དབུ་ཤོག>ཆེད་སྒྲིག
  • ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-22

    ཟླ་9ཚེས་14ནས་19ཉིན་བར། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་2020ལོར་གཙོ་གནད་བརྩམས་པའི་དངོས་དོན་མཚོན་པའི་ལྷ་མོའི་འཁྲབ་གཞུང་གསར་པ《ཚེ་རིང་ལྷ་མོ》ཉིན་ལྟར་དགོང་མོ་ལྷ་མོ་ཚོགས་པའི་སྒྱུ་རྩལ་ལྟེ་གནས་སུ་འཁྲུག་ཆ་དོད་པོས་འཁྲབ་སྟོན་བྱས་པ་རེད།

    བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་དཔེ་མཚོན་དང་འཐུས་མི་ཚེ་རིང་ལྷ་མོའི་མི་ཚེ་གཅིག་གི་གཏམ་རྒྱུད་བརྗོད་དོན་དུ་བྱས་ནས་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་ཞི་བས་བཅིངས་འགྲོལ་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཚེ་རིང་ལྷ་མོ་དང་ཞིང་བྲན་ཁྲི་ཚོ་བརྒྱ་འོད་སྟོང་འཕྲོ་བའི་ལམ་ཆེན་དང་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་མི་ཚེའི་ལམ་དུ་བསྐྱོད་པའི་བརྒྱུད་རིམ་མི་སྣ་ཆུང་ཆུང་དང་བརྩེ་བ་ཆེན་པོའི་ཐོག་ནས་མི་སེམས་འགུལ་བ་དང་དཀའ་སྤྱད་འབད་འཐབ་ཀྱི་གཏམ་རྒྱུད་རེ་རེ་མངོན་པར་བྱས་ཡོད།

    འཁྲབ་གཞུང་དེའི་རྩོམ་སྒྲིག་པ་རྣམ་རྒྱལ་བསྟན་འཛིན་གྱིས་གསར་འགོད་པར་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པའི་ནང་བོད་རྙིང་པའི་མུན་ནག་དང་། ལོག་སྤྱོད། གདུག་རྩུབ། རྗེས་ལུས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་མངོན་པར་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དང་བོད་ཀྱི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡོང་ཐབས་མེད་པའི་ནང་དོན་གཏིང་ཟབ་མངོན་ཡོད། “འཁྲབ་གཞུང་དེ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གི་ལོ་རྒྱུས་དཔྱད་གཞིར་བྱས་པ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག་གི་མི་སྣའི་གཏམ་རྒྱུད་དང་བརྩེ་གདུང་གི་གོ་རིམ་དེ་བས་ལེགས་པར་མངོན་ཆེད། ང་ཚོའི་འཁྲབ་སྟོན་པས་ལོ་རྒྱུས་ཀྱི་དཔྱད་གཞི་འབོར་ཆེན་ཞིག་ལྟ་ཀློག་བྱས་ཡོད། 2019ལོའི་ཟླ་དང་པོར་འཁྲན་སྟོན་པས་ད་དུང་གཏམ་རྒྱུད་འབྱུང་ཡུལ་གྱི་ས་ཆ་དངོས་སུ་བསྐྱོད་དེ་འཚོ་བར་མྱོང་རོལ་བྱས་པ་མ་ཟད། ད་དུང་ཚེ་རིང་ལྷ་མོ་ངོ་མ་དང་དེ་བཞིན་བྱ་བ་དེ་དངོས་སུ་བརྒྱུད་མྱོང་མཁན་དང་སྤེལ་རེས་བྱས་ཡོད”ཅེས་བཤད།

    ཚེ་རིང་ལྷ་མོ་འཁྲན་མཁན་ཟླ་བ་ཆོས་སྒྲོན་གྱིས“ངས་འཁྲབ་སྟོན་འདིར་བརྟེན་ནས་མི་དེ་བས་མང་བས་བོད་རྙིང་པའི་དཀའ་སྡུག་ལ་རྒྱུས་མངའ་ལོན་པར་བྱས་ཏེ་ད་ཆའི་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་ལུགས་བརྗོད་འདོད་འདུག”ཅེས་བཤད།

    “ང་ཚོ་ཀྲུང་གོ་གསར་པར་འཚོ་གནས་བྱེད་བཞིན་ཡོད། འོན་ཀྱང་འཁྲབ་གཞུང་ནང་གི་མི་སྣ་གཞོན་ནུའི་སྐབས་བོད་རྙིང་པར་འཚོ་བ་སྐྱེལ་མྱོང་ཡོད། ཧེ་བག་འདི་འདྲ་ནི་ངར་འཕྲད་པའི་འགྲན་སློང་ཆེ་ཤོས་རེད་འདུག གཟུགས་བརྙན་འདི་ཡག་པོ་འཁྲབ་ཆེད། ང་ཚོས་རྒན་རྒོན་ཁོང་ལ་འཚམས་འདྲི་བྱེད་པར་ཕྱིན་ནས་སྐབས་དེ་དུས་ཀྱི་ལོ་རྒྱུས་ཤེས་རྟོགས་བྱས་ནས་ནང་སྦྱོང་ཡང་ཡང་བྱས་ཏེ་མི་སྣའི་གཟུགས་བརྙན་གང་ལེགས་མངོན་ཐབས་བྱས་པ་ཡིན། འཁྲབ་སྟོན་རྩེ་གྲ་ཞིག་བྱས་ན་གཞི་ནས་ལྟད་མོ་བ་ཚོའི་ཡིད་དབང་འགུག་ཐུབ། ང་རང་བོད་གསར་པར་འཚོ་བ་སྐྱེལ་བ་འདི་ནི་བདེ་སྐྱིད་ཆེན་པོ་ཞིག་རེད”ཅེས་སྐལ་བཟང་འཁྲབ་མཁན་ཕུར་བུ་རྡོ་རྗེས་བཤད།

    འཁྲབ་གཞུང་དེའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་འཁྲབ་གཞུང་འདི་ནི་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ལོ་གཉིས་ཙམ་འབད་བརྩོན་ལྷོད་མེད་བྱས་ནས་གསར་རྩོམ་བྱས་པའི་ལྷ་མོ་ཞིག་ཡིན་པ་དང་། འདི་ལོ་ལྗོངས་ཡོངས་སུ་སྐོར་འཁྲབ་བྱས་ཡོད། འཁྲབ་གཞུང་འདི་ནི་ང་ཚོས་ལྷ་མོ་འཁྲབ་ཞོར་དུ་བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བརྗོད་དོན་གཙོ་བོ་སྔར་བས་གཅིག་སྡུད་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་སྐོང་འཁྲབ་སྐབས་དྲུག་པར་ཞུགས་རྒྱུར་གྲ་སྒྲིག་ཚགས་ཚུད་བྱས་པ་ཡིན་ཞེས་གསར་འགོད་པར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།