་རེད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཤིང་། སྦྲ་ཆེན་རྫོང་གིས་སྲིད་འཛིན་གྲོང་ཚོར་ཨར་འདམ་ལམ་མམ་ཡང་ན་བྱེ་རྡོའི་ལམ་ཤར་གཏོང་བྱས་པས་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་ཉེན་ཡོད་སྡོད་ཁང་1616སྒྱུར་བཀོད་བྱས་པ་དང་། བདེ་འཇགས་འཐུང་ཆུ་འགན་ལེན་བྱེད་ཚད་100%ཟིན་ཡོད་པ་རེད།
རྒྱུན་མཐུད་སྲ་བརྟན་མཐོར་གཏོང་བྱས་ནས་དབུལ་པོ་རང་ལོག་འགོག་པའི་ལས་ཀའི་ལམ་སྲོལ་བཙུགས་པ།
ནག་ཆུ་གྲོང་ཁྱེར་གྱི“གྲལ་བཤེར་ཆེ་མོ་དང་། དག་ཐེར་ཆེ་མོ། མཐོར་གཏོང་ཆེ་མོ། ལྟ་བཤེར་ཆེ་མོ། ཕྱོགས་སྡོམ་ཆེ་མོ”བཅས་ཀྱི་སྲ་བརྟན་མཐོར་གཏོང་གི་ལས་ཀའི་སྤྱིའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། སྦྲ་ཆེན་རྫོང་གིས་དོན་དངོས་དང་ཟུང་འབྲེལ་གྱིས“དམངས་ཀྱི་གནས་ཚུལ་འདྲི་བ་དང་། དམངས་ཀྱི་དོགས་གནད་སེལ་བ། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་གཅིག་ཏུ་སྒྲིལ་བ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་བཏང་བ་རེད།
“རིག་ལྡན་སྦྲ་ཆེན”གྱི་གཞི་གྲངས་ཆེན་པོའི་རྨང་གཞིའི་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་ཏེ། སྦྲ་ཆེན་རྫོང་གི་ཞབས་ཞུ་དོ་དམ་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་། དབུལ་སྐྱོར་ཐོན་ལས་ལེགས་སྒྱུར་དང་མང་ཚོགས་དབུལ་པོའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། གྲལ་བཤེར་རགས་ཙམ་ཐུབ་པའི་དབུལ་པོར་འགྱུར་ཉེན་ཡོད་པའི་མཐར་ལུས་དུད་ཚང་ལ་དམིགས་ནས། མི་དང་། དུད་ཚང་། དོན་ཚན་བཅས་རིམ་པ་བཞིན་དུ་རོགས་སྐྱོར་བྱེད་ཐབས་བཟོས་ནས་ཁོང་ཚོར་དཔལ་འབྱོར་གྱི་ཡོང་འབབ་མང་དུ་གཏོང་བ་དང་དབུལ་པོར་འགྱུར་བའི་ཉེན་ཁ་ཆུང་དུ་གཏོང་རོགས་བྱས་པ་རེད།