དབུ་ཤོག>ཆེད་སྒྲིག
  • སྙིང་སྟོབས་རབ་ཏུ་འཕེལ། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-14

    “ད་ཆ་ང་ཚོའི་གྲོང་ཚོའི་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད། རྒྱ་ཆེ་བའི་སྣུམ་ནག་ལམ་ཡོད་ལ། ཆུ་དང་གློག་དུད་ཚང་ཚང་མར་ཁྲིད་པ་དང་། སྐུད་མེད་དྲ་བ་ཡང་གྲོང་ཚོ་ཡོངས་ལ་ཁྱབ་ཡོད་པས། ཕྱིར་སྐྱོད་མི་དགོས་པར་གནས་ཚུལ་གསར་པ་མང་པོ་ཤེས་ཀྱི་ཡོད” ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྲོང་གསར་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཅིན་ཞ་ཡིས་ང་ཚོར་སྣེ་ལེན་ཞུ་བཞིན་དེ་ལྟར་བརྗོད་བྱུང་།

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་གྲོང་གསར་ནི་ཏེང་པའི་སྡོད་གནས་ཡིན་པ་དང་དུད་ཚང་71ཡོད། རི་ལྡེབས་སུ་ཆགས་པའི་གྲོང་ཚོའི་ཁང་པ་འབྱོར་འབྲིང་གྲོང་ཚོའི་འཆར་གཞི་ལྟར་བསྐྲུན་པ་དང་དཀྱིལ་དུ་མ་ལམ་བཟོས་ཡོད།

    གཟུགས་པོ་ཆེན་པོ་མེད་པ་དང་ཤ་རིད་ཀྱང་མིག་ཟུང་གྲུང་ཤ་དོད་པའི་ལོ་55ལ་སླེབས་པའི་ཅིན་ཞ་ཡིས་མགོ་ལ་གྱོན་པའི་ཉི་འགོག་ཞྭ་མོ་དམར་པོའི་དཀྱིལ་དུ་ཏང་རྟགས་དང“རྫ་ཡུལ་སྨད་གྲོང་རྡལ”ཞེས་པའི་ཡིག་འབྲུ་འཚེམ་དྲུབ་བརྒྱབ་འདུག་ལ། ཞྭ་མོའི་གཡས་གཡོན་གཉིས་སུ“མཐའ་སྲུང་གདོང་ལེན”དང“མཐའ་བརྟན་མཁར་རྫོང”ཞེས་པའི་ཕར་ཆིན་བརྒྱབ་འདུག

    ཅིན་ཞ་ཡི་དྲན་གསལ་ལ། ཏེང་པ་རྣམས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་དང་། གྲོང་མིའི་སྡོད་མལ་ཁོར་ཡུག་དང་བསམ་བློའི་འདུ་ཤེས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་འགྲོ་དུས་ནི་2015ལོ་ནས་རེད།

    སྔོན་ཆད་ཏེང་པས་གཟུགས་པོ་བཀྲུ་རྒྱུར་དང་དོད་མ་བྱེད་པ་དང་། འཁྲུད་ཁང་རྒྱག་པའི་བསམ་བློ་དེ་བས་མེད། ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་བློ་མཐུན་ཚོས་གྲོང་གསར་འཛུགས་སྐྲུན་གྱི་ས་བཀྲར་ཞིབ་བཤེར་བྱེད་སྐབས། ཁང་པ་ཚང་མར་འཁྲུད་ཁང་མེད་པ་ཤེས་འཕྲལ། དུད་ཚང་རེར་སྒོར་5000མང་དུ་བཏང་ནས་འཁྲུད་ཁང་རྒྱག་པའི་ཐག་བཅད་པ་རེད། “ད་ཆ་གྲོང་ཚོའི་དུད་ཚང་ཚང་མར་འཁྲུད་ཁང་ཡོད་པ་དང་། ལས་ཀ་ཚར་ནས་དཀའ་ལས་ཁག་སྐབས་འཁྲུད་ཁང་ནང་གཟུགས་པོ་འཁྲུད་ཆོག་པས་སྟབས་བདེ་ལ་གཙང་སྦྲ་ཡང་དོད་པོ་འདུག”

    ཅིན་ཞ་ཡིས་གྲོང་ཚོའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཅིག་པུ་དེ་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་120ལྷག་ཙམ་བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་བསྐྲུན་རྗེས་གྲོང་ཚོར་སྤྲད་པ་རེད་ཅེས་བརྗོད་བྱུང་།

    ཞིང་ཁྱིམ་སྤྲོ་སྐྱིད་ཁང་དེ་2016ལོའི་ཟླ་6པར་གྲོང་ཚོར་སྤྲད་ཅིང་། གྲོང་ཚོ་ཨུ་ལྷན་གྱིས་ཞིབ་འཇུག་གཏན་འབེབས་བྱས་རྗེས། ཞིང་ཁྱིམ་སྤྲོ་སྐྱིད་ཁང་དེ་གྲོང་ཚོའི་དུད་ཚང་དབུལ་པོ་3ལ་འགན་གཙང་སྤྲད་པ་དང་འགན་གཙང་ལེན་ཡུན་ལོ་གསུམ་རེད། འགན་གཙང་བླངས་པའི་ལོ་དང་པོར། ཞིང་ཁྱིམ་སྤྲོ་སྐྱིད་ཁང་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་སྒོར་ཁྲི་2སྤྲད་པ་དང་དུད་ཚང་རེར་ད་དུང་ཡོང་འབབ་སྒོར་ཁྲི་6བྱུང་ནས་དུད་ཚང་དབུལ་པོའི་ཞྭ་མོ་འཕུད་ཐུབ་པ་བྱུང་ཡོད།

    “ད་ཆ་གྲོང་མིའི་འབབ་ཁུངས་མང་དུ་ཕྱིན་ཡོད། དང་ཐོག་ང་ཚོས་ཕག་པ་གསོ་རུ་བཅུག་པས། གྲོང་ཚོའི་དུད་ཚང་ཁག་གཅིག་གིས་ཉུང་བས་ཕག་པ་བཞི་ལྔ་དང་། མང་བས་ཕག་པ་10ལྷག་ཙམ་གསོས་ཡོད། ངས་འདི་ལོ་ཕག་པ་1བཙོངས་ནས་སྒོར་3500རག་བྱུང་། ལོ་གཅིག་ལ་ཕག་པ་བཅུ་གྲངས་འཚོང་ཐུབ་ན་དངུལ་ག་ཚོད་རག་གི་མ་རེད་དམ། གྲོང་མི་ཚོས་ཕག་པ་གསོས་པ་ཕུད་ད་དུང་སྨན་རྩྭ་འཐུ་བར་འགྲོ་གི་ཡོད། གྲོང་ཚོ་གསར་པའི་རྒྱབ་ཀྱི་ནགས་ཚལ་དུ་དབྱར་རྩྭ་དགུན་འབུ་དང་། གླང་ཆེན་ཆིག་ཐུབ། སྡོང་ཕུང་བཅས་སྨན་རྩྭ་ཕུན་སུམ་ཚོགས་པོ་ཡོད། ལོ་ལྟར་ཟླ་7པ་ནས་ཟླ་11པའི་བར་གྲོང་མི་ཚོས་སྨན་རྩྭ་འཐུ་བར་འགྲོ་ཡི་ཡོད། སྔོན་མ་སྡོང་ཕུང་རྒྱ་མ་གང་ལ་སྒོར་ཟུར་གཉིས་ལས་རག་གི་མེད། ད་ལྟ་མི་རྣམས་ཀྱིས་ལྗང་མདོག་དང་སྦགས་བཙོག་མེད་པའི་སྨན་རྩྭར་དགའ་པོ་བྱེད་པས། སྡོང་ཕུང་བྲིན་ཁ་རྒྱུག་པ་དང་སྡོང་ཕུང་སོས་པ་རྒྱ་མ་གཅིག་ལ་སྒོར་40རག་གི་ཡོད། གྲོང་མི་ཚོས་སྡོང་ཕུང་འཐུ་ཐེངས་རེར་སྒོར་1000ལྷག་ཙམ་རག་པ་དང་། ལོ་གཅིག་ལ་མ་མཐར་ཡང་རི་ལ་སྨན་རྩྭ་འཐུ་བར་ཐེངས་གསུམ་སྐྱོད་ཀྱི་ཡོད་པས། ཁེ་བཟང་སྒོར་བཞི་སྟོང་ལྔ་སྟོང་རག་ཐུབ་ཅེས་རིག་གནས་ཁང་དུ་ཡོད་པའི་ཅིན་ཞ་ཡིས་ང་ཚོར་དེ་ལྟར་བརྗོད་བྱུང་།

    ཏེང་པའི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱུང་བ་དང་། དངུལ་སྨར་གྱི་ཡོང་འབབ་འཕར་བ། ཕྱུག་པོ་ཆགས་མོད། ཁོང་ཚོས་སློབ་གསོ་འཕེལ་རྒྱས་གཏོང་བ་བརྗེད་མེད། གྲོང་ཚོའི་ཕྲུ་གུ་ཚང་མ་སློབ་གྲྭར་འགྲོ་བར་དགའ་པོ་ཡོད་པ་དང་། ཁྱིམ་བདག་གིས་ཀྱང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོར་སློབ་ཆེན་དུ་རྒྱུགས་འཕྲོད་མཁན་14ཡོད་པ་དང་། སློབ་ཆེན་སློབ་མ་ཁག་གཅིག་སློབ་གྲྭ་ཐོན་རྗེས་ད་དུང་གྲོང་ཚོར་ལས་གཏོད་བྱེད་བཞིན་ཡོད།

    “ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དངུལ་མང་ཙམ་གསོག་པར་སྐུལ་ལྕག་བྱས་ཏེ། སྔ་ཙམ་འབྱོར་འབྲིང་གི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད། ང་ཚོ་ཏེང་པའི་དད་སེམས་ཀྱང་ཧ་ཅང་བརྟན་པོ་ཡོད། སྤྱི་ཚོགས་གསར་པར་ང་ཚོ་ཏེང་པར་རང་ལུས་རང་དབང་ཐོབ་ཡོད། ང་ཚོ་ཏེང་པའི་འགན་འཁྲི་ཆེ་ཤོས་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཡག་པོ་སྲུང་རྒྱུ་དེ་རེད་ཅེས་ཅིན་ཞ་ཡིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།