དབུ་ཤོག>ཆེད་སྒྲིག
  • ཇ་ལོ་ཆུང་ཆུང་། ཐོན་ལས་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-30

    2019ལོའི་ལོ་མཇུག་ཏུ། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་7.02བཏང་སྟེ། ཇ་ལོ་མུའུ་ཁྲི་4.5བཏབ་པ་དང་། ཇའི་ཐོན་སྐྱེད་ལས་སྣོན་གྱི་ཁེ་ལས་11ཐོ་འགོད་བྱས་པ་དང་། “གངས་ལྗོངས་ཀྱི་ཇ་ལུང”དང་། “མེ་ཏོག་གི་ཇ” “ཧི་མ་ལ་ཡའི་ཇ་བཟང” “བོད་ཡུལ་གྱི་ཇ”བཅས་སྤུས་རྟགས་དང་ཚོང་རྟགས་4ཡོད་པར། རིགས་ཆེ་གྲས་10ཡི་ཐོན་རྫས་29ཚུད་ཡོད།

    2020ལོའི་ཟླ་6པའི་ཟླ་མཇུག་བར་ཉིང་ཁྲི་གྲོང་ཁྱེར་གྱི་དཔྱིད་དུས་ཀྱི་ཇ་ལོ་འཐུ་ཚད་སྤྱི་རྒྱ་ཁྲི་7.5ཙམ་ཟིན་པ་དང་ཇ་ལོ་འཐུ་རིན་སྒོར་ཁྲི་482.3སྤྲད་ནས་མི་1400ལྷག་ཙམ་ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3445བྱུང་བ་དང་། ཇ་ལོ་སྐམ་པོ་ཐོན་ཚད་སྤྱི་རྒྱ་ཁྲི་1.55ཟིན་པ་དང་ཐོན་ཚད་རིན་ཐང་སྒོར་ཁྲི་1600ཟིན་ཡོད། གཞན་ཡང་དུད་ཚང་དབུལ་པོ་དང་མཐའ་མཚམས་ས་ཁུལ་གྱི་དུད་ཚང་དབུལ་པོ་རྟེན་གཞི་འཛུགས་སྐྲུན་དང་། ཞིང་ནང་བདག་སྐྱོང་། ཇ་ལོ་འཐུ་བསྡུ་དང་ལས་སྣོན་བཅས་ལ་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་2000ཡན་བྱུང་སྟེ་སྲོལ་རྒྱུན་གྱི་ཞིང་པ་ནས་ཆེད་ལས་ཇ་འདེབས་མཁན་ལ་འགྱུར་ལྡོག་བྱུང་ཡོད།

    འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་བཀོད་སྒྲིག་ལེགས་སུ་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་ཤུགས་ཀྱིས་སྐུལ་འདེད་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཇའི་ཐོན་ལས་འཕེལ་རྒྱས་དེ་གཞི་ཁྱོན་དང་གྲངས་འབོར་འཕར་བའི་རྣམ་པ་ནས་སྤུས་ལྡན་དང་ཕན་ཆེའི་རྣམ་པར་གྱུར་བ་དང་། ཇའི་ཐོན་ལས་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཕན་ཆེའི་ཞིང་ལས་གང་ལེགས་མངོན་པའི་ལེགས་ཆའི་ཐོན་ལས་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཅུང་ཆེན་པོ་ལྡན་པའི་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས། ཞིང་པ་དབུལ་སྒྲོལ་དང་འབབ་འཕར་ལ་སྣེ་ཁྲིད་བྱེད་པའི་དམངས་ཕྱུག་ཐོན་ལས་བཅས་སུ་འཕེལ་རྒྱས་བྱུང་བ་དང་། དེ་ལས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་གོམ་སྟབས་གཅིག་མཚུངས་ཀྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད།

    2017ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ལྗོངས་ཇ་ལོ་ཚན་ཞིབ་སུའོ་གདན་དྲངས་ཏེ། 《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཉིང་ཁྲི་གྲོང་ཁྱེར་གྱི་ཇའི་ཐོན་ལས་ཀྱི་ཆེད་དམིགས་འཆར་འགོད》བཟོས་པ་དང་། 2019ལོའི་ཟླ་12པར་ཉིང་ཁྲི་གྲོང་ཁྱེར་གྱིས་སླར་ཡང་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《2020ལོ་ནས་2030ལོ་བར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་ཇའི་ཐོན་ལས་ཀྱི་སྤྱིའི་འཆར་འགོད》བཟོས་ཏེ། ཡུལ་བབ་དང་བསྟུན་ནས་རྫོང་གསུམ་དང་། ཇ་ར་གཉིས། ཀླུ་ནང་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ལ་ཇའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་འཆར་འགོད་བྱས་ཤིང་། གཙོ་བོ་སྣ་ཁའི་གྲངས་འབོར(སོན་གསོ)དང་། ཐོན་རྫས་ཀྱི་སྣ་ཁ། སྤུས་ཚད། སྤུས་རྟགས་འཛུགས་གཏོད། མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་སོགས་་འཆར་འགོད་བྱས་པ་རེད།

    རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་ཁྱོན་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ།

    མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་ཇ་ལོ་མུའུ་4434.5གསར་དུ་བཏབ་པའི་ཁྲོད། མེ་ཏོག་རྫོང་གིས་མུའུ་188དང་། སྤོ་བོ་རྫོང་གིས་མུའུ་2377 རྫ་ཡུལ་རྫོང་གིས་མུའུ་1675 ཡིད་འོང་ཇ་རས་མུའུ་40 ཀླུ་ནང་དོ་དམ་ཨུ་ཡོན་ལྷན་ཁང་གིས་མུའུ་125 རྫ་ཡུལ་གྱི་ཞིང་རས་མུའུ་20བཅས་བཏབ་པ་དང་། ས་བབ་མཐོ་བའི་ཚོད་འདེབས་མུའུ་9.5བྱས་པ་རེད།

    དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་གྱིས་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཡུལ་དེ་གའི་ཁེ་ལས་ལ་རོགས་སྐྱོར་དང་། ཚོང་འགུག་མ་འདྲེན་ལ་བརྟེན་ནས་སྣེ་འདྲེན་ཁེ་ལས་ནང་འདྲེན། ཁྲོམ་རའི་ལམ་སྲོལ་ལ་བརྟེན་ནས་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པ་བརྒྱུད། གཉེར་སྐྱོང་བྱེད་པོས་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། “ཀུང་སི་+མཉམ་ལས་ཁང་+ཞིང་དུད”དང“སྣེ་འདྲེན་ཁེ་ལས་+མཉམ་ལས་ཁང་+ཞིང་དུད”སོགས་བྱེད་ཐབས་གཞིར་བཟུང་། ཕྱུག་འགྱུར་སྣེ་ཁྲིད་པ་དང་དཔལ་འབྱོར་ཐད་ཀྱི་འཇོན་ཐང་ཅན་ལ་བརྟེན་ནས་ཞིང་འབྲོག་པ་རྣམས་ཐོན་ལས་འཕེལ་རྒྱས་ཁྲོད་ཧུར་ཐག་ཞུགས་སུ་བཅུག་པ་དང་། མཉམ་ལས་ཁང་དང་ཞིང་འབྲོག་པ་དང་ཁེ་ལས་དབར་གྱི་ཁེ་ཕན་གྱི་འབྲེལ་བ་དེ་བས་དམ་ཚགས་སུ་བཏང་ནས་ཞིང་འབྲོག་པའི་ཕྱུག་འགྱུར་འབབ་འཕར་གྱི་སེམས་ཤུགས་འཕེལ་བར་བྱས་ཡོད།

    སྤུས་རྟགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་གཉེར་ཚོང་ལ་ཤུགས་སྣོན་བརྒྱབ་པ།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཇ་ལོའི་སྤུས་རྟགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉིང་ཁྲིའི་ཇའི་ཐོན་རྫས་ཀྱི་མིང་གྲགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། “ཉིང་ཁྲིའི་ཇ་ལོའི”སྤྱི་པའི་སྤུས་རྟགས་ཧུར་ཐག་བཏོད་པས་མིག་སྔར“ཉིང་ཁྲིའི་ཇ་པ་ཏི”ལ་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་ནས་ཐོ་འགོད་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད། འདི་ལོའི་ཟླ་4པར་མེ་ཏོག་རྫོང་གི་མེ་ཏོག་ཇ་ལས་ཚད་ཡོད་ཀུང་སིའི་ཧི་མ་ལ་ཡའི་ཇ་བཟང་སྤུས་རྟགས་ཀྱི“མེ་ཏོག་གི་ཇ་པ་ཏི”ལ་སྐབས་དགུ་པའི་སི་ཁྲོན་གྱི་རྒྱལ་སྤྱིའི་ཇའི་སྟོན་ཚོགས་ཐོག“གསེར་གྱི་བྱ་དགའི་ཇ་ལོའི”མཚན་སྙན་ཐོབ་པ་དང་། འདི་ལོའི་ཟླ་5པར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོ་དང་། བདུན་པ། བཅུ་གཅིག་བཅས་ལ“ཉིང་ཁྲི་ནས་ཐོན་པའི་བོད་ཀྱི་ཇ་བཟང”ཞེས་པའི་ཇ་ལོ་དྲིལ་བསྒྲགས་ཀྱི་བརྡ་སྦྱོར་བསྟན་ཡོད། ཟླ་5ཚེས་21ཉིན་སྐབས་དང་པོའི“རྒྱལ་སྤྱིའི་ཇའི་ཉིན་མོར”མེ་ཏོག་རྫོང་གིས་མེ་ཏོག་ཇ་ལས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་ཨ་ལི་ཐའོ་པའོ་ཡི་ལས་སྟེགས་སུ་སྐབས་དང་པོའི“རྒྱལ་སྤྱིའི་ཇའི་ཉིན་མོར”རྫོང་དཔོན་གྱིས་ཐད་གཏོང་ཟོག་འཚོང་བྱེད་སྒོ་སྤེལ་བར་དྲིལ་བསྒྲགས་ཀྱི་ནུས་པ་ཡག་པོ་ཐོན་ཅིང་། ཐད་གཏོང་ལྟ་ཚད་ཐེངས་ཁྲི་37ལྷག་ཙམ་ཟིན་པ་དང་། ལྟ་མཁན་མི་ཐེངས་ཁྲི་13ལྷག་ཙམ་ཟིན་པ། མངགས་ཐོ་329ཟིན་པ། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།