དབུ་ཤོག>ཆེད་སྒྲིག
  • སྦྲ་ཆེན་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-10-21

    《དབུལ་སྒྲོལ་འགག་སྒྲོལ་གྱི་ས་ཆ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་སྐོར་གྱི་ལག་བསྟར་ཇུས་གཞིའི》བླང་བྱ་གཞིར་བཟུང་། ཉེ་དུས་སྦྲ་ཆེན་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་དང་དབུལ་སྐྱོར་གཞུང་ལས་ཁང་གི་ལས་དོན་ཚོགས་ཆུང་གིས་ཤང་དང་གྲོང་རྡལ་10ལ་བསྐྱོད་ནས་ས་ཆ་དངོས་སུ་ལྟ་ཞིབ་དང་། བཅར་འདྲི་དང་བཞུགས་མོལ། དཔྱད་གཞི་ལྟ་ཀློག་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ཤང་དང་གྲོང་རྡལ་ཁག་གི་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་གནད་དོན་དག་ཐེར་བྱས་ཚུལ་དང་། ལས་དོན“ཆེན་པོ་ལྔ” མཐར་ལུས་དུད་ཚང་ལ་བབ་བསྟུན་ལྟ་ཞིབ་ཚད་ལེན་དང་དེ་བཞིན་རོགས་སྐྱོར་བྱས་ཚུལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད། 2021ལོའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་འདུན་ཞུ་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

    ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ཤེས་རྟོགས་ཐུབ་པའི་གནད་དོན་ལ་ས་གནས་ས་ཐོག་ཏུ་ཚུར་ལན་བསམ་འཆར་བཏོན་པ་དང་། ཤང་དང་གྲོང་རྡལ་ཁག་ལ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། དུས་བཀག་ལྟར་དག་ཐེར་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི“མཐའ་མའི་འགག་གནད”ཐག་གཅོད་ཧུར་ཐག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་སྟེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ལོ་མཇུག་ཏུ། སྦྲ་ཆེན་རྫོང་གི་མི་འབོར་དབུལ་པོ་ཆ་ཚང་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་ཆ་ཚང་དབུལ་སྒྲོལ་བྱུང་ཡང་། ཤང་དང་གྲོང་རྡལ་ཁག་གིས“མཚམས་མི་འཇོག་པ་བཞི”དང་སྲ་བརྟན་མཐོར་འདེགས་ཀྱི་བླང་བྱ་གཞིར་བཟུང་ལས་དོན་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།