དབུ་ཤོག>ཆེད་སྒྲིག
  • རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མིང་སྦྱར་ལྟ་སྐུལ་ལས་དོན་ལ་རམ་འདེགས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-10-22

    རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ལྟ་བཤེར་ཀྲོན་ཡོན་ཅ་ཤིས་ཝུའེ་ཡིས་ཉེ་ཆར་སྤེལ་བའི“སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱི་མིང་སྦྱར་ལྟ་སྐུལ་ལས་དོན་ལ་རམ་འདེགས་བྱེད་པའི་གླེང་སྟེགས”ཐོག་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མིང་སྦྱར་ལྟ་སྐུལ་ལ་རམ་འདེགས་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཚུན་འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་རོགས་སྐྱོར་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བརྗོད་པ་རེད།

    ད་རེས་ཀྱི་གླེང་སྟེགས་ནང་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་སྤྱི་ཚོགས་དབུལ་སྐྱོར་སིའི་སི་ཀྲང་ཆུས་ཐེན་ཅུན་གྱིས། འདི་ལོའི་ཟླ་4པར་སྤེལ་འགོ་ཚུགས་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མིང་སྦྱར་ལྟ་སྐུལ་ལས་དོན་ལ་རམ་འདེགས་བྱེད་པ་ནི་འདི་ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གསར་གཏོད་རྣམ་གྲངས་ཤིག་ཡིན་པ་དེ་ཐོག་ནས་སྤྱི་ཚོགས་སྟོབས་ཤུགས་གཙོ་བོའི་ཁྱད་ཆོས་མཚོན་པ་དང་། མ་དངུལ་དང་། ཐོན་ལས། ལས་ཞུགས། གསོ་སྦྱོང་། འཛད་སྤྱོད་དབུལ་སྐྱོར་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། མིག་སྔར་མིང་སྦྱར་ལྟ་སྐུལ་གྲོང་ཚོ་1113ལ་སྤྱི་ཚོགས་སྟོབས་ཤུགས་ཀྱི་ཁ་གཏད་རོགས་སྐྱོར་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    གྲལ་སྒོར་གྱི་གྲོས་བསྡུར་ལྷུ་ཚིགས་ནང་ཁེ་ལས་འགའ་ཞིག་གིས་མིང་སྦྱར་ལྟ་སྐུལ་གྱི་གྲོང་ཚོ་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད། ལན་ཀྲོའུ་ཤིན་ཡོན་དེང་རབས་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་ཅན་མིན་གྱིས། 

    ཁེ་ལས་ཀྱིས་མིང་སྦྱར་ལྟ་སྐུལ་ལས་འགན་ཚོགས་པ་བཙུགས་ཏེ་མིང་སྦྱར་ལྟ་སྐུལ་གྱི་གྲོང་ཚོ་དབུལ་པོ་5དང་བཤས་ལུག་གསོ་སྤེལ་ཐོན་ལས་རོགས་སྐྱོར་གྲོས་མཐུན་བཞག་སྟེ་ལག་རྩལ་དང་ཉོ་སྒྲུབ་ཐབས་ལམ་མཁོ་འདོན་སོགས་བརྒྱུད་དུད་ཚང་དབུལ་པོར་གསོ་སྤེལ་ཐད་འཕེལ་རྒྱས་གཏོང་རོགས་བྱས་ཡོད།

    གཞན་ཡང་ད་དུང་དུད་ཚང་དབུལ་པོ་ཁེ་ལས་ཀྱིས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་བཀོད་སྒྲིག་སོགས་བྱས་ནས་མིང་སྦྱར་ལྟ་སྐུལ་གྱི་གྲོང་ཚོ་དབུལ་པོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རོགས་སྐྱོར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མིང་སྦྱར་ལྟ་སྐུལ་ལས་དོན་ལ་རམ་འདེགས་བྱེད་པའི་ལས་དོན་སྤེལ་ཚུན། ཟླ་9པའི་ཟླ་མཇུག་བར་དབུས་ཤར་རྒྱུད་ཀྱི་ཞིང་ཆེན(གྲོང་ཁྱེར)11གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་2133སྐུལ་སློང་བྱས་ནས་མིང་སྦྱར་ལྟ་སྐུལ་གྱི་གྲོང་ཚོ་དབུལ་པོ་1113དང་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། དངོས་སུ་གྲོང་ཚོར་དོན་འཁྱོལ་ཐུབ་པའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.01ཟིན་པ། ངལ་རྩོལ་ནུས་ཤུགས་དབུལ་པོ་4336གི་ལས་ཞུགས་ལ་རོགས་རམ་བྱས་པ། སྒོར་ཁྲི་2738.93རི་བའི་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་དང་ཕྱིར་ཚོང་བྱེད་རོགས་བཅས་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།