ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས་ན། རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱེད་དགོས་པས། དེས་དེང་གི་ཀྲུང་གོ་བའི་ཕུགས་བསམ་གང་ལེགས་མཚོན་གྱི་ཡོད་ལ། རང་རེའི་མེས་པོ་ཚོས་རྒྱུན་ཆད་མེད་པར་ཡར་རྒྱས་བརྩོན་ལེན་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡང་གང་ལེགས་མཚོན་གྱི་ཡོད།
—— 2013ལོའི་ཟླ་3ཚེས་17ཉིན། ཞི་ཅིན་ཕིང་གི《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད》ལས་དྲངས།