དབུ་ཤོག>ཆེད་སྒྲིག
  • བོད་སྡོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མཉམ་དུ་ཆེད་དོན་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-20

    བོད་སྡོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་སྙེ་མོ་དང་། ཆུ་ཤུར། སྟག་རྩེ། ལྷུན་གྲུབ་རྫོང་བཅས་དང་ཁྲེང་ཀོན་ཆུས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་ཞིང་འབྲོག་ལས་ཀྱི་ཐོན་ལས་དང་ཐོན་སྐྱེད་གཉེར་སྐྱོང་ལས་ཞིང་འབྲོག་པའི་འབབ་འཕར་ལ་དངོས་ཕན་ཐོབ་པ་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་ཆེད་དོན་བརྟག་ཞིབ་གནང་བ་རེད། ཉེ་ཆར། བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ལྷ་ས་གྲོང་ཁྱེར་གྱི་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་རུ་སྣེ་ཁྲིད་པ་རེད། 

    བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པས་ལྗོངས་ཡོངས་ཀྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཐོག ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཆེས་ཆེར་འཕར་འདུག་ཅེས་བསྟན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།