དབུ་ཤོག>ཆེད་སྒྲིག
  • ལྷོ་ངོས་གཞིས་ཀས་གྲོང་མི་ཕྱུག་འགྱུར་གྱི་ལེའུ་གསར་བརྩམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-10-23

    ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་ཡུལ་སྐོར་དར་བ་དང་སྦྲགས། མི་སྔར་བས་མང་བ་གྲོང་ཁྱེར་ཉེ་འདབས་ཁུལ་དུ་གླིང་ཁ་གཏོང་རྒྱུར་དགའ་པོ་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་ལྷོ་ངོས་གྲོང་ཚོར་གནས་པའི་ས་ཁྱོན་མུའུ་90ལྷག་ཙམ་བཟུང་བའི་ལྷོ་ངོས་གཞིས་ཀར་བོད་ཁང་ཐོག་སོ་གསུམ་དང་། བོད་བཟོའི་གུར། གཡོར་གྲུའི་གུར། ཆུ་རྐྱལ་ཁང་། མེ་ཏོག་ལྡུམ་ར་བཅས་མང་པོ་བརྒྱབ་ཡོད། གཞིས་ཀ་དེར་གནའ་བོའི་ཤིང་སྡོང་དང་། སྔོ་ཐིང་ཐིང་གི་རྩྭ་རྩི་ཤིང་དང་ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་གིས་ཁེངས་ནས་ཁོར་ཡུག་སྐྱིད་སྣང་དོད་པས་ཚོད་ལྟའི་གཉེར་སྐྱོང་བྱས་ཚུན། དུས་ཆེན་དང་ལྷག་པར་དུ་གཟའ་མཇུག་ཏུ་གྲོང་མི་མང་པོ་དེ་གར་གླིང་ཁར་ཡོང་གི་ཡོད།

    གྲོང་མིས་དགའ་དགའ་སྤྲོ་སྤྲོའི་ངང་གླིང་ཁ་གཏོང་བ་དང་ལས་དོན་མི་སྣས་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱེད་པའི་རྣམ་པ་མངོན་བཞིན་མཆིས། ལྷོ་ངོས་གཞིས་ཀས་ལྷོ་ངོས་གྲོང་ཚོའི་གྲོང་མི་20ལྷག་ཙམ་ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཏེ། གྲོང་མིས་ཆེད་ལས་རྩལ་ནུས་སློབ་སྦྱོང་བྱས་པ་དང་སྦྲགས། རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་བ་བྱས་ཡོད།

    གཞན་ཡང་གྲོང་ཚོས་ད་དུང་རྣམ་གྲངས་ལག་བསྟར་བྱས་པས། དུད་ཚང་ཚང་མར་སྒོར་སྟོང་ཕྲག་ཁ་ཤས་ཀྱི་དཔལ་འབྱོར་ཡོང་འབབ་བྱུང་ནས། གླིང་ཁའི་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། “ད་ཆ་ང་ཚོའི་གཉེར་སྐྱོང་ཁྱབ་ཁོངས་ནང་སྐར་མཁའ་སྣེ་ལེན་ཁུལ་དང་། བོད་བཟོའི་གླིང་ཁའི་སྣེ་ལེན་ཁུལ། གཡོར་གྲུའི་སྣེ་ལེན་ཁུལ་བཅས་ཡོད་པ་དེས་མི་ཐེངས་600ནས་700བར་སྣེ་ལེན་ཞུ་ཐུབ་ཀྱི་ཡོད”ཅེས་ལྷོ་ངོས་གཞིས་ཀའི་སྤྱི་ཁྱབ་ཅིང་ལི་ལི་ཞའོ་ཕིང་གིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།