དབུ་ཤོག>ཆེད་སྒྲིག
  • ལྷ་སས་ཐབས་མང་སྤྱད་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་མང་ཚོགས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-10-31

     གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་ཐོན་རྒྱུ་ནན་འགོག་བྱས་པ་རེད།

    སྤྱི་ཡོངས་དབུལ་སྒྲོལ་ཐུབ་རྗེས་ལྷ་ས་གྲོང་ཁྱེར་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་གཏན་འབེབས་བཟོས་ཏེ་དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་དོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མི་དོར་བ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་བྱེད་མཚམས་མི་འཇོག་པ་བཅས་ཀྱི་འགན་ལེན་བྱས་ཡོད། དབུལ་པོ་བསྐྱར་ལོག་གཏན་འགོག་ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ལྷ་སས་དབུལ་སྒྲོལ་མི་འབོར་དང་མཐར་ལུས་མི་འབོར་དབུལ་པོར་རྒྱུན་མཐུད་ངང་རྗེས་སྙེགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། རོགས་སྐྱོར་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་མི་འབོར་དབུལ་པོ་གསར་པ་དང་དབུལ་སྒྲོལ་མི་འབོར་བསྐྱར་ལོག་མི་ཡོང་བ་སྔོན་འགོག་གང་ཐུབ་བྱས་ཡོད། ལྷ་སས་ད་དུང་བྱ་དགའི་མ་དངུལ་སྒོར་ཁྲི་5000བཏང་ནས་ཡོང་འབབ་དམའ་བའི་ཚོགས་སྤྱིར་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྤེལ་བའི་རྫོང(ཆུས)ལ་བྱ་དགའ་དང་ཁ་གསབ་སྤྲད་པ་རེད། གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་ད་དུང་ལས་བརྩོན་ཕྱུག་འགྱུར་གྱི་བྱ་དགའི་མ་དངུལ་བཙུགས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན་དང་། ཕྱུག་འགྱུར་སྣེ་ཁྲིད་པ། མཉམ་ལས་ཁང་གི་ཕུལ་བྱུང་འཐུས་མི་བཅས་ལ་གཟེངས་བསྟོད་ཤུཌ་ཆེན་བྱས་ཏེ་མང་ཚོགས་དབུལ་པོར་ཡིད་ཆེས་དང་བློ་སྟོབས་འཕེལ་རོགས་དང་སེམས་ཤུགས་སྐུལ་སློང་ཤུགས་ཆེན་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། དབུལ་སྐྱོར་བྱ་ཡུལ་མི་འདྲ་བ་དང་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་མི་འདྲ་བར་གཞིགས་ནས་རིགས་དབྱེ་དང་གནད་སྨིན་ཇུས་འདོན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས“ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་དང་། གནས་སྤོས་ལ་བརྟེན་ནས་དབུལ་སྒྲོལ། སློབ་ཁྲིད་ལ་བརྟེན་ནས་དབུལ་སྒྲོལ། ཁ་གསབ་ལ་བརྟེན་ནས་དབུལ་སྒྲོལ། འགན་ལེན་ལ་བརྟེན་ནས་དབུལ་སྒྲོལ། རོགས་སྐྱོར་ལ་བརྟེན་ནས་དབུལ་སྒྲོལ”བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། 2019ལོར་ལྷ་ས་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་རྦད་དེ་མེད་པར་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།