“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། གངས་ལྗོངས་ས་མཐོར་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་། སྣོད་བཅུད་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་བཅས་ཀྱི་དགའ་འོས་པའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
ལོ་ལྔའི་རིང་། རང་ལྗོངས་ཀྱི་མི་རིགས་ཁག་བརྩེ་བ་ཟབ་པ་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་བྱུང་བ ——
ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ཏེ་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། མི་རིཌ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། 2020ལོའི་ཟླ་དང་པོར། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུཌ་གཏོད་བྱེད་རྒྱུའི་སྲོལ་ཡིག》འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་དང་། ཟླ་5ཚེས་1ཉིན《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་དེ་ཐོག་ནས་རང་ལྗོངས་འདི་ཉིད་ས་གནས་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཐོག་མ་དེར་གྱུར་ནས་དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་མཚོན་ཡོད།
ལོ་ལྔའི་རིང་རང་ལྗོངས་ཀྱི་ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་སོང་བ་དང་། སྒུལ་ནུས་བརྗེ་སྒྱུར་སྔར་བས་མངོན་གསལ་དོད་དུ་སོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་མངོན་ཡོད།
ལོ་ལྔའི་རིང་། རང་ལྗོངས་ཀྱིས་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཡུལ་སྐོར་རིག་གནས་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་འཛིན་ཐོན་ལས། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ལས་རིགས་བཅས“ཐོན་ལས་ཆེན་པོ་བདུན”ལ་དམ་པོར་དམིགས་ཏེ། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་འདུ་འགོད་ལག་བསྟར་ཧུར་ཐག་གིས་ཐོན་ལས་ཀྱི་རྨང་གཞི་རིམ་མཐོ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ཡོད།
ས་གནས་ཁག་གི་ས་བབ་ཀྱི་ཁྱད་ཆོས་དང་། ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་རྨང་གཞི། འགྲིམ་འགྲུལ་སྒྲིག་བཀོད་ཀྱི་ལེགས་ཆ་བཅས་སྔར་བས་འདོན་སྤེལ་བྱ་ཆེད། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ས་ཁོངས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞོལ་ནས་གཞི་གཅིག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། དཔྱད་གཞི་ལས་མངོན་པར། མིག་སྔར་བོད་དབུས་དཔལ་འབྱོར་ཁུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། གཞིས་རྩེ་དང་ཉིང་ཁྲིར་རང་སྐྱོང་ལྗོངས་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་པ། བོད་ཤར་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ། བོད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་ཁྱད་ལྡན་ཡུལ་སྐོར་དང་འབྲོག་ལས་དཔལ་འབྱོར་ལ་འཕེལ་རྒྱས་གསར་པ་བྱུང་བ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”དང“ལེ་དབར་བརྒྱའི་སྣོད་བཅུད”འཛུགས་སྐྲུན་བྱེད་འགོ་བརྩམས་པ། མཚོ་བོད་ལྕགས་ལམ་གྱི་དཔལ་འབྱོར་རྒྱུད་དང་། ཁྲོན་བོད་དང་། ཡུན་བོད། ཤིན་བོད་བཅས་ཀྱི་གཞུང་ལམ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
ལོ་ལྔའི་རིང་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་སོང་ཡོད།
ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་འབེལ་པོ་དེ་ཙམ་མེད་པའི་མ་དངུལ་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་དེ་བས་མང་བ་སྤྱད་ནས་མང་ཚོགས་བློ་ཡིད་ཚིམ་པའི་དམངས་འཚོའི་རྒྱུགས་ལན་ཞིག་ཕུལ་བ་སྟེ། རང་ལྗོངས་ཀྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོས་ཏེ་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་5377ཚང་མ་ཕྱིར་འཐེན་བྱས་པ། རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་བཅས་དང་། ལས་ཞུགས་བརྟན་པོའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཞིང་འབྲོག་མང་ཚོགས་དེ་བས་མང་བ་གླ་པ་རྒྱུག་པར་བསྐྱོད་དེ་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་པ། སློབ་གསོའི་བྱ་གཞག་ཐད་གྲུབ་འབྲས་ཡག་པོ་ཐོབ་སྟེ“100%ལྔའི”དམིགས་ཚད་ཡོངས་སུ་མངོན་འགྱུར་ཐུབ་ནས་སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་སྲིད་འཛིན་གྲོང་ཚོ(གྲོང་ལྷན)66.8%ལ་ཡོངས་སུ་ཁྱབ་པ་དང་སློབ་གྲྭ་38.9%རུ་རིག་ལྡན་སློབ་གསོ་ཡོངས་སུ་ཁྱབ་པ། འཕྲོད་བསྟེན་བདེ་ཐང་བྱ་གཞག་ཐད་ཡར་རྒྱས་གསར་པ་བྱུང་སྟེ་ནད་གཞི་ཚབས་ཆེན་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལོ་གསུམ་གྱི་དམིགས་ཚད་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་བཅས་རེད།
ལོ་ལྔའི་རིང་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་པོ་བསྐྲུན་ཡོད།
ལོ་ལྔའི་རིང་རང་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་ནན་ཤོས་བརྟན་སྲུང་བྱེད་པ། སྲུང་སྐྱོང་ཁུལ་དང་བྱེད་ནུས་ཁུལ་འཛུགས་སྐྲུན་ཤུགས་ཆེན་བྱེད་པ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི། རྩྭ་ཐང་ནགས་ཚལ། འདམ་ར་གཙང་པོ་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད།
རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་ཆབས་ཅིག སྣོད་བཅུད་སྲུང་སྐྱོང་ལས་ཐོབ་པའི་ཁེ་ཕན་ཡང་ལོངས་སུ་སྤྱོད་བཞིན་ཡོད། 2019ལོར་བོད་ཀྱིས་སྣོད་བཅུད་ལས་གནས་ཁྲི་66ལྷག་ཙམ་དོན་འཁྱོལ་བྱས་པ་དང་། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་བྱ་དགའ་དང་ཁ་གསབ་མ་དངུལ་ཁག་སྒོར་དུང་ཕྱུར་97.7དོན་འཁྱོལ་བྱས་པ། སྔོ་སྒྱུར་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད། ལོ་ལྟར་ཞིང་འབྲོག་མང་ཚོགས་ཁྲི་10ལྷག་ཙམ་ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ལྷག་ཙམ་བྱུང་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བས་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་བསགས་ཡོད།
རླུང་བརྟེན་གཡོར་གྲུ་བསྒྲེངས་བཞིན་དུ། དཔའ་ངར་ཆེན་པོས་ལམ་དུ་བཞུད། འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་མི་རྣམས་དགའ་འོས་པ་ཞིག་ཡོད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པར”རྒྱང་ལྟ་བྱེད་སྐབས་མི་སེམས་ལ་སྐུལ་མ་ཐེབས་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཞན་ཞིག་འགོ་འཛུགས་གྲབས་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་དེ་བས་ངོ་མཚར་ཆེ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཞིག་འདིང་ངེས་རེད།