དབུ་ཤོག>ཆེད་སྒྲིག
  • དབུལ་ཞྭ་ཕུད་པ་རྫོགས་ཚིག་བཀོད་པ་མིན། འཚོ་བ་གསར་པའི་དབུ་ཁྱུད་བྲིས་པ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-18

    769623_yis_1600147249124_s.jpg

    འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲང་ཀྲི་ཝུན་མཉེས་ཐང་ནོར་རྟ་བོད་བཟོའི་ཁྱིམ་ཆས་སྒྲིག་བཟོ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་དེ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

    769618_yis_1600147246363_s.jpg

    འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གིས“ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གདོང་རིས་ངོ་མར་ཐེར་འདོན་དགག་རྒྱག་བྱས་ནས་ལྷ་སའི་མཆོང་སྐྱོད་རླབས་པོ་ཆེ་མྱོང་རོལ་བྱེད”པའི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོག་བཞིན་པ། 

    769622_yis_1600147248734_s.jpg

    འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲང་ཀྲི་ཝུན་གྱིས་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཧའེ་ཡུན་དང་མཉམ་དུ་དུད་ཚང་དབུལ་པོར་བསྐྱོད་དེ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ། 

    769613_yis_1600147244350_s.jpg

    འདི་ནི་བདེ་སྐྱིད་གྲོང་ཚོའི་གྲོང་མིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་པ། 

    769615_yis_1600147245317_s.jpg

    འདི་ནི་བདེ་སྐྱིད་གྲོང་ཚོ་ཨུ་ལྷན་ཡིན་པ། 


    “དབུལ་གྲོལ་བྱུང་ནས་དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཡིན”ཞེས་པ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2020ལོའི་ཟླ་3ཚེས་6ཉིན་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུངས་པའི་གསུང་བཤད་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། དེ་བཞིན་ཆུ་ཤུར་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གི་བཀོད་སྒྲིག་ལྟར། ཆུ་ཤུར་རྫོང་བདེ་སྐྱིད་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་གཞུང་ལས་ཁང་གི་ལས་དོན་རུ་ཁག་གིས་དབུལ་སྒྲོལ་ལས་དོན་ལ་དམིགས་ནས་གཙོ་བོར་མང་ཚོགས་ཀྱི་བསམ་བློ་ནས་འགོ་བརྩམས་ཏེ། མང་ཚོགས་ལ་འཚོ་བ་གསར་པར་བསྐྱོད་དེ་ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པར་མུ་མཐུད་མདུན་དུ་བསྐྱོད་ནས་ངར་ཤུགས་སྒྲིམ་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    འཚམས་འདྲིར་བསྐྱོད་དེ་འཕེལ་རྒྱས་གླེང་། ཏང་གི་བཀའ་དྲིན་དྲན་པར་བྱས།

    ཟླ་8ཚེས་3ནས་25ཉིན་བར། ཆུ་ཤུར་རྫོང་བདེ་སྐྱིད་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་གཞུང་ལས་ཁང་གི་ལས་དོན་རུ་ཁག་གི་རུ་དཔོན་ཀྲང་ཀྲི་ཝུན་གྱིས་གྲོང་ཚོའི་ཨུ་ལྷན་དང་མཉམ་དུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་བདེ་སྐྱིད་གྲོང་ཚོའི་དབུལ་གྲོལ་བྱུང་བའི་དུད་ཚང་73ལ་བསྐྱོད་དེ་འཕེལ་རྒྱས་སྐོར་གླེང་ཞིང་ཏང་གི་བཀའ་དྲིན་དྲན་པའི་བྱེད་སྒོ་སྤེལ་བ་དང་། ཏང་གི་དམངས་ཕན་སྲིད་ཇུས་དང་དབུལ་སྐྱོར་སྲིད་ཇུས་ཁག་དྲིལ་བསྒྲགས་ནན་ཏན་བྱས་པ་དང་ཆབས་ཅིག ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ཚོར་ཡིད་ཆེས་ཆེན་པོས་འབད་འབུངས་ཡར་བརྩོན་བྱས་ཏེ་རང་འགུལ་སྒོས་ཐབས་ལམ་རྒྱ་ཆེར་གཏོང་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་པ་དང་ཆབས་ཅིག་བསམ་བློར་བཅིངས་འགྲོལ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཆགས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་བཅས་བྱེད་དགོས་པའི་ལྕག་སྐུལ་བཏང་བ་རེད། ཅི་འཕྲོས་མོལ་འཕྲོས་ཤོད་སྐབས་བདེ་སྐྱིད་གྲོང་ཚོའི་ཚོགས་ཆུང་གསུམ་པའི་དབུལ་གྲོལ་བྱུང་བའི་རྒན་མོ་དཔལ་སྒྲོན་གྱིས“སྔོན་ཆད་སྡོད་སའི་ཁང་པ་རྙིང་པར་ཆར་པ་འབབ་དུས་རྟག་ཏུ་ཐིགས་ཆུ་རྒྱག་པ་དང་། ད་ཆ་གློག་སྐས་ཡོད་པའི་ཐོག་ཁང་གསར་པར་སྤོ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། འདི་ནི་སྔོན་ཆད་རྨི་ལམ་དུ་ཡང་འཁོར་མྱོང་མེད། ད་དུང་ལོ་རེར་སྲིད་ཇུས་ཀྱི་ཁ་གསབ་ཀྱང་མི་ཉུང་བ་ཞིག་ཡོད་པས་འཚོ་བ་དངོས་གནས་ཧ་ཅང་ཡག་པོ་འདུག ངས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ལ་ཐུགས་རྗེ་ཆེ་ཞུ། གུང་ཁྲན་ཏང་ནི་ང་ཚོའི་མགོན་སྐྱབས་ངོ་མ་དེ་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད། ད་རེས་ཆ་སྒྲིག་འཚམས་འདྲིའི་བྱེད་སྒོ་སྤེལ་བ་ལས་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད།

    གསར་རྙིང་བསྡུར་ཞིང་ལོ་རྒྱུས་གླེང་། ཏང་གི་དྲིན་ལ་བསྟོད་བསྔགས་འབུལ།

    ཟླ་7ཚེས་20ཉིན་ནས་ཟླ་8ཚེས་5ཉིན་བར། བདེ་སྐྱིད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གདོང་རིས་ངོ་མར་ཐེར་འདོན་དགག་རྒྱག་བྱས་ནས་ལྷ་སའི་མཆོང་སྐྱོད་རླབས་པོ་ཆེ་མྱོང་རོལ་བྱེད”ཅེས་པ་དང“གསར་རྙིང་བསྡུར་ཞིང་ལོ་རྒྱུས་གླེང་། ཏང་གི་དྲིན་ལ་བསྟོད་བསྔགས་འབུལ”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། གཅིག་སྡུད་སྒྲོག་འགྲེལ་དང་། དྲིལ་བསྒྲགས་སྦྱར་ཡིག་འགེལ་བ། དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་དྲིལ་བསྒྲགས་བྱེད་པ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད”ཅེས་པའི་ཤེས་བྱའི་འགྲན་བསྡུར་བྱེད་པ་སོགས་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་རིག་གནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་ཚང་མར་ཏང་གི་བཀའ་དྲིན་དྲན་པ་དང་བཀའ་དྲིན་ལ་བསྔཌ་པའི་བརྗོད་དོན་གཙོ་བོ་ཁྱབ་པར་བྱས་པ་མ་ཟད། ད་དུང་སྤྱི་ཚོགས་གསར་རྙིང་བསྡུར་བ་བརྒྱུད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་ཐེར་འདོན་དགག་རྒྱག་བྱེད་པ་དང་ཆབས་ཅིག ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61སོང་ཚུན། བོད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་དེ། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་ཕྲག་བརྒལ་བའི་མི་ཡུལ་གྱི་ངོ་མཚར་བཏོད་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད།

    དང་ཐོག་བདེ་སྐྱིད་གྲོང་ཚོའི་རིག་རྩལ་རུ་ཁག་ལ་རང་རྟོགས་ངང་ལོ་རྒྱུས་གླེང་ཞིང་ཏང་གི་བཀའ་དྲིན་ལ་བསྔགས་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཁྲིད་སྟོན་བྱས་ཤིང་། ཁོ་ཚོས་འཁྲབ་གཞུང་འབྲི་བ་དང་ཡང་ན་དྲིལ་བསྒྲཌ་དང་འཁྲབ་སྟོན་བྱེད་རིང་། བོད་གསར་རྙིང་བསྡུར་བར་ཐོག་མཐའ་བར་གསུམ་དུ་སྣང་ཆེན་བྱས་ཐོག དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དྲིལ་བསྒྲགས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས། ནང་དོན་འཚོ་བ་དངོས་དང་ཐག་ཉེ་ཞིང་དོན་དངོས་དང་མཐུན་པར་བྱས་ཏེ་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་ཐུབ་པར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་ལྷག་བསམ་རྣམ་དག་དང་། དགའ་གུས་ཚད་མེད། བརྩི་བཀུར་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱས་པ་མ་ཟད། ད་དུང་བདེ་སྐྱིད་འཚོ་བར་བློ་ཡིད་ཚིམ་ལུགས་དང་གུང་ཁྲན་ཏང་གི་དམིགས་བསལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་ལུགས་ཀྱང་མཚོན་པར་བྱས་པ་རེད།

    ཏང་གི་བཀའ་ལ་ཉན་ནས་རྗེས་སུ་འབྲངས། ཕུ་ཐུང་བརྫེས་ནས་ངར་ཤུཌ་བསྒྲིམས།

    བདེ་སྐྱིད་གྲོང་ཚོའི་ཞིང་འབྲོག་པའི“མོས་སེམས་ལྔ”སྔར་བས་ཟབ་ཏུ་བཏང་ནས་བོད་ནི་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཆེད། བདེ་སྐྱིད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མིག་སྔའི་བར་དུས་མཚམས་གསུམ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་རིམ་སྤེལ་བྱེད་སྒོ་སྤེལ་ནས། ཞིང་འབྲོག་མང་ཚོགས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་བོད་ལྗོངས་ལ་ལོ་ངོ་སྟོང་ཕྲག་མང་པོར་འཕྲད་དཀའ་བའི་གོ་སྐབས་ཡག་པོ་ཤར་ནས་ལོ་རྒྱུས་ཀྱི་འགོ་འཛུཌ་ས་གསར་པར་སླེབས་པ་དང་། ཏང་གི་རྗེས་སུ་འབྲངས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཚེ་འབྱུང་འགྱུར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་རྒྱུས་ལོན་བྱེད་སྐབས། པ་སངས་ནི་བདེ་སྐྱིད་གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་ཡིན་ལ། 2016ལོར་ཁོང་གིས་ཆུ་ཤུར་རྫོང་མཉེས་ཐང་ནོར་རྟ་བོད་བཟོའི་ཁྱིམ་ཆས་སྒྲིག་བཟོ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ད་ཆ་མཉམ་ལས་ཁང་དེར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་ཞུགས་ལས་གནས་5མང་དུ་བཏང་ཞིང་། རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་མ་ཟད། ད་དུང་གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོཌ་ལ་རོཌ་སྐྱོར་དང་མཛུབ་ཁྲིད་ཡུན་རིང་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བཞིན་ཡོད། ཏང་ཞུགས་རེ་འདུན་ཞུ་ཡིག་ཐེངས་ཁ་ཤས་ཕུལ་བ་བརྒྱུད་ད་ཆ་གྲོང་ཚོའི་ཏང་རྩ་འཛུཌ་ཀྱིས་གྲ་སྒྲིག་ཏང་ཡོན་ཁོངས་སུ་བཅུག་པས་ལས་སྒྲུབ་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། བདེ་སྐྱིད་གྲོང་ཚོར་པ་སངས་དང་འདྲ་བར་ལས་བརྩོན་ཕྱུག་འགྱུར་བྱེད་མཁན་ཧ་ཅང་མང་། ཁོ་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་པ་ལས་སུ་ཞིག་ལ་ཡང་མི་སྒུག་མི་རྟེན་པར་རང་སྟོབས་རང་སྤེལ་བྱས་ཁར། བདེ་སྐྱིད་འཚོ་བ་གཏོད་པ་དང་མཛེས་ལྡན་ཁྱིམ་གཞིས་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།