དབུ་ཤོག>ཆེད་སྒྲིག
  • “རྒྱལ་ཡོངས་ཀྱི་བུད་མེད་དབུལ་སྒྲོལ་དཔེ་སྟོན་རྟེན་གཞིའི”མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-25

    “བུད་མེད་ཀྱི་དབུལ་སྒྲོལ་བྱ་སྤྱོད”རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་བུད་མེད་དེ་བས་མང་བ་རྟེན་གཞིར་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་པ་དང་། རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐྱེད་སྲིང་ཧུར་ཐག་དང་། གདམ་གསེས་རྒྱ་ཁྱབ། རེ་ཞུ་ཧུར་ཐག འགག་སྒོ་ནན་སྲུང་བཅས་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་དཔྱད་དང་། བསྐྱར་ཞིབ། ཡོངས་བསྒྲགས་བཅས་བྱས་པ་བརྒྱུད། ཉེ་ཆར་རང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྙེ་མ་ཞིང་ལས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གསར་རེ་ཞིང་འབྲོག་པའི་འཁལ་འཐག་ཆེད་ལས་མཉམ་ལས་ཁང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐལ་བཟང་མེ་ཏོག་མི་རིགས་གྱོན་ཆས་ལས་སྣོན་ཕྱིར་ཚོང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ལ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“རྒྱལ་ཡོངས་བུད་མེད་དབུལ་སྒྲོལ་དཔེ་སྟོན་རྟེན་གཞིར”གཟེངས་བསྟོད་མིང་བཏོན་བྱས་པ་མ་ཟད། རྟེན་གཞི་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི་5སོ་སོར་སྤྲད་པ་རེད།

    “བུད་མེད་དབུལ་སྒྲོལ་དཔེ་སྟོན་རྟེན་གཞི”འཛུགས་གཏོད་ལས་དོན་སྤེལ་དོན་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་སྒྲིག་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཧུར་ཐག་ཞུགས་པ་དང“བུད་མེད་ཀྱི་དབུལ་སྒྲོལ་བྱ་སྤྱོད”ཟབ་ཏུ་གཏོང་བའི་གསར་གཏོད་ཀྱི་བྱ་ཐབས་ཤིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།