དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མར་འགན་ལེན་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-11-03

     གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་དགུ་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྲི་15.3དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་ཁྲི་1.3ཚང་མ་འགན་ལེན་བྱེད་དགོས་རིགས་འགན་ལེན་དང་བསྙེན་བཀུར་བྱེད་དགོས་རིགས་བསྙེན་བཀུར་བྱས་པ་རེད།

    2015ལོར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་100%ཡི་དམིཌ་ཚད་མངོན་འགྱུར་བྱུང་རྗེས། བོད་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་བྱིས་པར་རོགས་སྐྱོབ་བསྙེན་བཀུར་བྱེད་པའི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད། ཉེ་བའི་ལོ་ཤས་རིང་། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ངོས་འཛིན་གཏན་འཁེལ་བྱེད་པའི་ལས་དོན་མུ་མཐུད་ཚད་ལྡན་དུ་བཏང་བ་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་བསྙེན་བཀུར་གྱི་ཚད་གཞི་བཟོས་ཏེ་ཆ་རྐྱེན་དང་འཚམ་པའི་མི་འབོར་དབུལ་པོ་ཚང་མ་རོགས་སྐྱོབ་བསྙེན་བཀུར་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།