ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྷོ་ཁ་གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འཇོན་ཐང་དང་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་མི་དམངས་འཐུས་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུཌ་སྐྱེས་སུ་ཕུལ་ནས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཡོད།
ཁྲིམས་ལུགས་ལ་བརྟེན་ནས་སྣེ་ཁྲིད་ཀྱིས་བློ་སྐྱོར་རིག་སྐྱོར་བྱས་པ།
ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་རྒྱུར་བརྩིས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྷོ་ཁ་གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས་གནད་སྨིན་ཤུགས་འདོན་གྱིས་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱས་ཡོད། ནུས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་གཟུགས་བརྙན་མངོན་པ་དང་རིམ་ཁག་མི་དམངས་འཐུས་ཚོགས་དང་འཐུས་མིའི་འཇོན་ཐང་མངོན་པའི་ལས་སྟེགས་གལ་ཆེན་ཞིག་ལ་བརྩིས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ“མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྟོང་གིས་རྩ་ཁྲིམས(བཅའ་ཁྲིམས)དྲིལ་བསྒྲགས་བྱེད་པ”དང“བཅའ་ཁྲིམས་ངའི་འགྲམ་དུ་ཡོད་པ”སོགས་ཀྱི་བྱེད་སྒོ་ཐེངས་1000ལྷག་ཙམ་སྤེལ་བ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་3700བྱེད་སྒོར་ཞུགས་ནས། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་ཁྲི་10སྤྲད་པ་དང་། བྱེད་སྒོའི་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་25ཟིན་ཡོད། “སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང”བཅས་ཀྱི་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་ཆུང་དང་གཞོགས་འདེགས་ཧུར་ཐག་བྱས་ནས་ཁྲོམ་གཞུང་སྲང་ལམ་དང་། ཞིང་ནང་མུ་ཁ། དབྱར་རྩྭ་དགུན་འབུ་འཐུ་ས་སོགས་མི་སྣ་འདུ་འཛོམས་ཆེ་སར་བསྐྱོད་དེ། བཅའ་ཁྲིམས་ཁྲིམས་སྲོལ་དང་དབུལ་སྐྱོར་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། བློ་སྐྱོར་རིག་སྐྱོར་བྱས་ཏེ། མང་ཚོགས་ལ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱས་ཏེ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད།
ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཐབས་འདོན་ཇུས་འདོན་བྱས་པ།
གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དོན་ཐོག་ཏུ་མ་འཁྱོལ་བའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་ལས་དོན་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་དང་། ཆེད་དོན་བརྟག་ཞིབ། འཐུས་མིས་ལྟ་ཞིབ། ལས་དོན་དཔྱད་མོལ། བློ་ཡིད་ཚིམ་ཚད་ཞིབ་བསྡུར་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོར་ལྟ་སྐུལ་སྒྲུབ་གཉེར་ནན་ཏན་བྱས་པ་དང་། མ་དངུལ་གཏོང་བ་དང་ཐོན་ལས་འཕེལ་རྒྱས། ཕུགས་ཕན་ལམ་སྲོལ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དེ་ལྟ་སྐུལ་གྱི་གཙོ་གནད་དུ་བརྩིས་ནས་འབྲེལ་ཡོད་སྡེ་ཚན་གྱིས་གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། ལྷོ་བྲག་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཅིག་སྡུད་ལྟ་ཞིབ་དང་། ཁྲིམས་བསྟར་ཞིབ་བཤེར། འཐུས་མིའི་ཚོགས་ཆུང་གི་བྱེད་སྒོ་སོགས་ཀྱི་བྱ་ཐབས་སྤྱད་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཤང་དང་གྲོང་རྡལ་དང་གྲོང་ཚོ(གྲོང་ལྷན)དུ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ་གསལ་པོ་ཤེས་སུ་འཇུག་ཡོད།
བརྟག་ཞིབ་གཏིང་ཟབ་བྱས་ནས་དཀའ་གནད་བསལ་བ།
ལྷོ་ཁ་གྲོང་ཁྱེར་ནི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་དང་སྣ་དཀར་རྩེ་རྫོང་དང་། མཚོ་སྣ་རྫོང་། མཚོ་སྨད་རྫོང་། ལྷུན་རྩེ་རྫོང་བཅས་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན་པའི་དོན་དངོས་ལ་དམིགས་ནས། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་དོན་དངོས་ལ་གཞིགས་པ་དང་ས་ཆ་དངོས་སུ་ཟབ་བསྐྱོད་བྱ་རྒྱུ་མཐའ་འཁྱོངས་དང་ཐབས་ཇུས་དམངས་ལ་དྲིས་ཏེ་དབུལ་པོ་སེལ་བའི་བྱ་ཐབས་འཚོལ་ཞིབ་བྱས་ཡོད། གོང་དཀར་རྫོང་མི་དམངས་འཐུས་ཚོགས་ཀྱིས་འཐུས་མི་སྒྲིག་འཛུགས་བྱས་ནས་རྫོང་དེའི་སྲིད་འཛིན་གྲོང་ཚོ་36ལ་བསྐྱོད་དེ། ཆེད་དོན་བརྟག་ཞིབ་དང་། གནད་སྨིན་ངང་གནད་དོན་གསལ་རྟོགས་དང་། གནད་སྨིན་ངང་གནས་ཚུལ་ཐག་གཅོད། གནད་སྨིན་ངང་བསམ་འཆར་འདོན་པ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།