དབུ་ཤོག>ཆེད་སྒྲིག
  • ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-11

    འདི་ནི་མག་མང་གྲོང་ཚོའི་ཟུར་ཞིག་ཡིན་པ།

    འདི་ནི་མག་མང་གྲོང་ཚོའི་ཏང་ཡོན་མང་ཚོགས་ཀྱི་ཞབས་ཞུའི་བྱེད་སྒོའི་ལྟེ་གནས་ཀྱི་ཐང་ཆེན་དུ་མང་ཚོགས་དང་ཡུལ་སྐོར་བས་སྒོར་གཞས་འཁྲབ་བཞིན་པ།

    འདི་ནི་སྒྲོལ་མས་སྔས་ཤུབས་སླ་བཞིན་པ།

    མག་མང་ཤང་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་ལྷོ་ནུབ་ལེགས་པོ་རོང་མོན་པ་མི་རིགས་ཤང་བཞིའི་གྲས་ཤིག་རེད་ལ། ལེགས་པོའི་བཀྲགས་མདངས་འཚེར་ཤོས་ཀྱི་མཛེས་ལྗོངས་ཁུལ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག མག་མང་ཤང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཁང་པ་གྲལ་སྟར་འགྲིག་པ་དང་། གཙང་ཞིང་རྒྱ་ཆེ་བའི་ཁྲོམ་གཞུང་དང་དེ་བཞིན་སེམས་རྩ་འཁོལ་བའི་མང་ཚོགས། ལྷག་པར་དུ་ལྟ་ན་ལྡུག་པའི་རང་བྱུང་མཛེས་ལྗོངས་བཅས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་གི་ཡོད།

    སྒྲོལ་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མོན་པའི་བུད་མེད་ཅིག་ཡིན་ཞིང་། 2015ལོར་ཁོ་མོའི་ནང་མི་བཞི་རི་ལྡེབས་ནས་མག་མང་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གནས་སྤོས་པ་དང་། ལོ་དེའི་དབྱར་ཁར་ཁྱིམ་ཚང་མགྲོན་ཁང་གཉེར་འགོ་ཚུགས་པས། ས་གནས་དེ་གའི་སྲིད་གཞུང་གིས་སྒྲིག་ཆས་ཉོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི་2སྤྲད་ཡོད། ཁོ་མོས་ཡུལ་སྐོར་བ་ཉུང་བའི་དུས་སུ། ས་གནས་དེ་གའི་སྲོལ་རྒྱུན་སྨྱུག་ཆས་བསླས་ནས་ཁྱིམ་སྤྱོད་ཀྱི་ཁ་གསབ་མ་དངུལ་གསོག་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་དྲ་ཐོག་ནས་བལ་སྐུད་སླ་སྟངས་སྣ་ཚོགས་སྦྱངས་ཏེ། ཡུལ་སྐོར་བ་དང་མང་ཚོགས་ལ་འཚོང་གི་ཡོད། སྒྲོལ་མས་ཁྱིམ་ཚང་མགྲོན་ཁང་ཁོ་ན་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་ཡོང་གི་ཡོད་པ་མ་ཟད། རྒྱལ་ཁབ་ནས་མཐའ་མཚམས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པ་དང་། ད་དུང་སྨྱུག་ཆས་བསླས་གླ་དང་ཁྱོ་ག་ཚེ་རིང་རྒྱ་མཚོའི་ཤིང་ཕོར་བཟོས་པའི་ཡོང་འབབ་བཅས་ལས་ལོ་གཅིག་ལ་ཁྱོན་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཡོང་གི་འདུག་ཅེས་བཤད།

    གྲོང་ཚོ་ཡོངས་ལ་ཁྱིམ་ཚང་མགྲོན་ཁང་ཁྱོན་49དང་། ཟ་ཁང་དང་། ཇ་ཁང་། ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ས་ཚིགས་བཅས་ཡོད་པས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་ཡོད།

    མག་མང་ཤང་གི་ཧྲུའུ་ཅི་ཀྲུའུ་ཧྲོའུ་ལུང་གིས་གསར་འགོད་པར། ད་ལྟ་གྲོང་ཚོ་ཡོངས་ལ་དུད་ཚང་66གི་གྲོང་མི་158ཚང་མ་སྡོད་ཁང་གསར་པར་སྤོས་ཡོད། ཁང་པ་ཆེ་ཆུང་མི་འདྲ་བ་གཉིས་ཡོད་དེ་ཁང་པ་ཆུང་བའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་166དང་། ཁང་པ་ཆེ་བའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་244ཡོད་པ་དེ་དག་ཁྱིམ་ཚང་ལ་མི་གྲངས་མང་ཉུང་ལ་གཞིགས་ནས་སྤྲོད་ཀྱི་ཡོད། གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔར། གྲོང་ཚོས་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུ་ཡི་ཡོད་ལ། གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་དང་ཆུ་གློག་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བ། ཁྱིམ་ཚང་ཚང་མར་སྐུད་མེད་དྲ་བ་ཡོད་པས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་ཡོད་ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།