ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར་བྲག་ཡིབ་ཆུས་སྒྱུ་རྩལ་ཚོགས་པས་སྤེ་པ་གྲོང་རྡལ་དགའ་སྐྱིད་གྲོང་ཚོར“རིག་གནས་དམངས་ཕན་དང་དམངས་འཚོར་བརྩེ་སེམས་བཅངས་པ”བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་སྒྱུ་རྩལ་ཚོགས་པས་མང་ཚོགས་ལ་གླུ་གཞས་དང་། ཞབས་བྲོ། རོལ་ཆ་དཀྲོལ་གཏོང་སོགས་ཀྱི་རིག་རྩལ་ལེ་ཚན་འཁྲབ་སྟེ་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། ད་ཐེངས་ཀྱི་འཚམས་འདྲིའི་འཁྲབ་སྟོན་ལེ་ཚན་རྣམ་པ་སྣ་ཚོགས་ལྡན་ལ། ནང་དོན་ཐད་ལའང་ཧུར་བརྩོན་ཡར་ཐོན་གྱི་སྤོབས་པས་ཕྱུཌ་པས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལེགས་པར་ཚོར་ཞིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཚོའི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཕྱིན་པས། མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།