རྔམ་བརྗིད་ལྡན་པའི་དམ་བཅའ། ངོ་མཚར་ཆེ་བའི་ལོ་རྒྱུས།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་ཡུལ་མིས“འཇུ་བྲོ”འཁྲབ་བཞིན་པ།
ལོ་80ཙམ་ལ་སླེབས་པའི་བགྲེས་སོང་ཁྱི་སྐྱག་གི་ཚེ་གང་གངས་རིས་བཀླུབས་པའི་ཉིང་ཁྲི་གྲོང་ཁྱེར་ཤེལ་རི་ཁ་གྲོང་ཚོར་བསྐྱལ་ཅིང་། ཁོང་གིས“ཡར་ལངས་ཞིང་བྲན་བདག་པོར་གྱུར་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར་ནི་ངའི་ཚེ་གང་རིང་བརྒྱུད་མྱོང་བའི་བྱ་བ་ཡག་ཤོས་དེ་རེད”ཅེས་བཤད།
བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་གྲངས་གཞི་ལས་མངོན་གསལ། དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན་བོད་དུ་རིམ་རྩིས་བརྒྱབ་ན་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་བྱུང་བ་དང་རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་རེད།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར“མི་རིགས་གཅིག་ཀྱང་ཉུང་མི་རུང་བ”དང“གཅིག་ཀྱང་མི་ལུས་པ”བྱེད་ཅིང་། རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེའི་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་པོ་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་རེད།
འཛམ་གླིང་ཡང་རྩེར་མཐའ་མའི་རྒྱལ་ཁ་ལེན།
—— གྲང་ངར་ཤིན་ཏུ་ཆེ་ལ་ས་བབ་ཧ་ཅང་མཐོ་བའི་ཁུལ་དུ་གདོང་མཆོང་གི་དུང་བརྡ་བསྒྲགས་པ།
ཕུ་མ་བྱང་ཐང་གི་ས་བབ་མཐོ་ཚད་སྨི་5373ཟིན་པ་དང་མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ལས་མེད་པ་དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་ཞིག་རེད།
ཕུ་མ་བྱང་ཐང་ནས་རྡོག་ཐོན་བྱས་ཏེ་ཤར་དུ་སྤྱི་ལེ་1676བསྐྱོད་ཚེ“ས་ངན་ཡུག་ཁུལ”གྱི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བྱང་གསུམ་ཤང་དུ་འབྱོར་གྱི་ཡོད།
རི་མཐོ་ལ་གཡང་གཟར་བ་དང་ས་རྒྱུ་ཞན་པའི་རི་ཁུལ་དེར་དེ་སྔ་དབུལ་པོ་ཐོན་ཚད་40%ཟིན་གྱི་ཡོད།
བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་དབྱིན་ཧྥེན་ཧྲུའེ་ཡི་ངོས་ནས་བརྗོད་ན། བོད་ཀྱི་དབུལ་ཕོངས་ཀྱི་གནས་བབ“ཡངས་པ་དང་། ཆེ་བ། མཐོ་བ། གཏིང་ཟབ་པ། དཀའ་ངལ་ཆེ་བ”བཅས་རེད་ཅེས་བརྗོད་ཆོག
ཐོན་སྐྱེད་འཕེལ་རྒྱས་དང་དབུལ་སྐྱོར་གྱི་གཞི་རྩའི་འདེགས་སྐྱོར་དུ་བྱས་ཤིང་། 2016ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་400ལྷག་ཙམ་བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2800ལྷག་ཙམ་ལག་བསྟར་བྱས་ཏེ། མི་འབོར་དབུལ་པོ་ཁྲི་23.8ཀྱི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པར་ཞིང་འབྲོག་མང་ཚོགས་ཁྲི་70ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་འགག་རྩའི་བྱེད་ཐབས་སུ་བརྩིས་ཤིང་། མི་འབོར་དབུལ་པོ་ཁྲི་26.6གནས་སྤོས་པ་དེས་ཞིང་འབྲོག་པའི་བསྡོམས་འབོར་གྱི་10%ལྷག་ཙམ་བཟུང་ནས་མི་འབོར་དབུལ་པོའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལྷག་ཙམ་ཟིན་པ་རེད།
སྣོད་བཅུད་ཁ་གསབ་དབུལ་སྐྱོར་འདེགས་ཤིང་ནུས་ལྡན་དུ་བརྩིས་ཤིང་། རྒྱལ་ཁབ་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་རོགས་སྐྱོར་གྱི་བྱ་དགའ་དང་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་སོགས་ཆེད་དོན་མ་དངུལ་ལ་བརྟེན་ནས། ཆེད་ལས་དང་འགན་གཅིག་ལྕོགས་ཀྱི་སྣོད་བཅུད་ཁ་གསབ་ལས་གནས་ཁྲི་65.5དོན་འཁྱོལ་བྱས་པ་རེད།
ཕུ་མ་བྱང་ཐང་ཤང་གི་ཡུལ་མི་བསོད་ནམས་རྡོ་རྗེས། གཞོགས་འདེགས་ཉེན་རྟོག་པའི་ངོས་ནས། ཁོང་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོད་པ་དང་། བཟའ་ཟླས་སྣམ་བུ་བཏགས་པར་ལོ་ལྟར་ཡོང་འབབ་སྒོར་4000ལྷག་ཙམ་ཟིན་པའི་ཁར་སྣོད་བཅུད་ལས་གནས་དང་རྩྭ་ཐང་ཁ་གསབ་སོགས་ཚུད་པས་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་3ཙམ་ཡོད་ཅེས་བཤད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་ཤིང་དེ་སྔ་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་ཡུལ་སྨད་ཤང་དུ་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ལས་མེད་པས“མི་གསུམ་ཤང”ཞེས་བརྗོད་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་བྱས་པའི་དབང་གིས་ད་ཆ་ཡུལ་སྨད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་སྟེ། ལམ་ཤར་གཏོང་ཐུབ་ནས་རི་ཁུག་ནས་འདོན་སྐབས་སྟབས་བདེ་རུ་ཕྱིན་པ་དང་། དྲ་རྒྱ་ཡོད་པས་ཙག་ཙིག་ཚོང་ཁང་དུའང་སྐད་འཕྲིན་གཏོང་སྤྲོད་སྤྱད་ཆོག་པ། གློག་ཡོད་སྟབས་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་62.8ཡི་མི་ཚང་མས་དབུལ་པོར་ཐབས་ཇུས་བཏོན་པ་ལས་བྱུང་བའི་ཐོབ་སྣང་ལོངས་སུ་སྤྱོད་ཐུབ་ཡོད།
སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
—— ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་པ་གཅིག་མཐུན་ངང་དབུལ་ཕོངས་ལས་སྒྲོལ་ཐབས་བྱས་ཏེ་འབྱོར་འབྲིང་གི་འཆར་གཞི་བཏིང་བ།
ཡུན་བོད་ལམ་ཐིག་ནས་བོད་དུ་བསྐྱོད་ཚེ། ཚྭ་ཁ་ལྷོ་བརྒྱུད་དགོས་པ་དང་དེ་ནི་རྫ་ཆུའི་ངོགས་ཀྱི་ཇ་རྟའི་ཚོང་ལམ་དུ་གནས་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དཔྱིད་རླུང་བསུ་བཞིན་དུ་2017ལོར་ཚྭ་ཁ་ལྷོའི་གནའ་བོའི་ཚྭ་ཞིང་དེར་Aལྔ་རིམ་པའི་མཛེས་ལྗོངས་ཁུལ་གཏོད་འགོ་བཙུགས་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་སླེབས་ཏེ་ཚྭ་ཁ་ལྷོ་ཆབ་མདོའི་ཡུལ་སྐོར་བ་བསྡུ་འགྲེམས་ཁུལ་དུ་གྱུར།
“ལོ་འདི་དག་རིང་བོད་དུ་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་འདི་ལོའི་དུས་འགོར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཚོང་ལས་ཉམས་རྒུད་ཕྲན་བུ་སོང་མོད། རིམས་ནད་ཀྱི་གནས་ཚུལ་ཞི་ལྷོད་དུ་འགྲོ་བ་དང་བསྟུན་ནས་ད་ཆ་ཉིན་རེར་ཉུང་མཐར་ཡང་ཐུག་པ་ཕོར་པ་2000བྲིན་གྱི་འདུག”ཅེས་མགོ་ལྷ་སྒྲོལ་མས་བཤད་པ་དང་། “ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདི་འདྲ་འདུག་པས། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་གཏོད་བྱེད་དགོས”ཞེས་བཤད།
མིག་སྔའི་བར་བོད་ཀྱིས་ལས་དོན་རུ་ཁག་ཁག་དགུ་ལ་མི་ཐེངས་ཁྲི་ཉི་ཤུ་ལྷག་ཙམ་བསྟུད་མར་མངགས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན་དུ་གྲོང་སྡོད་ལས་དོན་སྤེལ་བ་དང་། ཕུལ་བྱུང་ལས་བྱེད་པ་བསྟུད་མར་མངགས་ཏེ་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་ཁུར་ནས་གྲོང་ཚོ་དང་གྲོང་ལྷན་ལ་ཡོངས་ཁྱབ་ཐུབ་ཡོད་པ་མ་ཟད་ཏང་ཡོན་དང་ལས་བྱེད་པ་བཅུ་ལྷག་ཙམ་དབུལ་སྐྱོར་འཐབ་ས་དང་པོར་སྔ་རྗེས་སུ་སྐུ་གཤེགས་པ་རེད།
བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་ད་དུང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།
ལོ་20ལྷག་ཙམ་རིང་བོད་སྐྱོར་ལས་དོན་མཚམས་མི་ཆད་པར་སྤེལ་བ་དང་ལྷག་པར་དུ་2016ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་གན་རྒྱ་བཞག་པའི་རྣམ་གྲངས་247དང་མ་དངུལ་སྒོར་དུང་ཕྱུར་350ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་སྨན་བཅོས་མི་སྣ་དང་སློབ་སྐྱོར་དགེ་རྒན་ཁྱོན་2500ལྷག་ཙམ་བོད་དུ་རོགས་སྐྱོར་བྱེད་པར་བཏང་བ་རེད། འདི་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་མོད། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་སྔར་བཞིན་དཀའ་ངལ་ཁྱད་དུ་བསད་དེ་ཕྱོགས་ཡོངས་དང་། གཏིང་ཟབ་པ། མ་ལག་ཅན་བཅས་ཀྱི་སྒོ་ནས་ཧུའུ་པེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་སྐྱེད་སྲིང་བྱས་པ་རེད།
དབུལ་ཕོངས་སེལ་བའི་ངོ་མཚར་བཏོད།
—— ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ལས་ལམ་ལུགས་ཀྱི་ལེགས་ཆ་མངོན།
2016ལོ་ནས་2019ལོའི་བར་གྱི་ཞིང་ཆེན་རིམ་པའི་ཏང་ཨུད་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་རིང་། བོད་ཀྱི་ཕྱོགས་བསྡུས་གདེང་འཇོག་ལོ་བཞི་བསྟུད་མར“ཡག་པོ”ཡིན་པ་དང་། དེ་ནི་ཐོག་མཐའ་བར་གསུམ་དུ་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་པའི་ཞིང་ཆེན་ཞིག་རེད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས“བོད་ལ་དབུལ་ཕོངས་ལས་བསྒྲལ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འོད་སྟོང་བཏོད་པའི་བདེན་དཔང་ནུས་ལྡན་ཞིག་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་མཚོན་ཚུལ་ཞིག་རེད”ཅེས་བརྗོད།
“ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག ང་ཚོའི་གྲོང་ཚོ་དབུལ་སྒྲོལ་བྱུང་སོང”ཞེས་ལྷོ་བྲག་རྫོང་བན་པ་ཤང་ཤོ་མ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་སྒྲོལ་དཀར་གྱིས“ང་ཚོ་མང་ཚོགས་དཀྱུས་མ་རྣམས་ནི་བོད་གསར་པའི་བདག་པོ་ཡིན་པ་ངའི་སེམས་དབུས་སུ་ཚོར་གྱི་འདུག”ཅེས་བཤད།
དབུལ་སྒྲོལ་འགག་སྒྲོལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
—— དབུལ་པོ་རང་ལོག་སྔོན་འགོག་གི་རོགས་སྐྱོར་ལམ་སྲོལ་བཙུགས་ཤིང་། དབུལ་སྒྲོལ་ཐུབ་པའི་མང་ཚོགས་དང་དབུལ་ཉེའི་དུད་ཚང་གི་མི་འབོར་ཁྲོད་དབུལ་པོ་རང་ལོག་དང་དབུལ་པོ་ཆགས་ཉེན་ཡོད་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་གཙོ་གནད་མི་ཚོགས་དང་གཙོ་གནད་ས་ཁོངས་ལ་དོ་ཁུར་བྱས་ནས་རོགས་སྐྱོར་བྱེད་ཐབས་བཟོས་པ་རེད། སྤོ་བོ་རྫོང་དུ་འདི་ལོའི་ལོ་འགོར་མ་དངུལ་སྒོར་ཁྲི་50བཏང་ནས་ཞིང་འབྲོག་པ་ཁྲི་2.5ལ“དབུལ་པོ་རང་ལོག་སྔོན་འགོག་དང་འགན་ལེན”གྱི་འགན་བཅོལ་ཉོས་ཏེ་ཞིང་འབྲོག་པ་ནད་དང་གནོད་འཚེས་རྐྱེན་པས་དབུལ་པོ་རང་ལོག་སྔོན་འགོག་བྱས་པ་རེད།
—— ཕྱོགས་ཡོངས་ནས་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་བཏང་ཞིང་། ཞིང་འབྲོག་ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་བཏང་ནས་ཐོན་ལས་རྟེན་གཞི་འཕེལ་རྒྱས་དང་། མཉམ་ལས་ཁང་ལ་སྐུལ་ཁྲིད། ཞིང་འབྲོག་པ་སྒྲིག་འཛུགས་བཅས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་རེད།
—— གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱས་ཤིང་། དབུལ་ཞྭ་ཕུད་པའི་རྫོང་ཁག་དང་པོར་ཚོད་ལྟའི་ལས་དོན་སྤེལ་ནས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་། གྲོང་ཚོའི་རྣམ་པ་རིམ་སྤོར་ལས་གྲྭ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། བལྟོས་བཅས་ཀྱིས་དབུལ་པོ་ཡིན་པའི་དཀའ་གནད་ཐག་གཅོད་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣