དབུ་ཤོག>ཆེད་སྒྲིག
  • “ཉི་འོད་གྲོང་ཁྱེར”གྱི་རྣམ་པ་ཇེ་ཡག་ཏུ་འགྲོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2020-09-20

    བོད་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་འབའ་ཞིག་དང་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་མཁྲེགས་སར་གཏུག་ཕོད་པར་བྱེད་དགོས་ལ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པར་ལྷ་སར་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད།

    བསྡོམས་རྩིས་གསར་ཤོས་བྱས་པ་ལས་མངོན་གསལ། ན་ནིང་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཀ་ལེགས་ཚད་99.7%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་སླེབས་པ་དང་གཙང་པོ་དང་མཚོ་གཙོ་བོ་དང་། རྒྱལ་ཁབ་རིམ་ངོས་7དང་། གྲོང་ཁྱེར་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོ་4བཅས་ཀྱི་ཆུ་སྤུས་ལོན་ཚད་100%ཟིན་ཡོད།

    “ལྷ་སའི་གློ་བ”སྲུང་སྐྱོང་ཡག་པོ་བྱས་པ། 

    “ལྷ་ཀླུ་འདམ་རར‘ལྷ་སའི་གློ་བ’ཞེས་འབོད་ཅིང་། དེ་ནི་ལྷ་ས་འདི་ཉིད་རྒྱལ་ནང་གི་མཁའ་རླུང་སྤུས་ཚད་ཡག་ཤོས་གྲོང་ཁྱེར་གྱི་འགན་ལེན་ཞིག་ཏུ་གྱུར་ཡོད”ཅེས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེན་ཅན་ཡུས་ཀྱིས་ངོ་སྤྲོད་བྱས། ད་ཕན་ལོ་5ཡི་རིང་། ལྷ་ཀླུ་འདམ་རའི་ཆུ་ཁོངས་རྒྱ་ཁྱོན་ཆེས་ཆེར་འཕར་ནས་སྲུང་སྐྱོང་ཁུལ་བཙུགས་པའི་ཐོག་མའི་དུས་སྐབས་ལས་གསུམ་ཆ་གཅིག་རྒྱ་ཆེར་ཕྱིན་པ་དང་།  ཆུ་ཁ་མངོན་གསལ་དོད་པོས་མཐོ་རུ་སོང་ནས་ཆ་སྙོམས་ལི་སྨི་3འཕར་བ། སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་ལོ་རེ་བཞིན་སླར་གསོའི་རང་བཞིན་ངང་འཕར་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།

    གྲངས་གཞི་དེ་དག་ནི་ལྷ་ས་གྲོང་ཁྱེར་གྱིས་ལོ་25རིང་འདམ་ར་སྲུང་སྐྱོང་བྱས་པའི་དཀའ་སྤྱད་འབད་བརྩོན་གྱི་བྱས་འབྲས་ཤིག་རེད། ལྷག་པར་དུ་ད་ཕན་ལོ་ཤས་རིང་ལྟེ་བའི་ཁུལ་གནས་སྤོས་དང་། སྲུང་སྐྱོང་ཁུལ་རྒྱ་བསྐྱེད། འདམ་རའི་སྣོད་བཅུད་མ་ལག་སླར་གསོ། སྲུང་སྐྱོང་ཁུལ་གྱི་འགོག་སྲུང་ནགས་ཚལ་སྔོ་འགྱུར། སྐོར་སྲུང་རྐང་ཐང་ལམ་འཛུགས་སྐྲུན། ཆུ་གསབ་མ་ལག་སྒྱུར་བཀོད་བཅས་བྱས་པ་དང་དུས་མཚུངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། ཆུ་ཡུར་གསུམ་དང་གཙང་པོ་གཅིག་གི་བཙོག་ཆུ་འགོག་པའི་ལས་གྲྭ་ལག་བསྟར། སྒྲིག་འགལ་སྐྲུན་དངོས་བཤིག་པ། དོ་དམ་བྱེད་ཐབས་བཟོ་བ་སོགས་བྱེད་ཐབས་སྤྱད་དེ་ལྷ་ཀླུ་འདམ་ར་སྔར་བས་སྲུང་སྐྱོང་ནུས་ལྡན་ཐུབ་པ་རེད། ལྷ་སར་ད་དུང“ལྗང་མདོག་གྲོང་སྐོར”འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ་ལྷོ་བྱང་རི་བོའི་ནགས་བཟོ་སྔོ་འགྱུར་བྱས་པ་རེད། ས་མཐོར་གྲང་ངར་ཆེ་ལ་གསོ་རླུང་དཀོན་ཡང་སྔོ་ལྗང་འདེབས་འཛུགས་བྱས་པར་འབྲས་བུ་ཐོན། 2012ལོར་ལྷོ་རིར་ནགས་བཟོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་ཚུན་ལྷ་སས་སྔ་རྗེས་སུ་ས་བབ་མཐོ་ཚད་མི་འདྲ་བ་དང་གྱེན་ངོས་ཀྱི་ལྷོ་རིའི་ཡུག་ཁུལ་དུ་དཔྱིད་དུས་དང་། ཆར་དུས། སྟོན་དུས་བཅས་ཀྱི་མི་ཐབས་ལ་བརྟེན་པའི་ནགས་བཟོ་ཚོད་ལྟ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལྗོན་ཤིང་རིགས་20ལྷག་ཙམ་བཏབ་ནས་རི་སྟེང་དུ་ལྗོན་ཤིང་བཏབ་ཐུབ་པ་མ་ཟད་ལྗོངས་ཡོངས་སུ་ས་བབ་མཐོ་ཚད་སྨི་3900ཡི་མི་ཐབས་ལ་བརྟེན་པའི་ནགས་བཟོ་གཅིག་ཀྱང་མེད་པ་ནས་ཚད་བརྒལ་བྱུང་བ་རེད།

    བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་སྤོས་པ། 

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཁོངས་སུ་གནས་པའི་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་ཉེ་འཁོར་དུ་ལྷ་ས་གོང་དཀར་གནམ་ཐང་དུ་སྐྱོད་པའི་རིམ་མཐོའི་གཞུང་ལམ་ཡོད་པ་དང་དེ་ནི་ཆུ་ཤུར་རྫོང་གི་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གཉིས་པ་དེ་རེད། གྲོང་ཚོ་དེ་ཡོངས་ཀྱིས་ཁང་པའི་ཚོད་གཞི་ལྟར་དབྱར་དགུན་སྟོན་དཔྱིད་བཅས་ཚོགས་ཆུང་བཞི་རུ་དབྱེ་བ་དང་། གྲོང་ཚོའི་གཞུང་ལམ་12ལས་ལོ་གཅིག་ཟླ་བ་12མཚོན་པ། ཐོག་སོ་ཉིས་ལྡན་གྱི་སྤྲོ་ཁང་རྣམ་པའི་ཁྱད་ལྡན་བོད་བཟོའི་སྡོད་ཁང་365ཡིས་ཉིན་365མཚོན་པ་བཅས་ཡོད་པས་བཀོད་སྒྲིག་བྱ་ཡུལ་དེར་བཀྲ་ཤིས་དུས་བཞི་ཞེས་མིང་བཏགས་པ་རེད།

    མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་ཆེད་དུས་བཞིའི་བཀྲ་ཤིས་གྲོང་ཚོས་ཉེ་འཁོར་དུ་མུའུ་ཁྲི་ཟིན་པའི་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞི་དང་། ནགས་ཤིང་སོན་བཟང་རྒྱུད་སྤེལ་རྟེན་གཞི། སྐྱེ་ལྡན་ལུད་བཟོ་གྲྭ བཞོན་མ་གསོ་སྤེལ་ར་བ། མུའུ་བརྒྱ་ཡི་དྲོད་ཁང་ཆེ་མོ་སོགས་ཐོན་ལས་བཀོད་སྒྲིག་བྱས་ཏེ་ངལ་རྩོལ་ནུས་ཤུགས་ལྡན་པའི་མང་ཚོགས་རིམ་བཞིན་ཐོན་ལས་བཟོ་པར་འགྱུར་ནས་གླ་ཆ་བརྟན་པོ་ལེན་རྒྱུ་བྱུང་ཡོད། དུས་མཚུངས་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་མཐའ་འཁོར་དུ་ད་དུང་བུ་བཅོལ་ཁང་དང་། སློབ་ཆུང་། འཕྲོད་བསྟེན་ཁང་། གཅིག་འཐུས་རྣམ་པའི་ཞབས་ཞུ་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་སྟབས་བདེ་རུ་བཏང་བ་རེད།

    མིག་སྔར་དུས་བཞིའི་བཀྲ་ཤིས་གྲོང་ཚོར་གནས་སྤོས་དུད་ཚང་303གྱི་མི་1468ཡོད་པ་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བྱང་གསུམ་ཤང་རྒྱབ་དཀར་གྲོང་ཚོ་ནས་སྤོས་པའི་མང་ཚོགས་ཚེ་རིང་རྡོ་རྗེས“སྔོན་ཆད་དང་བསྡུར་ཚེ་དུས་བཞིའི་བཀྲ་ཤིས་གྲོང་ཚོར་སྤོས་རྗེས་ཟས་གོས་སྡོད་སྐྱོད་དང་འཚོ་བའི་ཁོར་ཡུག་སོགས་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་དང་ཕྲུ་གུ་སློབ་གྲྭར་འགྲོ་བ་དང་། རང་ཉིད་ལས་ཞུགས་ཐུབ་པ། རྒན་རྒོན་སྨན་པ་བསྟེན་ཐུབ་པ་སོགས་འགན་ལེན་བྱུང་སོང”ཞེས་བཤད།

    “ས་གཙང”ཐོན་ལས་འཕེལ་རྒྱས་བཏང་བ།

    འདམ་གཞུང་རྫོང་ནི་ལྷ་ས་དང་ཐ་ན་བོད་ཀྱི་འབྲི་གཡག་ཐོན་ལས་ཀྱི་སྔོན་སྐྱོད་པ་ཞིག་ཡིན་པ་དང་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་བཏང་བའི“ས་གཙང”ཐོན་ལས་དེས་རང་བྱུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད་ཡུལ་དེའི་མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་བའི་ཐོན་ལས་གཙོ་བོའི་གྲས་སུ་གྱུར་ཡོད།

    འབྲི་གཡག་གསོ་ཚགས་ཀྱི་ལྷུ་ཚིགས་ཁྲོད་འདམ་གཞུང་ས་གཙང་འབྲོག་རའི་ཀོ་ཁྱིམ་འབྲོག་རར་དོས་སྒམ་ཅན་གྱི་རིག་ནུས་སྤང་ཐོན་སྐྱེད་བཟོ་གྲྭ་གཅིག་ཡོད་པར་སྐྱེ་དངོས་ཀྱི་འཚོ་བཅུད་ས་མེད་འདེབས་གསོ་བྱས་པར་གནམ་གཤིས་དང་དུས་ཚིགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་མེད་སྟབས་དགུན་ཁའང་འབྲི་གཡག་ལ་རྩྭ་སོས་པ་སྟེར་རྒྱུ་ཡོད་པས་དགུན་དུས་འབྲོག་ཁུལ་གྱི་གཟན་ཆག་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད་འབྲི་གཡག་གི་འཚོ་བཅུད་དགོས་མཁོའང་བསྐང་ཐུབ་ཡོད། དེ་གའི་འབྲི་གཡག་ལྷས་ར་སོ་སོར་གསོ་ཚགས་བྱེད་པ་དང་གྱང་ངོས་སུ་གསོ་ཚགས་དུས་ཚོད་དང་རྩྭ་འབོར་གསལ་ཐོ་བཀོད་དེ་རང་བྱུང་གཟན་ཆག་གིས་འཚོ་བཅུད་ཁ་གསབ་ཚད་གཞི་དང་དུས་མཚུངས་ཕྱུགས་རིགས་སྨན་པ་བཀོད་སྒྲིག་བྱས་ཏེ་ནད་ཡམས་སྔོན་འགོག་དང་ཤེས་རྟོགས་ཐུབ་པ་བྱས་ནས་འབྲི་གཡག་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་བྱེད་ཀྱི་ཡོད། འབྲི་གཡག་ཚང་མར“ཐོབ་ཐང་ལག་འཁྱེར”ཡོད་པ་སྟེ། གློག་རྡུལ་རྣ་རྟགས་བསྒར་ཡོད་པ་རེད།

    དེ་ལྟ་བུའི་ཚད་གཞི་ཅན་གྱི་འབྲི་གཡག་གསོ་ཚགས་ར་བར“འབྲི་གཡག་མ་རྐང་ནང་ཞུགས་པ་དང་། རྩྭ་ར་བརྒྱུད་བཤུག འབྲོག་པ་གླིང་ཞུགས”བཅས་ཀྱི་གཉེར་སྐྱོང་བྱེད་ཐབས་སྤྱད་པས་འབྲི་གཡག་གི་འབྱུང་ཁུངས་བརྟན་པོ་ཡོད་པ་མ་ཟད་འབྲོག་པར་ཡོང་འབབ་བརྟན་པོ་ཡོང་གི་ཡོད། འདམ་གཞུང་རྫོང་གི་རྫོང་དཔོན་འཆི་མེད་ཚེ་རིང་གིས“ཐོན་ལས་ཀྱི་འདེགས་སྐྱོར་ཡོད་སྟབས་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་སུ་དབུལ་སྒྲོལ་ཐུབ་པ་དང་དབུལ་པོ་རང་ལོག་མི་ཡོང་བ”བཅས་བྱུང་ཡོད་ཅེས་བཤད།

    “འདམ་གཞུང་གི་འབྲི་གཡག”ཀྲུང་གོའི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཐོན་ཟོག་ཏུ་རེ་ཞུ་བདེ་བླག་བྱུང་ནས་དྲ་ཐོག་ཚོང་དོན་ལས་སྟེགས་སུ་ཕྱིར་ཚོང་བྱས་པར་དགའ་བསུ་ཆེན་པོ་ཐོབ་ཡོད།

    “འདམ་གཞུང་གི་འབྲི་གཡག”གིས་རང་བྱུང་ཁམས་ཆེ་མོ་ནས་བྱུང་བའི་སྲོལ་རྒྱུན་ཐོན་ལས་དེས་ཇི་ལྟར་བྱས་ཏེ“ཚན་རིག་ཅན་དང་། ཚད་ལྡན་ཅན། ཚད་གཞི་ཅན། གྲངས་འཛིན་ཅན”བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མགྱོགས་འཁོར་ནང་སྡོད་པའི་དཔེ་མཚོན་གཏོད་བཞིན་མཆིས།

    ལྷ་ས་གྲོང་ཁྱེར་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་ཞིང་། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་རྟགས་གཏོད་པ་དང་། ས་གཙང་བདེ་ཐང་ཐོན་ལས་རྒྱ་ཆེར་གཏོང་བ། བཟོ་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་དཔལ་འབྱོར་སྤུས་ཚད་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལྡོག་མེད་གདམ་ག་ཞིག་རེད། བོད་ཀྱི“དག་ཞིང”དེར“ས་གཙང”ཐོན་ལས་འཕེལ་རྒྱས་གཏོང་རིན་ཆེན་པོ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།