དབུ་ཤོག>ཆེད་སྒྲིག
  • ཞིང་འབྲོག་པ་སྤུན་ཟླ་གཅིག་ཀྱང་མི་ལུས་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-23

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི”ལས་བྱེད་པའི་གྲོང་སྡོད་ལས་དོན་ཤུགས་ཆེན་སྤེལ་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་26ཚང་མ་གཤམ་སྐྱོད་བྱས་པ་དང་། དབུལ་སྐྱོར་ལས་བྱེད་པ་ནག་ཆུ་དང་། མངའ་རིས། གཞིས་རྩེ། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་དང་ས་ཁུལ་5ཡི་གྲོང་ཚོ་དབུལ་པོར་བསྐྱོད་ནས་གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་རེད།

    གྲོང་སྡོད་རོགས་སྐྱོར་བྱས་ཏེ་དམངས་ཀྱི་སེམས་ཁྲལ་བསལ་བ།

    གྲོང་སྡོད་ལས་བྱེད་པ་ཚོས་བརྩེ་སེམས་འཆང་བ་དང་འགན་འཁྲི་འཁུར་བའི་སྒོ་ནས་བཅའ་སྡོད་བྱ་ཡུལ་གྲོང་ཚོ་ཁག་ཏུ་དབུལ་སྒྲོལ་གྱི་བསམ་ཕྱོགས་གཏན་འཁེལ་དང་། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བར་རོགས་འདེགས། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བཅས་བྱས་ཡོད། མེ་ཏོག་རྫོང་དགུ་ཐང་ཤང་བསམ་འདྲེན་ཁ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་མུའུ་62ཡི་སུར་པན་ལས་སྣོན་བྱེད་མཁན་བཟོ་གྲྭ་འབྲེལ་གཏུག་བྱས་ཏེ་གྲོང་ཚོའི་ནང་གི་སུར་པན་བཅུ་ཆ་དྲུག་གཅིག་སྡུད་ཉོ་སྒྲུབ་བྱས་པས། དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་4000ལྷག་ཙམ་བྱུང་བ་དང་། དཔལ་འབར་རྫོང་རྨའུ་ཤང་ལྷ་སྐྱིད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་རི་མཐོ་ལ་གཡང་གཟར་བས་ཞིང་ལས་འཕྲུལ་ཆས་ཆེ་གྲས་ནང་འདྲེན་བྱེད་ཐབས་བྲལ་བའི་དོན་དངོས་གཞིར་བཟུང་། འབྲེལ་ཡོད་སྲིད་ཇུས་ཀྱི་མ་དངུལ་སྤྱད་དེ་གྲོང་ཚོའི་ནང་རྨོ་འདེབས་འཕྲུལ་ཆས་ཆུང་གྲས་བདུན་ཉོས་པས་ལྷ་སྐྱིད་གྲོང་ཚོའི་ཞིང་འབྲོག་པ་དུད་ཚང་63གྱི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་ནི་ལྷག་བསམ་ཟོལ་མེད་ཀྱིས་དམངས་ཀྱི་སེམས་ཁྲལ་སེལ་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་རིམ་རྩིས་ལྟར་ན་ཞིང་འབྲོག་མང་ཚོགས་དབུལ་པོ་8232ལ་འཚམས་འདྲིའི་དངུལ་སྒོར་ཁྲི་232.34སྤྲད་པ་དང་། མང་ཚོགས་ལ་བྱ་བ་དངོས་ཁག་2035བསྒྲུབས་པར་མ་དངུལ་སྒོར་ཁྲི་1680.81བཏང་བ། རོགས་སྐྱོར་བྱ་ཡུལ་ལ“མྱུར་སྒྲུབ”དབུལ་སྐྱོར་རྣམ་གྲངས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་དོན་འཁྱོལ་ཧུར་ཐག་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་4117.98བཏང་ཡོད་པ་རེད།

    འཛུགས་སྐྲུན་ལ་ཞུགས་ནས་དམངས་ཀྱི་ཡོང་འབབ་འཕར་བར་རམ་འདེགས་བྱས་པ།

    བོད་ལྗོངས་ཐེན་ཧའེ་ཚོགས་པས་ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་རིང་། ནག་ཆུ་གྲོང་ཁྱེར་ཤོ་མོང་ཤང་ཁང་ཐོག་གྲོང་ཚོའི་འབྲོག་པར་ཡོང་འབབ་འཕར་བར་རོགས་རམ་བྱ་ཆེད། མ་དངུལ་སྒོར་ཁྲི་220བཏང་ནས་གྲོང་ཚོར་ལས་གྲྭའི་སྐྱེལ་འདྲེན་རླངས་འཁོར་ལྔ་ཞལ་འདེབས་ཕུལ་བ་དང་། དེ་ནས་ལས་གྲྭས་རླངས་འཁོར་དེ་དག་གླས་ནས་འཛུགས་སྐྲུན་ནང་ཞུགས་པ་རེད། མིག་སྔའི་བར་ཡོང་འབབ་སྒོར་ཁྲི་20བྱུང་ནས་གྲོང་ཚོའི་དུད་ཚང་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེཌ་སུ་འགྲོ་བར་རོགས་རམ་ཐུབ་ཡོད་པ་རེད།

    དབུལ་སྐྱོར་ལས་བྱེད་པ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མདའ་འབབ་ཤང་ཁྱུང་ལུང་གྲོང་ཚོར་བརྟག་ཞིབ་ལ་སྐྱོད་སྐབས། གླང་ཆེན་ཁ་འབབ་ཀྱི་སྟེང་དུ་ཟམ་པ་མེད་པས་གྲོང་ཚོ་དེའི་ཚོཌ་ཆུང་དང་པོ་དང་གཉིས་པའི་འབྲོག་པ་དགུན་དུས་སྐྱས་སྤོ་བྱེད་ཐབས་བྲལ་བ་མཐོང་། འགྲིམ་འགྲུལ་སྡེ་ཁག་གིས་མཐུན་སྦྱོར་བྱས་རྗེས། སྐྱས་སྤོའི་ལམ་བུ་འཛུགས་སྐྲུན་རྣམ་གྲངས་དང་མ་དངུལ་མགྱོགས་མྱུར་དོན་འཁྱོལ་བྱས་ནས་ཉིན་70ལྷག་ཙམ་ཨར་ལས་བྱས་པ་བརྒྱུད། རིང་ཚད་ལ་སྨི་922(ཟམ་པའི་སྨི་40ཚུད་པ)ཡོད་པའི་དགུན་དུས་ཀྱི་སྐྱས་སྤོའི་ལམ་བུ་སྤུས་འབོར་གཉིས་ལྡན་ངང་བསྐྲུན་ནས་ས་གནས་དེ་གའི་མང་ཚོགས་ཕྱིར་སྐྱོད་སྟབས་བདེ་དང་འབྲོག་ལས་འཕེལ་རྒྱས་འགན་ལེན་བྱས་པ་རེད།

    ཉིན་བཞིན་ཤར་བགྲོད་ཐུབ་པ་དང་བདེ་འཇགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་གྱིས་མི་སེར་གྱི་སེམས་ནང་དྲོ་སྐྱིད་སྦྱིན་ཡོད་ལ། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་དབར་དང་ས་ཁོངས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད།

    ལམ་དྲ་རིམ་སྤོར་བྱས་པས་རྨང་བརྟན་དམངས་ཕན་བྱུང་བ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་ལྡབ་འགྱུར་གྱིས་འཕར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2500ལྷག་ཙམ་བཏང་བ་དེ། “ལོ་ལྔ་ཚན་བཅུ་གཉིས་པ”དང་བསྡུར་ན་སྒོར་དུང་ཕྱུར་1820ཡན་འཕར་ཡོད། མ་འཇོག་འཕར་ཚད་269.3%ཟིན་ནས་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཁྲོད་བཟུང་བའི་བསྡུར་ཚད་ཀྱི་བཅུ་ཆ་གསུམ་ཡན་ཟིན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་བ་དང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྨང་གཞི་བརྟན་པོ་བཏིང་ཡོད།

    2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་10.45ཟིན་པ་དེ། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་སྤྱི་ལེ་ཁྲི་2.62འཕར་ཞིང་། ལོ་རེར་གཞུང་ལམ་གྱི་ལམ་ཐག་རིང་ཚད་གཙང་འཕར་བྱུང་ཚད“ལམ་གཉིས”དང་ཧ་ལམ་མཚུངས་པ་དང་མཁོ་སྤྲོད་བྱེད་ནུས་ཇེ་ཆེར་སོང་ཡོད། གཞུང་ལམ་མང་ཚད་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་35.4%འཕར་ཡོད། མཚོ་བོད་དང་ཁྲོན་བོད་སོཌ་བོད་སྐྱོད་བགྲོད་ལམ་གཙོ་བོ་5ཚང་མ་སྣུམ་ནག་ཅན་དུ་གྱུར་བ་དང་། ལྗོངས་ཡོངས་ཀྱི་ལམ་དྲའི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཤར་གཏོང་ཐུབ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་སྤུས་ཚད་མངོན་གསལ་དོད་པོས་ལེཌ་སུ་ཕྱིན་ཡོད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ས་གནས་ཁག་གི་ཞིང་འབྲོག་པ་ཁྲི་54.7བསྡུ་ལེན་བྱས་ནས་མང་ཚོགས་དབུལ་པོར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་137.2འཕར་བར་སྐུལ་འདེད་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།