དབུ་ཤོག>ཆེད་སྒྲིག
  • ཕྱུག་འགྱུར་གྱི་ཐབས་ལམ་མང་ཞིང་འཚོ་བ་མཛེས་སྡུག་ལྡན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞན་ཀན་གྱིས།   |     སྤེལ་དུས།  2020-10-10

    ■ 1971ལོར་ལོ་14ལ་སླེབས་པའི་ཀུན་བཟང་དགེ་ལེགས་ལྷ་སར་རླངས་འཁོར་སྦྱོང་བར་ཡོང་བ་དང་། 1976ལོར་ལོ་19ལ་སླེབས་པའི་ཀུན་བཟང་དགེ་ལེགས་ཀྱིས་ཁོང་གི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་སེམས་ཐག་ཅིག་བཅད་པ་སྟེ་སྒོར་4000བསགས་ནས་བཅིངས་འགྲོལ་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་རྙིང་པ་ཞིག་ཉོས་ཤིང་། དུས་དེ་ནས་བཟུང་ཁོང་སྐམ་ཐོག་གྲོང་ཚོའི་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་བྱེད་མཁན་ཨང་དང་པོ་དེར་གྱུར།

    ■ 2012ལོ་ནས་2019ལོ་བར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5697ནས་སྒོར་12951བར་འཕར་ཏེ་ལོ་རེར་ཆ་སྙོམས་12.4%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18362ནས་སྒོར་37410བར་འཕར་ནས་ལོ་རེར་ཆ་སྙོམས་10.7%འཕར་བ།

    རྒྱལ་ལམ་317ལམ་ཐིག་གྲོང་ཚོ་དེ་ནས་བརྒྱུད་ཅིང་། “བོད་ཀྱི་བཅིངས་འགྲོལ་བཏང་བའི་གྲོང་ཚོ་དང་པོའི”སྒོ་བྱང་གྲོང་མདར་བཀལ་ཡོད་པ་དེས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་འདས་དོན་རང་ཤུགས་ངང་མཚོན། ལོ་ངོ་70གོང་བོད་དུ་སྐར་ལྔའི་དར་དམར་དང་པོ་དེ་གནས་འདི་ནས་བསྒྲེངས་བ་དང་། ད་ཆ་གྲོང་ཚོ་རྙིང་པར་རྣམ་པ་གསར་རྐྱང་བརྗེས་ནས་གྲོང་མིའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་མཆིས།

    སྐམ་ཐོག་གྲོང་ཚོར་སླེབས་དུས་དུད་ཚང་ཁ་ཤས་ཤིག་གིས་ཁང་པ་གསར་པ་རྒྱག་བཞིན་ཡོད། གྲོང་མི་ཀུན་བཟང་དགེ་ལེགས་ཀྱིས་དེའི་ནང་གི་ད་དུང་བརྒྱབ་ཚར་མེད་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་ཞིག་ལ་མཛུབ་མོ་བཙུགས་ཏེ“སྒེའུ་ཁུང་ཆེ་ལ་ཁང་མིག་ཆེན་པོ་ཡོད་པ་མ་ཟད། དཀར་ཆ་དོད་པ་དང་ཇུས་འགོད་ཀྱང་ཡག་པོ་བྱས་འདུག་པས་སླད་ཕྱིན་དེའི་ནང་བསྡད་ཚེ་སྐྱིད་པོ་ཡོང་ངེས་རེད”ཅེས་ངོ་སྤྲོད་བྱས།

    ལོ་63ལ་སླེབས་པའི་ཀུན་བཟང་དགེ་ལེགས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་རླངས་འཁོར་བཏང་ཞིང་། ད་ཆ“རྒན་ཡོལ”ཞུས་ནས་ལོ་3སོང་ཡོད།

    “ཆུང་དུས་གྲོང་མདར་བསྡད་ནས་རླངས་འཁོར་སྒུག་རྒྱུར་དགའ་པོ་ཡོད། དེ་དུས་རླངས་འཁོར་ཧ་ཅང་ཉུང་བས་རྟག་ཏུ་ཉིན་མང་པོ་སྒུག་ཀྱང་རླངས་འཁོར་གཅིག་ཀྱང་སླེབས་ཀྱི་མེད”འཁྲིས་སུ་ཡོད་པའི་འཇམ་དབྱངས་ཚེ་རིང་གིས“དམངས་གཙོའི་བཅོས་སྒྱུར་བྱས་མ་ཐག་པའི་སྐབས་སུ་འཇོ་མདའ་རྫོང་ཡོངས་ལ་རླངས་འཁོར་གསུམ་ལས་མེད་དེ། གཅིག་ནི་བཅིངས་འགྲོལ་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་དང་། གཅིག་ཤོས་ནི་པེ་ཅིང་རྟགས་ཅན་ཅི་ཕུའུ་རླངས་འཁོར། གཞན་ཞིག་ནི་གཞུང་ལམ་བདག་སྐྱོང་དུམ་བུའི་ལས་གྲྭའི་རླངས་འཁོར་བཅས་རེད། ད་ཆ་ཚང་མ་ཕྱུག་པོ་ཆགས་པས་དུད་ཚང་ཚང་མར་རླངས་འཁོར་འདུག”ཅེས་བརྗོད།

    1971ལོར་ལོ་14ལ་སླེབས་པའི་ཀུན་བཟང་དགེ་ལེགས་ལྷ་སར་རླངས་འཁོར་སྦྱོང་བར་ཡོང་བ་དང་། 1976ལོར་ལོ་19ལ་སླེབས་པའི་ཀུན་བཟང་དགེ་ལེགས་ཀྱིས་ཁོང་གི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་སེམས་ཐག་ཅིག་བཅད་པ་སྟེ་སྒོར་4000བསགས་ནས་བཅིངས་འགྲོལ་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་རྙིང་པ་ཞིག་ཉོས་ཤིང་། དུས་དེ་ནས་བཟུང་ཁོང་སྐམ་ཐོག་གྲོང་ཚོའི་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་བྱེད་མཁན་ཨང་དང་པོ་དེར་གྱུར།

    ཆབ་མདོ་དང་ཉིང་ཁྲི་ནས་གཏེར་རྡོ་དང་ཤིང་ཆ་ཁྲེང་ཏུའུ་རུ་དབོར་གྱི་ཡོད་པ་དང་། ཁྲེང་ཏུའུ་ནས་འབྲས་དང་། གྲོ་ཞིབ། ཇ་སོགས་འཚོ་བའི་མཁོ་ཆས་ཆབ་མདོ་དང་ལྷ་སར་དབོར་གྱི་ཡོད་ལ། ཕར་འགྲོ་ཚུར་འོང་བྱེད་ཐེངས་གཅིག་ལ་སྤྱི་ལེ་4000ལྷག་ཙམ་ཟིན་གྱི་ཡོད་པ་རེད། ལོ་41རིང་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་ཀུན་བཟང་དགེ་ལེགས་རྒྱལ་ལམ་317གི་ཐོག་ཐེངས་ག་ཚོད་བསྐྱོད་མིན་ཁོང་གིས་ཀྱང་དྲན་གྱི་མེད། དེ་སྔོན་ཁོད་མི་སྙོམས་པའི་ས་རྡོའི་ལམ་ཡིན་སྟབས་འཁོར་ལོ་འཕྲོ་བརླག་འགྲོ་སླ་བ་མ་ཟད། ལམ་ཡག་པོ་མེད་པས་འགྲིམ་འགྲུལ་ཡང་ཡང་འགག་པ་དང་། ཐེངས་ཤིག་ལམ་རྡིབ་པས་ང་ལམ་བར་ཟླ་གཅིག་ལྷག་ཙམ་ལུས་བྱུང”ཞེས་བརྗོད།

    ཀུན་བཟང་དགེ་ལེགས་ཀྱིས་བརྗོད་པའི་ས་རྡོའི་ལམ་ནི་དེ་སྔ་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་བོད་དུ་སྐྱོད་སྐབས་ཐོ་བ་དང་། ལྕགས་ཧྲེང་། སྦྱག་མ། འཇོར་བཅས་ལ་བརྟེན་ནས་བཟོས་པའི་ལམ་བུ་ཞིག་རེད། 1952ལོའི་ཟླ་11ཚེས་20ཉིན་ཁྲོན་བོད་གཞུང་ལམ་ཆབ་མདོ་བར་ཤར་གཏོང་ཐུབ་པ་དང་། 1954ལོར་ཁྲོན་བོད་གཞུང་ལམ(སྐབས་དེ་དུས“ཁམས་བོད་གཞུང་ལམ”ཞེས་འབོད་པ)དང་མཚོ་བོད་གཞུང་ལམ་གཉིས་ཀ་ལྷ་ས་བར་ཤར་གཏོང་ཐུབ་ཡོད། ད་ཆ། བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་10ལྷག་ཙམ་ལས་བརྒལ་བ་དེ་2012ལོའི་ལོ་མཇུག་ལས་སྤྱི་ལེ་ཁྲི་3.9རིང་དུ་སོང་བ་རེད།

    ས་རྡོའི་ལམ་སྣུམ་ནག་ལམ་དུ་གྱུར་པ་དང་། ཟམ་པ་རེ་རེ་བཞིན་བརྒྱབ་པ། ཕུག་ལམ་རེ་རེ་གཅིག་རྗེས་གཉིས་མཐུད་ངང་ཏལ་འབིགས་ཐུབ་པ་ལ་སོགས་དང་བསྟུན་ནས་ཀུན་བཟང་དགེ་ལེགས་ཀྱི་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་རྙིང་པ་དེའང་ཏུན་5ཐེག་པའི་ལྗིད་ཐེག་རླངས་འཁོར་ཆུང་བ་ཞིག་ལ་བརྗེས་པ་དང་རྗེས་སུ་སླར་ཡང་ཤར་རླུང་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་གསར་པ་ཞིག་ལ་བརྗེས་པ་རེད། “དེ་སྔོན་སྐམ་ཐོག་གྲོང་ཚོ་ནས་ཁྲེང་ཏུའུ་བར་ཉིན་བདུན་ནས་བརྒྱད་འགོར་གྱི་ཡོད་ལ་ལྷ་ས་བར་ཟླ་ཕྱེད་ཙམ་འགོར་གྱི་ཡོད་མོད། ད་ཆ་དེ་གཉིས་ཀར་ཉིན་གཉིས་གསུམ་ལས་འགོར་གྱི་མེད”

    དཀའ་སྤྱད་ལས་བརྩོན་བྱས་ཚེ་ཕྱུག་པོ་ཆགས་ཐུབ་ངེས་ཡིན་ཞིང་། ཀུན་བཟང་དགེ་ལེགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ནས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་2མ་ཟིན་ཙམ་ནས་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བར་འཕར་བ་དང་། སྐམ་ཐོག་གྲོང་ཚོར་ཡང“སྐྱེལ་འདྲེན”བྱེད་པའི་ཚ་རླབས་ཤིག་འཕྱུར་ནས་གྲོང་མི་10ལྷག་གིས་སྔ་རྗེས་སུ་ཀུན་བཟང་དགེ་ལེགས་དགེ་རྒན་དུ་བསྟེན་པ་རེད།

    “ད་ཆ་སྐམ་ཐོག་གྲོང་ཚོ་ནི་རླངས་འཁོར་གྱི་གྲོང་ཚོ་འཁྲུལ་མེད་ཅིག་ཏུ་གྱུར་ཡོད་ལ། ཞིང་འབྲོག་ལས་དང་། ཕྱི་ཕྱོགས་སུ་གླ་པ་རྒྱུག་པ། སྐྱེལ་འདྲེན་ལས་རིགས་བཅས་ཚང་མ་ནི་འབབ་འཕར་ཕྱུག་འགྱུར་ཡོང་བའི་རྟེན་ས་གཙོ་བོ་གསུམ་དུ་གྱུར་ཡོད”ཅེས་འཇམ་དབྱངས་ཚེ་རིང་གིས་བློ་ཡིད་ཚིམ་པའི་ངང་བརྗོད།

    བོད་དུ་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་ཡག་ཏུ་ཕྱིན་པ་དང་བསྟུན་ནས་སྐམ་ཐོག་གྲོང་ཚོ་དང་འདྲ་བའི“རླངས་འཁོར་གྲོང་ཚོ”མང་དུ་འགྲོ་བཞིན་ཡོད་ལ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། གྲངས་གཞི་ལས་མངོན་གསལ། 2012ལོ་ནས་2019ལོ་བར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5697ནས་སྒོར་12951བར་འཕར་ཏེ་ལོ་རེར་ཆ་སྙོམས་12.4%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18362ནས་སྒོར་37410བར་འཕར་ནས་ལོ་རེར་ཆ་སྙོམས་10.7%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།