དབུ་ཤོག>ཆེད་སྒྲིག
  • ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-09-29

    “ད་ཆ་ང་ལ་ཟླ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོད་པ་བསམ་ཡུལ་ལས་འདས་སོང་། ཀུང་སིས་ང་ལ་ལག་རྩལ་མང་པོ་འདི་འདྲ་བསླབས་པ་ལས་ནང་མི་ཚོར་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བོད་ལྗོངས་གཙང་ཡོན་ནས་ཆང་ལས་རིགས་ཚད་ཡོད་ཀུང་སིའི་ནས་ཆང་འཁོར་ཁང་གི་ཀྲུའུ་རེན་ལྷག་ཆུང་གིས་བཤད།

    དང་ཐོག་ཀུང་སིར་སླེབས་སྐབས་ཁོང་གིས་ཐོན་སྐྱེད་བཟོ་རྩལ་གང་ཡང་ཤེས་ཀྱི་མེད། འོན་ཀྱང་ཀུང་སིའི་འགོ་ཁྲིད་ཀྱིས་ཁོ་པ་བརྩོན་འགྲུས་ཆེན་པོ་ཡོད་པ་མཐོང་རྗེས་དམིགས་སུ་གསོ་སྐྱོང་བྱས་ཤིང་། སྔ་རྗེས་སུ་པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་སོགས་ཀྱི་ཁེ་ལས་ལ་ཐོན་སྐྱེད་དོ་དམ་སློབ་སྦྱོང་བྱེད་པར་བཏང་བ་བརྒྱུད། ནས་ཆང་སྙོལ་སྟངས་དང་འཕྲུལ་ཆས་དང་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་ཁོང་དུ་ཆུད་པའི་ལག་རྩལ་རྐང་འཛིན་པ་ཞིག་ཏུ་གྱུར། 2017ལོར་ལྷ་ས་གྲོང་ཁྱེར་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ་དང་། 2018ལོར་བོད་རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ། 2019ལོར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་ཡོད།

    ད་ལོའི་ལོ་སྟོད་ཁོ་ནར་ལྷ་སའི་སྟག་རྩེ་བཟོ་ལས་གླིང་གིས་གླིང་དེའི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཅས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་པ་དང་ཆབས་ཅིག རང་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ། མང་ཚོགས་དབུལ་པོའི་སྣེ་ཁྲིད་དེ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི“མཐའ་མའི་འགག་གནད”བསལ་ཡོད། ཟླ་6པའི་ཟླ་མཇུག་བར། སྟག་རྩེ་བཟོ་ལས་གླིང་གི་ཁེ་ལས་ལ་ཐེམ་ཁུངས་སྟག་རྩེ་ནས་ཡིན་པའི་ཞིང་འབྲོག་ལས་བཟོ་269ཡོད་པ་དང་ཞིང་འབྲོག་པ་མི་ཐེངས་800ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།