དབུ་ཤོག>ཆེད་སྒྲིག
  • དྭངས་གཙང་ཆུ་མོས་ས་མཐོའི་ཞིང་ས་བརླན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-28

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་འཆར་འགོད་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་601བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་འཆར་འགོད་མ་འཇོག་ལས་237%འཕར་ནས“ལོ་ལྔ་ཚན་བཅུ་གཅིག་པའི”མ་འཇོག་དོན་འཁྱོལ་བྱས་པའི་ལྡབ་8.6ཡིན་ཞིང་། ལ་ལྷོ་དང་ཤངས་ཆུའི་ཆུ་བེད་འགག་གནད་སོགས་གཙོ་གནད་ཆུ་བེད་རྣམ་གྲངས་ལག་བསྟར་བྱས་པ་དང་ཕུ་མདོ་ཆུ་བེད་འགག་གནད་སོགས་ལས་གྲྭ་གཞི་རྩའི་ཆ་ནས་བསྐྲུན་པ་དང་འབྲེལ་ཕན་འབྲས་ཐོན་ནས་རང་ལྗོངས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཆེས་ཆེར་བཏང་བ་རེད།

    དུས་མཚུངས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་སྲ་བརྟན་རིམ་སྤོར་གྱི་འཆར་འགོད་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་25.19བཏང་ནས་མི་འབོར་དབུལ་པོའི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཆུ་བེད་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དོན་ཆེན་ཨང་དང་པོར་བརྩིས་ཏེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་དགོས་མཁོའི་མཐིལ་རྟོགས་བརྟག་དཔྱད་ལས་དོན་སྤེལ་བ་དང་འཐུང་ཆུ་བདེ་འཇགས་མེད་པའི་མི་འབོར་དབུལ་པོ་དབྱེ་འབྱེད་གནད་སྨིན་བྱས་ནས་གྲོང་གསེབ་ཀྱི་མི་འབོར་ལ་བདེ་འཇགས་འཐུང་ཆུ་ཁྱབ་གདལ་གཏོང་ཚད་99%ཟིན་པ་དང་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་རེད།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་འབྲོག་པ་བཀྲ་ཤིས་ཀྱིས“ལོ་དེ་གཉིས་རིང་སྲིད་གཞུང་གིས་ང་ཚོར་བདེ་སྡོད་ཁང་པ་བརྒྱབ་པ་མ་ཟད་། ད་དུང་རང་འབབ་ཆུ་ཀ་ལ་འཁྲིད་པས་ཇ་བསྲུབས་མའི་བྲོ་བའང་ཇེ་ཞིམ་དུ་འགྲོ་གི་འདུག”ཅེས་བཤད་པ་དང་དེ་ནི་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་ལས་གྲྭས་ཞིང་འབྲོག་པར་བཏོད་པའི་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་ཤིག་རེད།

    ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་རྐང་ཐང་བགྲོད་ལམ་ནས་རྒྱང་བལྟ་བྱས་ཚེ་གཙང་ཆུ་སྔོན་མོར་རླབས་ཕྲན་ཡང་ཡང་འཕྱུར་བཞིན་ཡོད། “སྔོན་ཆད་ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་ཁོར་ཡུག་ཡག་པོ་དེ་ཙམ་མེད་ལ་ཆུ་མོའང་དེ་ཙམ་དྭངས་གཙང་མེད།ད་ཆ་ཆུ་མོ་དྭངས་ཤིང་གཙང་ལ་ངོགས་གཉིས་ཀྱི་མཛེས་ལྗོངས་ཀྱང་ཇེ་མཛེས་སུ་འགྲོ་བཞིན་འདུག”ཅེས་ལྷ་ཞབས་གླིང་ཕྲན་དུ་སྡོད་པའི་གྲོང་མི་ཕུན་ཚོགས་བཀྲ་ཤིས་ཀྱིས་གཙང་འགྲམ་དུ་འཆམ་འཆམ་བྱེད་སྐབས་རི་མོ་ལྟར་མཛེས་པའི་གཙང་པོའི་ངོགས་ཀྱི་མཛེས་ལྗོངས་ལ་ལྟ་བཞིན་དུ་སྙིང་དབུས་ནས་བསྔགས་བརྗོད་བྱས།

    ལྷ་ས་སྐྱིད་ཆུར་ལེགས་གྲུབ་ལྡན་པའི་ངང་བཅོས་སྐྱོང་བྱས་པ་དེ་ནི་བོད་ཀྱིས་ཕྱོགས་ཡོངས་ནས་ཆུ(མཚོ)དཔོན་ལམ་ལུགས་ཁྱབ་གདལ་བཏང་བའི་བསྡུས་རིས་ཤིག་རེད།

    2018ལོའི་ཟླ་6པའི་ཟླ་མཇུག་ཏུ་རང་ལྗོངས་ཀྱིས་ཆུ(མཚོ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཤིང་། ཆུ(མཚོ)དཔོན་ལམ་ལུགས་ལག་བསྟར་ལ་སྐུལ་འདེད་བདེ་བླག་གཏོང་ཆེད་རང་ལྗོངས་ཀྱིས་མཐོ་ས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་སྤྱི་ཁྱབ་ཆུ་དཔོན་གྱི་འགན་འཁུར་བ་དང་སྤྱི་ཁྱབ་གཉིས་ཀྱི་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ“ཏང་སྲིད་འགན་འཁྲི་མཉམ་ཁུར”གྱི་འགན་འཁྲིའི་མ་ལག་བཙུགས་པ་དང་། “ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་+གནད་སྨིན་དབུལ་སྐྱོར”ལས་དོན་གྱི་དཔེ་དབྱིབས་སྤྱད་དེ་ཆུའི་སྣོད་བཅུད་དབུལ་སྐྱོར་ལས་གནས་མི་སྣ་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ནང་ཞུགས་རྒྱུ་དོན་འཁྱོལ་བྱས་པ་རེད། གྲོང་སྡོད་ལས་བྱེད་པ་དང་། དགོན་སྡོད་ལས་བྱེད་པ། གཞོན་ནུ་དང་བླངས་པ། “གཉིས་ལྡན་དུད་སྦྲེལ”སྤྱི་མི་བཅས་སྐུལ་སློང་གིས་གཞི་རིམ་གྱི་ཆུ་དང་མཚོ་ཡི་སྤྱི་ཚོགས་ལྟ་སྐུལ་བའི་འགན་འཁུར་ནས་ལྟ་སྐུལ་ཞིབ་བཤེར་དང་ཐེར་འདོན་གོང་ཞུ་སོགས་ཀྱི་འགན་འཁྲི་གསལ་པོ་བཟོས་པ་དང་། ཁེ་ལས་ཀྱི་ཆུ(མཚོ)དཔོན་བཀོད་སྒྲིག་བྱས་ཏེ་རིམ་ཁག་ཁེ་ལས་ཀྱི་འགན་འཁུར་བ་ཆུ(མཚོ)དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་ནང་བཅུག་ནས་ཁེ་ལས་ཀྱིས་ཆུ་གློག་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཆུ་དང་མཚོ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དུ་བཅུག་པ། “ཆུ་དཔོན་+ཉེན་རྟོག་དཔོན+སྤྱི་དམངས་ཀྱི་ཆུ་དཔོན”བཅས་ཀྱི་དཔེ་དབྱིབས་ལྟར་ཆུ་དང་མཚོ་ཡི་བདག་སྐྱོང་བྱེད་པོ་རྒྱ་ཆེར་བཏང་ནས་ཆུ་དང་མཚོ་ཚང་མར་ཉེན་རྟོག་དཔོན་གཅིག་དང་སྤྱི་དམངས་ཆུ་དཔོན་རེ་བཀོད་སྒྲིག་བྱས་ཏེ་སྤྱི་ཕན་རང་བཞིན་གྱི་ལས་གནས་བསྡུ་བ་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱེད་སྟངས་སྤྱད་དེ་འཐབ་ས་དང་པོའི་ལས་དོན་མི་སྣའི་མི་འདང་པའི་གནད་དོན་ཐག་གཅོད་བྱས་པ་བཅས་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཆུ(མཚོ)དཔོན་ཁྱོན་22དང་། གྲོང་ཁྱེར་དང་ས་ཁུལ་རིམ་པའི་ཆུ(མཚོ)དཔོན་219 རྫོང་དང་ཆུས་རིམ་པའི་ཆུ(མཚོ)དཔོན་1530 ཤང་དང་གྲོང་རྡལ་རིམ་པའི་ཆུ(མཚོ)དཔོན་4751 གྲོང་ཚོ་རིམ་པའི་ཆུ(མཚོ)དཔོན་8229བཅས་བཟོས་ཏེ་ཆུ(མཚོ)དཔོན་ལམ་ལུགས་ཀྱི་མ་ལག་གྲོང་ཚོ་དང་གྲོང་ལྷན་རིམ་པ་དང་པོར་སྣུར་སྲིང་བྱས་པ་རེད།

    ལྗོངས་ཡོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན་བཅས་རིམ་པ་ལྔའི་ཆུ(མཚོ)དཔོན་མ་ལག་བཙུགས་ནས་ཁྱོན་ཆུ(མཚོ)དཔོན་ཁྲི་1.4ལྷག་ཙམ་བཟོས་ཏེ་མི་མེད་ཁུལ་གྱི་ཆུ་དང་མཚོ་ལ་དམིགས་ནས་ཡུག་ཁུལ་གྱི་ཆུ(མཚོ)དཔོན་བེད་སྤྱད་དེ་ཡོངས་སུ་ཁྱབ་པ་རེད། མངའ་རིས་ས་ཁུལ་གྱིས་ད་དུང་ཆུ(མཚོ)དཔོན་མ་ལག་གྲོང་མི་ཚོགས་ཆུང་དང་། རང་བྱུང་གྲོང་ཚོ། མཐའ་མཚམས་ས་ཚིགས་བཅས་སུ་སྣུར་སྲིང་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཆུ་དང་མཚོ་ལའང་དོ་དམ་བྱེད་མི་ཡོད་པའི་འགན་ལེན་བྱས་པ་རེད།

    2019ལོ་ནས་བཟུང་བོད་ཀྱིས“ཆུས་ཁེངས་པའི་ཆུ་སྣོད”དང“ཆུ་སྣོད་ནང་གི་ཆུར”དོ་དམ་ཡག་པོ་བྱ་རྒྱུར་དམིགས་ཏེ་ལྗོངས་ཡོངས་ཀྱི་ཆུ་དང་མཚོ་ཡི“ཟང་ཟིང་བཞི་གཙང་སེལ་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དེ་ཆུ་དང་མཚོ་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པའི་མཚོན་རྟགས་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི“མིང་ཙམ་ཡོད་པ”ནས“དངོས་སུ་ཡོད་པ”དང་ཕྱོགས་ཡོངས་ནས་འཛུགས་པ་ནས་ཕྱོགས་ཡོངས་ནས་ཕན་འབྲས་དངོས་ཐོན་པའི་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    གཞན་ཡང་ལྗོངས་ཡོངས་ཀྱི་རིམ་ཁག་ཆུ(མཚོ)དཔོན་གྱིས“གད་སྙིགས་ཀྱིས་ཁེངས་པའི་ཆུ་རགས”བཅོས་སྒྲིག་དང“ཟང་ཟིང་བཞི་གཙང་སེལ་བྱེད་པ”སོགས་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དེ་དམ་འཛིན་བྱེད་གཞི་གལ་ཆེན་ལ་བརྩིས་ནས་ཆུར་སྐོར་གཡེང་དང་། དོ་དམ། སྲུང་སྐྱོང་། བཅོས་སྐྱོང་བཅས་བྱེད་པའི་འགན་འཁྲི་ལག་ལེན་ནན་པོ་བསྟར་སྟེ་ཆུ་དང་མཚོ་ལ་དོ་དམ་དང་སྲུང་སྐྱོང་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་བྱས་པ་དང་། ཤང་དང་གྲོང་རྡལ་དང་གྲོང་ཚོས(གྲོང་ལྷན)དུས་བཀག་ལྟར་ཆུའི་སྣོད་བཅུད་ལས་གནས་མི་སྣ་སྒྲིག་འཛུགས་ཀྱིས་ཆུ་དང་མཚོ་ཡི་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་ལས་དོན་སྤེལ་བ། ཆུ་སྲུང་འགན་འཁྲི་ཡོད་པ་དང་ཆུ་སྲུང་འགན་འཁྲི་ཁུར་ཐུབ་པ་བྱས་པ། ལྗོངས་ཡོངས་ཀྱི་ཆུ་དང་མཚོ་ཡི་དོ་དམ་དང་སྲུང་སྐྱོང་ལས་ཀའི་རྣམ་པ་གསར་པ་གསར་གཏོད་བྱས་པ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་བྱུང་བ་བཅས་ལས་ཆུ་མོ་རྟག་ཏུ་རྒྱུག་པ་དང་། དྭངས་ཤིང་གཙང་བ། ཆུ་ངོགས་སྔོ་ལྗང་། ཡུལ་ལྗོངས་མཛེས་པ་བཅས་ཀྱི་སྣོད་བཅུད་ཀྱི་བཀོད་པ་གསར་པ་ཆགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།