དབུ་ཤོག>ཆེད་སྒྲིག
  • “སྒོ་རྩར་ལས་ཞུགས་ཐུབ་པ”ནི་བདེ་སྐྱིད་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-28

    རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ས་གནས་འདི་གའི་ལས་མི་མི་ཐེངས་240ལྷག་ཙམ་བསྡུས་པར་གླ་ཆ་སྒོར་ཁྲི་180ལྷག་ཙམ་སྤྲད་ཡོད།

    དཔའ་ཤོད་དུ་ཀུང་སི་བཙུགས་པ་ནས་བཟུང་། སྤྱི་ཚོགས་ཐོག་ནས་ལས་མི་ཐེངས་6དང་སློབ་གྲྭ་ནས་ལས་མི་ཐེངས་1བསྡུས་པ་རེད།

    དཔའ་ཤོད་དུང་དཀར་ཀུང་སི་ནི་དུང་དཀར་ཚོགས་པས་བོད་དུ་མ་དངུལ་བཏང་བའི་རྣམ་གྲངས་ཐོག་མ་ཡིན་ལ། དུང་དཀར་ཚོགས་པས་ས་གནས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་བོད་སྐྱོར་ལག་ལེན་བསྟར་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད། 2017ལོའི་ལོ་འགོར། ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་བརྟག་ཞིབ་བྱས་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱི་ཨར་འདམ་མཁོ་སྤྲོད་ཀྱི་འགལ་བ་མངོན་གསལ་དོད་པ་དང་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ཨར་འདམ་ཏུན་ཁྲི་800ལྷག་ཙམ་ཁ་ཐང་པོ་ཆགས་རྒྱུ་སྔོན་དཔག་ཐུབ་ཡོད།

    མིག་སྔའི་གནས་ཚུལ་དེར་དམིགས་ནས་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་ཨར་འདམ་བཟོ་གྲྭའི་རྣམ་གྲངས་ནང་འདྲེན་བྱས་པ་དང་དུས་མཚུངས་ལོ་དེའི་ཟླ་ལྔ་པར་རྩད་ཞིབ་ཐིག་ལེན་བྱས་པ་བརྒྱུད་དཔའ་ཤོད་རྫོང་པད་མ་གྲོང་རྡལ་གཤས་པ་གྲོང་ཚོར་རྡོ་ཐལ་བྲག་རྡོ་དང་བྱེ་རྡོ་མང་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། དེས་ན་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་དཔའ་ཤོད་རྫོང་ཨར་འདམ་བཟོ་གྲྭའི་རྣམ་གྲངས་དེ་ཚོང་འགུགས་འོས་སྦྱོར་གྱི་རྣམ་གྲངས་གཙོ་བོར་བརྩིས་ནས་ཨན་ཧུའེ་དུང་དཀར་ཨར་འདམ་ཚད་ཡོད་ཀུང་སི་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་མཐར། དཔའ་ཤོད་དུང་དཀར་ཨར་འདམ་རྣམ་གྲངས་དེ་2018ལོའི་ཟླ་གསུམ་པར་དངོས་སུ་ལག་ལེན་བསྟར་འགོ་ཚུགས།

    ལོ་24ལ་སླེབས་པའི་བློ་བཟང་བསྟན་འཛིན་ནི་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ས་དམར་གྲོང་ཚོ་ནས་ཡིན་ཞིང་། 2017ལོར་ཁོང་ཝུའུ་ཧན་ལས་རིགས་ལག་རྩལ་སློབ་གླིང་གི་ཨར་སྐྲུན་ལས་གྲྭའི་ལག་རྩལ་ཆེད་ལས་ནས་ཐོན་རྗེས་ཝུའུ་ཧན་དང་ལྷ་ས་སོགས་སུ་ལས་ཀ་བྱེད་མྱོང་ཡོད། འོན་ཀྱང་སློབ་སྦྱོང་བྱས་པའི་ཆེད་ལས་དང་འབྲེལ་བ་མེད་ལ་ཡོང་འབབ་ཀྱང་བརྟན་པོ་བྱུང་མེད།

    2018ལོའི་ཟླ་10པའི་ཉིན་ཞིག་ལ། བློ་བཟང་བསྟན་འཛིན་གྱིས་དཔའ་ཤོད་རྫོང་གི་ཉེ་འདབས་སུ་ཨར་འདམ་བཟོ་གྲྭ་ཞིག་འཛུགས་རྒྱུ་ཡིན་པ་དང་དེའི་གླ་ཆ་དང་ཐོབ་ཐང་ཡག་པོ་ཡོད་པ་གོ་ཐོས་བྱུང་བ་རེད། ཁོང་གིས་ཚོད་ལྟ་དང་སྦྲགས་དཔའ་ཤོད་དུང་དཀར་ཀུང་སིའི་ལས་མི་བསྡུ་བའི་ཡིག་རྒྱུགས་ནང་ཞུཌ། ངོ་རྒྱུཌ་བཏང་རྗེས་ལོ་དེའི་ཟླ་བཅུ་གཅིག་པར་བློ་བཟང་བསྟན་འཛིན་ལས་ཀར་བདེ་བླག་ངང་ཚུད། ཀུང་སིས་ཁོ་པའི་་ཆེད་ལས་ལ་གཞིཌ་ཏེ་ཁོ་པ་ཨར་ལས་བཟོ་སྐྲུན་དོ་དམ་ལས་གནས་སུ་བཀོད་སྒྲིག་བྱས་པ་རེད།

    མི་ལ་བརྩོན་འགྲུས་ལྡན་འགྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ད་ཆ་བློ་བཟང་བསྟན་འཛིན་གྱིས་རང་རྐྱ་འཕེར་པོས་ལས་ཀ་བྱེད་ཐུབ་ཀྱི་ཡོད། “ད་ཆ་ངའི་གླ་ཆ་ཟླ་རེར་སྒོར་5000ནས་སྒོར་7800བར་འཕར་ཡོད། ན་ནིང་ལོ་མཇུག་ཏུ་ང་ལ་ད་དུང་ལོ་མཇུག་བྱ་དགའ་སྒོར་21000རག་བྱུང”ཞེས་བློ་བཟང་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད། དཔའ་ཤོད་དུང་དཀར་ཀུང་སིས་བློ་བཟང་བསྟན་འཛིན་དང་འདྲ་བའི་ས་གནས་དེ་གའི་ལས་མི་90ལྷག་ཙམ་བསྡུས་ཡོད་པ་དང་ལས་མིར་ཆ་སྙོམས་ཟླ་རེའི་གླ་ཆ་སྒོར་5000ནས་8000བར་སྤྲོད་ཀྱི་ཡོད། གཞན་ཡང་ལས་གྲྭ་འཛུགས་སྐྲུན་བྱེད་རིང་ཀུང་སིས་སྔོན་ལ་ས་གནས་དེ་གའི་ལས་མི་དང་། འཕྲུལ་ཆས། སྐྱེལ་འདྲེན་སྒྲིག་ཆས་བཅས་སྤྱད་དེ་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་བྱེད་རོགས་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།