དབུ་ཤོག>ཆེད་སྒྲིག
  • གཞིས་རྩེས་ཚོང་འགུགས་མ་འདྲེན་ལ་གནད་སྨིན་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-14

    ཉེ་ཆར་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ། གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་ལས་དོན་སྤེལ་སྐབས་རང་སྐྱོང་ལྗོངས་ཀྱི“ཐོན་ལས་ཆེན་པོ་བདུན”ལ་གཙོ་བོར་དམིགས་ཐོག ས་གནས་དེ་གའི་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་དང་ཟུང་འབྲེལ་བྱས་ནས་གནད་སྨིན་ཚོང་འགུགས་ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་སེལ་ཆེད་འདེགས་སྐྱོར་བྱས་ཡོད།

    རྫོང་དང་ཆུས་དང་གླིང་ཁུལ་ཁག་ཏུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་གདམ་གསེས་ཞིབ་ཚགས་བྱས་པ་བརྒྱུད། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་མཛོད་དུ་ཁྱོན་རྣམ་གྲངས་144ཡོད་པ་ལས་ཐོན་ལས་ཆེན་པོ་བདུན་དང་འབྲེལ་བའི་རྣམ་གྲངས་137ཡོད་པ་དེས་95%བཟུང་ཡོད།

    འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་ཁྲོད་ཀྱི་གླིང་ཁུལ་གྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གླིང་ཁུལ་གྱི་ཐོན་ལས་གཅིག་སྡུད་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བའི་ལེགས་ཆ་སྤྱད་ནས་གཟིགས་སྐྱོང་སྲིད་ཇུས་སྔར་བས་ཞིབ་ཚགས་སུ་བཏང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བས། གླིང་ཁུལ་གྱི་ཚོང་འགུགས་དེ་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གདོང་དམག་ཏུ་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།