དབུ་ཤོག>ཆེད་སྒྲིག
  • ཆུ་འགོའི་དྲིན་ལན་བསམ། ཏང་གི་བཀའ་དྲིན་དྲན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-30

    780199_yis_1603772978513_s - 副本.jpg

    གཡག་གཡག་གྲོང་ཚོའི“སྦག་སྦག་མཉམ་འགོག་སྒྲོག་འགྲེལ་རུ་ཁག”གིས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ། 

    780200_yis_1603772978888_s.jpg

    གཡག་གཡག་གྲོང་ཚོའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་བལ་འབྲེག་བཞིན་པ། 

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་གཡག་གཡག་གྲོང་ཚོ་དབུལ་ཞྭ་ཕུད་པ་དང་། 2019ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་12100བར་འཕར་བ་དང་ཆབས་ཅིག ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་མཐའ་མཚམས་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོ་འཛུཌ་སྐྲུན་བྱས་པ་ལས་གྲོང་ཚོ་དེའི་དུད་ཚང་125ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་མི་གྲངས་523ལ་འཐུང་ཆུ་གཙང་མ་འཐུང་བཞིན་ཡོད།

    སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཧུར་ཐག་བྱས་པ།

    གཡག་གཡག་གྲོང་ཚོ་ནི་མཐའ་མཚམས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་། ཡུལ་མི་ཚོས་མཐའ་མཚམས་བསྲུང་བ་ནི་གཟི་བརྗིད་ཆེ་ལ་བླ་ན་མེད་པའི་འགན་འཁྲི་ཞིག་ཏུ་རྩི་གི་ཡོད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་ཐོབ་པའི་སྲི་ཆོད་ཀྱིས་1997ལོར་རང་མོས་ངང་འཕྲང་སྒོ་ཤང་མཐའ་སྲུང་མངགས་གཏོང་ཁང་གི་ལས་ཀར་ཞུགས་ནས་མཐའ་སྲུང་གི་ལས་ཀར་གཞོགས་འདེགས་བྱས་ཏེ་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་མ་ཟད། 1999ལོར་ཆེད་ལས་ཀྱི་མཐའ་སྲུང་སྦྱོང་བརྡར་དང་ལེན་ཡང་བྱས། མཐའ་མཚམས་སྲུང་བའི་ལས་དོན་ལོ་17་བྱེད་རིང་། ཁོང་གིས་མཐའ་མཚམས་ས་ཐིག་སྤྱི་ལེ་105ཡི་ས་ཆ་ཚང་མར་བསྐྱོད་མྱོང་ཡོད། “ང་ནི་གཡག་གཡག་གྲོང་ཚོ་ནས་ཡིན་པས་མཐའ་མཚམས་བསྲུང་རྒྱུ་ནི་ངའི་འགན་འཁྲི་ཡིན་ལ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་ལ་སྤྲིངས་པའི་འཕྲིན་ལན་སློབ་སྦྱོང་བྱས་པའི་རྗེས་སེམས་འགུལ་ཚད་མེད་ཐེབས་ཏེ་མཐའ་མཚམས་སྲུང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་མ་ཟད། ལས་ཀ་འདི་བླ་ན་མེད་པ་ཞིག་ཡིན་པའི་ཚོར་སྣང་སྔར་བས་ཟབ་ཏུ་ཕྱིན་སོང”ཞེས་སྲི་ཆོད་ཀྱིས་གསར་འགོད་པར་བཤད་བྱུང་།

    མཐའ་སྲུང་གི་ལས་དོན་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་མི་27ལས་གྲུབ་པའི་སྦག་སྦག་འཁོར་ལོའི་མཉམ་འགོག་སྒྲོག་འགྲེལ་རུ་ཁག་ཅིག་བཙུགས་པ་དང་། མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཆབ་སྲིད་ཟུར་ཁྲིད་པར་གདན་དྲངས་པ་མ་ཟད། མཐའ་སྲུང་མཉམ་འགོག་རུ་མིའི་སྔོན་ཐོན་མི་སྒེར་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཨུ་ཡོན་སྲི་ཆོད་སྔོན་ཐོན་དཔེ་མཚོན་བར་བྱས་ནས། མཐའ་སྲུང་གི་འཐབ་ས་མདུན་མའི་ལས་སྒྲུབ་ས་ཚིགས་དང་ཉག་ག་ཁག་ཚང་མར་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཡུལ་མིར“མོས་སེམས་ལྔ”ཟབ་ཏུ་འགྲོ་བར་ཁྲིད་སྟོན་གྱིས་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

    “སྦག་སྦག་འཁོར་ལོའི་མཉམ་འགོག་སྒྲོག་འགྲེལ་རུ་ཁག”གི་རུ་མི་ཚོས་འབད་པ་ལྷོད་མེད་བྱས་པ་བརྒྱུད་གཡག་གཡག་གྲོང་ཚོ་དེར་ཏང་ཡོན་མང་ཚོགས་75ལས་གྲུབ་པའི་མཐའ་སྲུང་མཉམ་འགོག་རུ་ཁག་ཅིག་འཛུགས་ཐུབ་པ་རེད། མཉམ་འགོག་རུ་མིས་རང་ཁྱིམ་གྱི་སྦག་སྦག་འཁོར་ལོ་གཏོང་བ་དང་སྣུམ་གྲོན་རང་ཉིད་ཀྱིས་སྤྲད་ནས་ཉིན་ལྟར་མི་གསུམ་ཚོགས་ཆུང་རེ་བྱས་ཏེ་སྐོར་གཡེང་བྱེད་ཞོར་སྒྲོག་འགྲེལ་བྱེད་པའི་ལས་ཀ་རྒྱུན་གཏན་དུ་འགྱུར་བར་བྱས་པས་མཐའ་མཚམས་སུ“སྲུང་སྐྱོང་དྲ་བ”དང“འགོག་སྲུང་གྱང”ཞིག་ཆགས་ཐུབ་པ་བྱུང་ཡོད།

    རང་སྟོབས་རང་སྤེལ་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱས་པ།

    ལྗོངས་ཡོངས་སུ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཤུགས་ཆེན་བྱེད་པའི་མཚམས་སུ། གཡག་གཡག་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་དམག་འཐབ་ཀྱི་ཆོད་སེམས་ལ་བརྟེན་ནས“ཧོར་པའི་ལུག”གི་དཔལ་འབྱོར་ཁུལ་ནང་ཧུར་ཐག་ཞུགས་ཏེ་གྲོང་ཚོའི་དཔལ་འབྱོར“སྤུས་ཕན་གཉིས་ལྡན”ཡོང་བར་ཤུགས་སྣོན་བརྒྱབ་པ་དང་རྩྭ་ཕྱུགས་གཉིས་དོ་སྙོམས་འཕེལ་རྒྱས་ཡོང་གང་ཐུབ་བྱས་ཡོད། རྩྭ་ཕྱུགས་གཉིས་ལ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཡོང་བའི་ཆེད་དུ། གྲོང་ཚོའི་ཏང་ཀྲི་པུས“སྣེ་འཁྲིད་པའི”ནུས་པ་ཧུར་ཐག་བཏོན་པ་དང་གཡག་གཡག་གྲོང་ཚོའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་རང་སྟོབས་ནུས་པ་ཆེ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྤེལ་མཉམ་ལས་ཁང་ལ་མ་དངུལ་སྒོར་ཁྲི་352ཐོ་བཀོད་པའི་ནང་མང་ཚོགས་ཀྱིས་མ་རྐང་སྒོར་ཁྲི་236བཏང་བ་དེས་67%བཟུང་ཡོད། ད་ཆ་ཁོངས་མིའི་དུད་ཚང་127ཡོད་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་29ཡི་མི་གྲངས103ཡོད་པ་དང་། 2019ལོར་སྒོར་ཁྲི་7.14བགོ་འགྲེམས་བརྒྱབ་པ་རེད།

    ད་ཆ་མཉམ་ལས་ཁང་ལ་ལག་ཡོད་འབྲི་གཡག་མགོ་གྲངས་294དང་ར་ལུག་མགོ་གྲངས་4077ཡོད། 2019ལོར་མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་ཁྲི་13.4བྱུང་ནས་སྒོར་ཁྲི་7.14བགོ་འགྲེམས་བྱས་པ་ལས་དུད་ཚང་དབུལ་པོ་29ཚུད་པའི་ཞིང་འབྲོག་པ་དུད་ཚང་117ཡི་ཡོང་འབབ་འཕར་ཡོད།

    སེམས་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་སྔོན་སྐྱོད་པ་ཧུར་ཐག་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། གཡག་གཡག་གྲོང་ཚོས་ས་དགའ་རྫོང་གི“གཅིག་སྡུད་ངང་ཕྱུགས་འཚོ་བ་དང་། ངལ་རྩོལ་ནུས་ཤུགས་གཞན་བསྒྱུར་བྱེད་པའི”རྩ་དོན་ལ་གཞིགས་པ་དང་འབྲོག་ཁུལ་གྱི་སྲོལ་རྒྱུན་གྱི་རགས་ལས་གཉེར་སྐྱོང་དང་ཁ་ཐོར་གྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བ་ནས་འགོ་བཙུགས་ཏེ། གཡག་གཡག་གྲོང་ཚོའི་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་བཙུགས་ནས་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་ལ་ཁྲིད་སྟོན་གྱིས་གཡག་གཡག་གྲོང་ཚོའི་སེམས་ཤུགས་ཆེ་རུ་གཏོང་གང་ཐུབ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་སྔོན་སྐྱོད་པ་བརྩོན་ལེན་ཧུར་ཐག་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་གཡག་གཡག་གྲོང་ཚོས་ངལ་ནུས་མི་ཐེངས་198ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་ཁྲི་66.68བྱུང་ཡོད།

    མང་ཚོགས་ཀྱི་སེམས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དམངས་ལ་ཁེ་སྤོགས་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཚོའི་མཉམ་ལས་ཁང་ལ་སྒོ་བྱང་བཀལ་ནས་སྡེབ་ཉོ་སྡེབ་ཚོང་གི་ལས་དོན་སྤེལ་ཏེ། འབྲོག་ལས་ཐོན་ཟོག་གཅིག་གྱུར་ངང་བསྡུ་རུབ་དང་བྲིན་འཚོང་བྱས་པ་དང་སྦྲགས། མང་ཚོགས་ཀྱི་མཁོ་ཆས་ཁྲོམ་ར་ནས་གཅིག་གྱུར་ཉོས་ཏེ་ས་གནས་ཀྱི་ཁྲོམ་རའི་གོང་ཚད་ལས་དམའ་བ་བྱས་ནས་བཙོངས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཏན་ཏིག་བསལ་བ་རེད། མཉམ་ལས་ཁང་བཙུགས་པ་ནས་བཟུང་སྡེབ་ཉོ་སྡེབ་ཚོང་ཐེངས་ལྔ་བྱས་པ་ལས་བྲིན་ཚོང་ཡོང་འབབ་སྒོར་ཁྲི་32བྱུང་ནས་མང་ཚོགས་ལ་དཔལ་འབྱོར་གྱི་མ་གནས་སྒོར་ཁྲི་10ལྷག་གྲོན་ཆུང་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།