དབུ་ཤོག>ཆེད་སྒྲིག
  • ​ཇོ་མོ་གླང་མའི་འདབས་སུ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཝང་པིན་ཁུན་དང་ཀྲའོ་དབྱི་ཧུང་།   |     སྤེལ་དུས།  2020-09-29

    འདི་ནི་པ་སྣམ་རྫོང་བན་ཚང་གྲོང་ཚོའི་སྔོ་ཚལ་མཉམ་ལས་ཁང་གི་ལག་རྩལ་པ་བུ་ཆུང(གཡས)གིས་སྔོ་ཚལ་སྐྱེ་འཚར་ལ་ལྟ་བཞིན་པ།

     2017ལོ་ནས་བཟུང་། ཀུང་སིས་མ་དངུལ་བསྡུ་སྒྲིལ་དང་ས་ཆ་མུའུ་1087བརྒྱུད་བཤུག་བྱས་ནས་དྲོད་ཁང་119བསྐྲུན་པ།

     ཇོ་མོ་གླང་མ་ཞིང་ལས་ཀུང་སིའི་སྔོ་ཚལ་གླིང་བསྐྲུན་ཚུན། མིག་སྔར་ས་ཆ་བརྒྱུད་བཤུག་གི་གྲོན་དངུལ་སྒོར་ཁྲི་2000ཙམ་སྤྲད་ནས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་སྤོགས་སྒོར་ཁྲི་500ལྷག་ཙམ་བགོས་པ་མ་ཟད། ཞིང་འབྲོག་པ་200ཙམ་བསྡུས་ནས་ལས་ཞུགས་ཐུབ་ཡོད།

    པ་སྣམ་རྫོང་ལ་བལྟས་ན། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་འོག་སྔོ་ཚལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ནས་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་པའི་དུད་ཚང་7000ལྷག་ཙམ་གྱི་ནང་ནས་དུད་ཚང་3200ཐད་ཀར་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ནང་ཞུགས་ཤིང་། 2019ལོར་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཡན་ཟིན་ཡོད།

    “ཁུ་ཀྭ་འདི་དག་ལ་ལྟོས་དང་། ཟླ་7པའི་ཚེས་9ཉིན་ནས་འབྲས་བུ་ཐོགས་ཏེ་ད་བར་རྒྱ་མ་ཁྲི་5ལྷག་བྱུང་ཡོད། སྔོན་དཔག་ལྟར་ན་ཁྱོན་བསྡོམས་རྒྱ་མ་ཁྲི་7ལས་མི་ཉུང་བ་ཡོང་ངེས་པས་ནང་སའི་ཐོན་འབོར་དང་མཚུངས”ཞེས་ཧྲན་ཏུང་ཧྲོའུ་ཀོང་ནས་ཡིན་པའི་སུན་ཝུན་ཆིང་གིས་དགའ་ཚོར་ངང་བརྗོད།

    སུན་ཝུན་ཆིང་ནི་བོད་ལྗོངས་ཇོ་མོ་གླང་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་རྩལ་པ་ཞིག་རེད།

    ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་ཆེ་གྲས་དེ་ཇོ་མོ་གླང་མའི་འདབས་ཀྱི་གངས་ལྗོངས་ས་མཐོའི“ཤིང་འབྲས་དང་སྔོ་ཚལ་གྱི་ཕ་ཡུལ”ཞེས་མཚན་སྙན་ཡོད་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་གནས་ཡོད།

    2017ལོ་ནས་བཟུང་། ཀུང་སིས་མ་དངུལ་བསྡུ་སྒྲིལ་དང་ས་ཆ་མུའུ་1087བརྒྱུད་བཤུག་བྱས་ནས་དྲོད་ཁང་ཆེ་མོ་119བསྐྲུན་ཞིང་། ཀུང་སིའི་ཏུང་ཧྲི་ཀྲང་པ་སངས་དོན་གྲུབ་ཀྱིས་གདན་འདྲེན་ཡང་ཡང་ཞུས་མཐར་ཧྲན་ཏུང་ནས་སུན་ཝུན་ཆིང་ཚུད་པའི་མི་10ཡི་ལག་རྩལ་ཚོགས་པ་སླེབས་ཡོད།

    “ཀུན་གྱིས་དེང་རབས་ཞིང་ལས་ཀྱི་འབྱུང་འགྱུར་ཡག་པོ་ཡོད་ཟེར། ངས་ཐེངས་དང་པོར་ལས་ཀ་འདི་བྱས་པ་ཡིན་ལ་མ་རྩ་འགན་ལེན་གྱིས་ཁེ་སྤོགས་ཕྲན་བུ་ལེན་ཐུབ་པ་ནི་ཧ་ཅང་ལས་སླ་པོ་མ་རེད”ཅེས་པ་སྣམ་ས་ཆ་རང་དུ་སྐྱེས་པའི་པ་སངས་དོན་གྲུབ་ཀྱིས་བཤད། ལོ་གསུམ་གྱི་གོང་། ལས་གྲྭ་བསྒྲུབས་པ་དང་། བརྡ་ཆ་ཀུང་སི་བཙུགས་པ། ས་ཁང་ཐོན་ལས་གཉེར་བ་བཅས་བྱས་མྱོང་བའི་ཁེ་ལས་མཁས་ཅན་དེས་སྲིད་གཞུང་གི་སྐུལ་ལྕག་ལ་བརྟེན་ནས་སྔོ་ཚལ་ཐོན་ལས་ནང་ཞུགས་ཏེ་ས་གནས་དེ་གའི་མི་རྣམས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱས་ཡོད།

    “རྒྱལ་ཡོངས་ཀྱི་སྔོ་ཚལ་ནི་ཧྲོའུ་ཀོང་ལ་བརྟེན་དགོས། བོད་ཀྱི་སྔོ་ཚལ་ནི་པ་སྣམ་ལ་བརྟེན་དགོས”“འཛམ་གླིང་ཡང་རྩེ”རུ་གཞི་ཁྱོན་ཆེ་ཤོས་ཀྱི་སྔོ་ཚལ་ཐོན་ཁུལ་ཡིན་པའི་ཇོ་མོ་གླང་མ་ཞིང་ལས་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་བཅའ་སྡོད་བྱས་པས་པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་རིམ་སྤོར་གྱི་རེ་བ་བྱུང་ཡོད།

    1998ལོར་ཧྲན་ཏུང་ཅི་ནན་གྱི་བོད་སྐྱོར་ལས་བྱེད་པའི་རོགས་རམ་ལ་བརྟེན་ནས་པ་སྣམ་རྫོང་གིས་དྲོད་ཁང་ཆེ་མོ་བསྐྲུན་པ་དང་སྔོ་ཚལ་འདེབས་འགོ་ཚུགས་ཡོད། པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཐན་གྱིས། 2015ལོར་སླེབས་སྐབས་པ་སྣམ་གྱི་སྔོ་ཚལ་ལ་གཞི་ཁྱོན་ངེས་ཅན་ཡོད་ནའང་། ཐོན་ལས་ཆུང་བ་དང་། ཁ་ཐོར་བ། ཉམས་ཞན་བཅས་ཡིན་པས་ཁྲོམ་རའི་འགྲན་རྩོད་ནུས་པ་ཞན་པའི་སྐྱོན་ཆ་སྔར་བཞིན་གནས་ཡོད་ཅེས་ངོ་སྤྲོད་བྱས།

    ཐོན་ལས་ཀྱི་དབུལ་སྐྱོར་ཇི་ལྟར་བྱེད་དགོས་སམ་ཞེ་ན། པ་སྣམ་རྫོང་གིས་ཚོང་འགུག་མ་འདྲེན་དང་རང་སའི་ཁེ་ལས་སྐྱེད་སྲིང་བྱ་རྒྱུའི་ཐག་བཅད་པ་རེད། ཇོ་མོ་གླང་མ་ཞིང་ལས་ཀུང་སི་དང་འདྲ་བར་ཧྲན་ཏུང་ཧྲོའུ་ཀོང་སྔོ་ཚལ་ཐོན་ལས་མ་རྐང་ཚོད་འཛིན་ཚོགས་པ་དང་། ཧྲང་ཧའེ་སུན་ཆའོ་དབྱི་ཅ་ཀུང་སི། ཧུའུ་ནན་ཧྭ་ལུའེ་ཀུང་སི་སོགས་ཁེ་ལས་སྔ་རྗེས་སུ་དེ་གར་སླེབས་ཡོད།

    ཉེ་འཁོར་གྱི་གྲོང་ཚོ་ནས་ཡིན་པའི་ཡུལ་མི་མིག་དམར་ཕན་ཐོགས་ནི་ཇོ་མོ་གླང་མ་ཞིང་ལས་སྔོ་ཚལ་གླིང་Bཁུལ་ཨང་1—3དྲོད་ཁང་གི་འགན་འཁུར་བ་ཡིན། མུའུ་5ཟིན་པའི་ཁུ་ཀྭ་ཡི་དྲོད་ཁང་དུ་མིག་དམར་ཕན་ཐོགས་ཀྱིས་རྒྱུན་གཏན་གྱི་ལྟ་སྲུང་དང་ཞིང་ནང་གཡོག་བྱེད་ཀྱི་འགན་ཁུར་བ་དང་། ལས་ཀ་མང་དུས་སུ་ད་དུང་གྲོང་ཚོའི་ནང་གི་ཞིང་དུད་རོགས་པ་བྱེད་པར་སྐད་བཏང་ནས་མི་རེར་ཉིན་རེར་སྒོར་140ཙམ་སྤྲོད་ཀྱི་ཡོད།

    ཇོ་མོ་གླང་མ་ཞིང་ལས་ཀུང་སིའི་སྔོ་ཚལ་གླིང་བསྐྲུན་ཚུན། མིག་སྔར་ས་ཆ་བརྒྱུད་བཤུག་གི་གྲོན་དངུལ་སྒོར་ཁྲི་2000ཙམ་སྤྲད་ནས་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་སྤོགས་སྒོར་ཁྲི་500ལྷག་ཙམ་བགོས་པ་མ་ཟད། ཞིང་འབྲོག་པ་200ཙམ་བསྡུས་ནས་ལས་ཞུགས་ཐུབ་ཡོད།

    པ་སྣམ་རྫོང་ལ་བལྟས་ན། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་འོག་སྔོ་ཚལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ནས་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་པའི་དུད་ཚང་7000ལྷག་ཙམ་གྱི་ནང་ནས་དུད་ཚང་3200ཐད་ཀར་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ནང་ཞུགས་ཤིང་། 2019ལོར་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཡན་ཟིན་ཡོད།

    སྔོ་ཚལ་གླིང་དུ་ཧྲན་ཏུང་གི་ལག་རྩལ་པ་རེའི་འཁྲིས་སུ་བོད་རིགས་སློབ་ཆེན་སློབ་མ་དང་འདེབས་འཛུགས་པ་རེ་ཡོད། པ་སྣམ་རྫོང་གྲའུ་གྲོང་གྲོང་ཚོའི་དབང་ཕྱུག་ད་ལོ་ལོ་44ལ་སླེབས་ནའང་གུས་ཞབས་དང་བཅས་སུན་ཝུན་ཆིང་ལ་རྒན་ལགས་ཞེས་འབོད་ཀྱི་ཡོད་པ་རེད། སུན་ཝུན་ཆིང་གི་རོགས་རམ་འོག་དབང་ཕྱུག་གིས་མྱུ་གུ་གསོ་བ་དང་སྤོ་འཛུགས་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་ཡོད། “ཀུང་སིས་སློབ་ཆེན་སློབ་མ་དང་འདེབས་འཛུགས་པར་ལག་རྩལ་སྔར་བས་མང་བ་ཁོང་དུ་ཆུད་རྒྱུར་སྐུལ་ལྕག་གཏོང་གི་ཡོད། ལོ་གསུམ་གྱི་རྗེས་རང་རྐྱ་འཕེར་བའི་གཉེར་སྐྱོང་དང་ཁེ་ལས་དོ་དམ་གྱི་ལས་འགན་འཁུར་ཐུབ”ཅེས་སུན་ཝུན་ཆིང་གིས་བརྗོད།

    མིག་སྔར་ཇོ་མོ་གླང་མ་ཞིང་ལས་ཀུང་སིས་ད་དུང“ཀུང་སི+མཉམ་ལས་ཁང+ཞིང་དུད”ཀྱི་མཉམ་ལས་བྱེད་སྟངས་འཆར་འགོད་བྱེད་ཀྱི་ཡོད་ཅིང་། མཉམ་ལས་ཁང་ལ་གཅིག་གྱུར་ཐོག་ལག་རྩལ་གསོ་སྦྱོང་མཁོ་འདོན་དང་སོན་དང་མྱུ་གུ་སྤྲོད་པ་བརྒྱུད་སྤུས་རྟགས་གཅིག་གྱུར་དང་། ཉོ་སྒྲུབ་གཅིག་གྱུར། རིན་གོང་གཅིག་གྱུར་བཅས་ཀྱི་བྱེད་ཐབས་སྤྱད་ཅིང་། པ་སངས་དོན་གྲུབ་ཀྱིས་ཞིང་ལས་ཐོན་ཟོག་སྤུས་ལེགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས་མཐར་ཐུག་གི་དམིགས་ཚད་ནི་པ་སྣམ་གྱི་སྔོ་ཚལ་དེ་ནང་སའི་ཁྲོམ་རར་འདོན་རྒྱུ་དེ་རེད།

    ལོ་ངོ་20ཡི་གོང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བྱུང་བ་ནས་ད་ལྟ་ཞིབ་ཚགས་ཅན་གྱི་དོ་དམ་དང་ཁྲོམ་རའི་གསར་འབྱེད་ཕྱོགས་སྒྱུར་བར་པ་སྣམ་སྔོ་ཚལ་གྱིས་ཐོན་ལས་གསར་བརྗེ་གཏིང་ཟབ་ཅིག་བརྒྱུད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།