དབུ་ཤོག>ཆེད་སྒྲིག
  • གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལོ་ལྔའི་རིང་ལྡབ་གཅིག་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-29

    ཚེས་27ཉིན་གྱི་སྔ་དྲོ། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་སྲུང་ཚད་གཞི་བབ་བསྟུན་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རོགས་སྐྱོབ་ཀྱི་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་2015ལོའི་མི་རེར་ཟླ་རེར་སྒོར་590ནས་2020ལོའི་མི་རེར་ཟླ་རེར་སྒོར་847བར་མཐོ་རུ་བཏང་སྟེ་43.5%སྤར་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་2015ལོའི་མི་རེར་ལོ་རེར་སྒོར་2350ནས་2020ལོར་མི་རེར་ལོ་རེར་སྒོར་4713བར་མཐོ་རུ་བཏང་སྟེ་100.5%སྤར་བ། 2020ལོར་གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་འགྲེམས་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་13213བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་ཁ་འགྲེམས་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་7070བར་མཐོ་རུ་བཏང་ཡོད། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་གཅིག་སྡུད་གསོ་ཉར་གྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་དངུལ་དེ་རིགས་གཉིས་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1000ནས་1059བར་ལེགས་སྒྲིག་བྱས་པ་དང་། རིགས་གསུམ་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1200ནས་1271བར་ལེགས་སྒྲིག་བྱས་པ། རིགས་བཞི་པའི་ཁུལ་དུ་མི་རེར་ཟླ་རེར་སྒོར་1350ནས་1430བར་ལེགས་སྒྲིག་བྱས་ཡོད།

    རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་རའོ་པན་ཅང་གིས་2015ལོར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་དམངས་སྲིད་ཁྱབ་ཁོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་དམངས་སྲིད་ཀྱི་ཐ་སྐྱོང་འགན་ལེན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་ལེགས་གྲུབ་བྱས་ཡོད། “འདི་ལོའི་ཟླ་9པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་153564དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་13722ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་རིམས་ནད་ཀྱིས་རྐྱེན་པས་དཀའ་ངལ་ཡོད་པའི་མང་ཚོགས་ཚུད་པའི་མི་ཐེངས་17454ལ་སྐབས་འཕྲལ་རོགས་སྐྱོབ་བྱས་པ་དང་། རིམ་རྩིས་བྱས་ན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་4815.51བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ནུས་ལྡན་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    མིག་སྔའི་བར། རང་ལྗོངས་སུ་རྒན་གསོའི་སྒྲིག་གཞི་80(རྒན་རྒོན་ནད་སྐྱོང་ཁང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས། སྤྱི་ཚོགས་ཕན་བདེ་ཁང་སོགས་ཚུད་པ)བྱིས་པའི་ཕན་བདེའི་སྒྲིག་གཞི་11ཡོད། 2015ལོའི་ལོ་མཇུག་ཏུ་འདོད་མོས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཟིན་པའི་དམིགས་ཚད་སོ་སོར་མངོན་འགྱུར་བྱུང་ཡོད།

    ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའི་ཁྲུའུ་ཀྲང་དབྱང་ཞའོ་རུང་གིས་བརྗོད་དོན། རང་ལྗོངས་ཀྱིས་2015ལོར་རྒྱལ་ཡོངས་ཀྱི་སྔོན་དུ“གཅིག་སྡུད་གཉིས”ཀྱི“100%”གཉིས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་གཅིག་སྡུད་བསྙེན་བཀུར་དང་གསོ་ཉར་བྱེད་ཚད་མུ་མཐུད་མཐོ་རུ་བཏང་ཡོད། “‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་། རང་ལྗོངས་ཀྱིས་དམངས་སྲིད་པུའི་རིམ་པ་དེ་གའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་12116.86བཏང་ནས་རྒན་གསོའི་སྒྲིག་གཞིར་རིམ་སྤོར་སྒྱུར་བཀོད་བྱས་ཏེ་གཅིག་སྡུད་བསྙེན་བཀུར(གསོ་ཉར)ཚོགས་སྤྱིའི་ཞབས་ཞུའི་དགོས་མཁོ་འགན་ལེན་སྔར་ལས་ལྷག་པ་བྱས་ཡོད། བདེ་འཇགས་འགན་ལེན་ཐད་2017ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི་80ཡི་མེ་ཟོན་སྒྲིག་བཀོད་རིགས་དབྱེ་ཁག་བགོས་ཀྱིས་ཉམས་གསོ་སྒྱུར་བཀོད་བྱས་པ་དང་སྒྲིག་གཞིའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཡོད། ད་ལོ་དམངས་སྲིད་པུའུ་ཡི་བཀོད་སྒྲིག་ལྟར། དུས་ཡུན་ལོ་གསུམ་རིང་གི་རྒན་གསོའི་སྒྲིག་གཞིའི་མེ་ཟོན་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་རྒན་གསོའི་སྒྲིག་གཞིའི་བདེ་འཇགས་ཐོན་སྐྱེད་དོ་དམ་བརྟན་དུ་བཏང་ཡོད། ཞབས་ཞུའི་སྤུས་ཚད་ཐད་དམངས་སྲིད་པུའི་རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་དམིགས་ཚད་115ལ་དམིགས་ནས། རྒན་གསོ་ཁང་གི་ཞབས་ཞུའི་སྤུས་ཚད་ལེགས་གཏོང་གི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཏེ་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ལས་དོན་སྤེལ་ཡོད། ང་ཚོས་ད་དུང་ལོ་ལྟར་སྒྲིག་གཞིའི་ལས་ཞུགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཉེར་གྱི་ཡོད་པ་དང་དེ་ནི་ཁོང་ཚོའི་ལས་ཞུགས་རྩལ་ནུས་ཆེ་རུ་བཏང་ནས་གཅིག་སྡུད་བསྙེན་བཀུར་བྱ་ཡུལ་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་ཆེད་ཡིན། དེ་དང་ཆབས་ཅིག‘ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང’བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་གཅིག་སྡུད་བསྙེན་བཀུར་བྱ་ཡུལ་ལ་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ། བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།