དབུ་ཤོག>ཆེད་སྒྲིག
  • དངུལ་རྩར་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-23

    དངུལ་ཁང་གིས་དངུལ་བུན་གཡར་བས་ད་ཆ་འཚོ་བ་ཇེ་ལེགས་སུ་ཕྱིན་སོང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་གཙང་གྲོང་གྲོང་ཚོའི་ཚོགས་ཆུང་བདུན་པའི་གྲོང་མི་བསོད་ནམས་བཟང་པོའི་ཁྱིམ་དུ་སྐྱོད་སྐབས། སྡོད་ཁང་དཀར་ཆ་དོད་པ་དང་། བརྙན་འཕྲིན་དང་འཁྱགས་སྒམ་སོགས་དེང་རབས་གློག་ཆས་ཆ་ཚང་ཡོད་པ་མ་ཟད། ད་དུང་སྒོ་འགྲམ་དུ་རླངས་འཁོར་ཆུང་ཆུང་ཞིག་ཀྱང་བཞག་འདུག

    ལོ་ཁ་ཤས་ཀྱི་སྔོན་དུ་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཉུང་བས། བསོད་ནམས་བཟང་པོ་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་དབུལ་རྐྱང་ཞིག་ཡིན་པ་དང་། 2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད། “ཕྱུག་འགྱུར་ཀྱི་བྱེད་ཐབས་དང་དངུལ་མེད་པ”དེ་ནི་ཁོང་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགོག་རྐྱེན་ཆེ་ཤོས་སུ་གྱུར།

    2016ལོར། གྲ་ནང་རྫོང་ཞིང་ལས་དངུལ་ཁང་གིས་བསོད་ནམས་བཟང་པོར་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལག་ཁྱེར་སྤྲད་པ་དང་ལོའི་སྐྱེད་ཚད་1.08%གཞིར་བཟུང་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྒོར་ཁྲི་5བཏང་ནས། ཞིང་འཕྲུལ་ཉོས་ཏེ་འཕེལ་རྒྱས་གཏོང་རོགས་བྱས་པར་བརྟེན། བསོད་ནམས་བཟང་པོས་དངུལ་རྩའི་དབུལ་སྒྲོལ་གྱི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱུང་། ལོ་གཉིས་པར་ཁོང་གིས་སླར་ཡང་དངུལ་བུན་སྒོར་ཁྲི་3གཡར་ནས་ཚོང་ཁང་བཙུགས་ཏེ། ཚོང་ཙག་ཙིག་བརྒྱབ་པ་རེད། རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས། མཐར་ཡོང་འབབ་བསགས་ཐུབ་པ་རེད། ཡིད་རྟོན་དངུལ་བུན་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད། ཁོང་གིས་ལྷོ་ཁ་གྲོང་ཁྱེར་དུ་ལྷ་ཉིང་ལྕགས་ལམ་སོགས་བསྐྲུན་པའི་གོ་སྐབས་དམ་འཛིན་བྱས་ཏེ། དངུལ་ཁང་ནས་སྒོར་ཁྲི་ལྔ་གཡར་ཏེ་ལྗིད་ཐེག་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་ལས་ལ་ཞུགས། འདི་ལོ་ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་མཚམས་བཞག་མེད་པས་དངུལ་འཁོར་རྒྱུག་གི་དཀའ་ངལ་ཐག་གཅོད་བྱུང་ཞིང་། འདི་ལོ་སྔོན་རྩིས་བྱས་ན། བསོད་ནམས་བཟང་པོར་ལོར་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་རྒྱུ་རེད།

    བསོད་ནམས་བཟང་པོ་ཕྱུག་པོ་ཆགས་རྗེས། ཁོང་གྲོང་མི་ཚོའི་མིག་དཔེར་གྱུར་ནས། ཚང་མས་དངུལ་ཁང་ནས་དངུལ་གཡར་ཏེ། རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ་རེད། དབུལ་སྒྲོལ་བྱུང་བའི་བསོད་ནམས་བཟང་པོར་ཕུགས་བསམ་ཆེན་པོ་ཞིག་ཡོད་པ་དེ་ནི། བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས། དུད་ཚང་དབུལ་པོ་དེ་བས་མང་བ་བསྡུས་ནས་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་སྤྱད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུ་དེ་རེད།

    ཁོང་གི་ཕུགས་འདུན་འགྲུབ་ཆེད། མི་དམངས་དངུལ་ཁང་ལྷོ་ཁ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སླར་ཡང་རོགས་སྐྱོར་བྱས་ནས་དངུལ་བུན་སྒོར་ཁྲི་30གཏོང་བའི་གཏན་འབེབས་བྱས་ཤིང་། མིག་སྔར་བསོད་ནམས་བཟང་པོས་བོད་བྱ་གསོ་ཚགས་ར་བ་བསྐྲུན་ནས་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་འགྲོ་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་20.73ཟིན་པ་དང་། ཡིད་རྟོན་དངུལ་བུན་གཏོང་ཚད་89.42%ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་852ཀྱིས་ལྗོན་ཤིང་འདེབས་འཛུགས་དང་བཞོན་མ་གསོ་ཚགས་སོགས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བརྟེན། ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ལེགས་སུ་ཕྱིན་པ་དང་ཆབས་ཅིག དུད་ཚང་རེར་ཡོང་འབབ་སྒོར་4000ཡན་བྱུང་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་རིང་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྒོར་ཁྲི་1805.5བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།