དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་མཐའ་མཚམས་འཕེལ་རྒྱས་ཀྱི། དཔྱིད་དཔལ་དུས་བཞི་ཀུན་ཏུ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-14

    758136_yis_1596444206547_s.jpg

    ཉེ་བའི་ལོ་ཤས་རིང་། ང་ཉིང་ཁྲི་གྲོང་ཁྱེར་གྱིས་མཐའ་མཚམས་ས་ཁུལ་གྱི་སྲིད་ཇུས་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་ལམ་དང་། ཆུ། གློག འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་བས་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཞིང་། འདི་ནི་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་རི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཟུར་ཞིག་ཡིན་པ།

    ལྟ་ན་སྡུག་པའི་བོད་བཟོའི་ཁང་པ་དང་། ཡངས་ཤིང་གཙང་སྦྲ་དོད་པའི་ཨར་འདམ་ལམ། ཟས་གོས་འཛོམས་པའི་ཞིང་འབྲོག་པའི་དུད་ཚང······

    རྫ་ཡུལ་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ནི་མི་རྣམས་ཡིད་སྨོན་དང་དགའ་བ་སྐྱེ་དགོས་པ་ཞིག་འདུག་ལ། དེ་དག་གིས་མི་རྣམས་ལ་བོད་ཀྱི་མཐའ་མཚམས་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་མངོན་པར་བྱས་ཡོད།

    འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་ནི་ཞིང་འབྲོག་པའི་ལོ་མང་གི་རེ་སྒུག་དང་བརྩོན་ལེན་གཅིག་ཏུ་འདུས་ཡོད་པ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ནི་དེ་བས་གལ་འགངས་ཆེ།

    རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ།

    ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་ཚང་མ་འཆར་འགོད་ནང་བཅུག་ནས་གཞུང་ལམ་དང་། ཆུ་གློག འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་། སྒོ་ར་སྒྱུར་བཀོད། གྲོང་ཚོའི་རྣམ་པ་བཅོས་སྒྲིག་སོགས་ཀྱི་བདེ་སྡོད་སྒྲིག་བཀོད་གཙོ་གནད་དུ་བཟུང་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ས་གནས་དེ་གའི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ། རིག་གནས་དང་སྨན་བཅོས་སོགས་སྤྱི་པའི་ཞབས་འདེགས་འཇོན་ཐང་ཆེ་རུ་བཏང་བ་རེད།

    “དེ་སྔའི་གྲོང་ཚོ་རྙིང་པར་ཕྲུ་གུ་སློབ་གྲྭར་འགྲོ་བར་རི་ལམ་དུ་ཉིན་གཅིག་གཉིས་སྐྱོད་དགོས་ཀྱི་ཡོད། ད་ཆ་ཕྲུ་གུ་སློབ་གྲྭར་འགྲོ་བར་སྐར་མ་བཅུ་གྲངས་ཁ་ཤས་ལས་འགོར་གྱི་མེད”རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་མོན་པན་གྲོང་གསར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆ་འབྲུག་གིས་སེམས་འགུལ་ཐེབས་བཞིན་དུ་གསར་འགོད་པར། ན་ནིང་གྲོང་མི་ཚང་མ་ལུང་ཁུག་ནས་གྲོང་གསར་དུ་གནས་སྤོས་རྗེས་མོན་པན་གྲོང་ཚོའི་སྔོན་ཆད་ཀྱི་ཤིན་ཏུ་དབུལ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ནས་ཁྱིམ་ཚང་ཚང་མ་ཁང་པ་གསར་པའི་སྡོད་རྒྱུ་བྱུང་ཡོད་ཅེས་བརྗོད།

    གནས་མ་སྤོས་གོང་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་རྒྱུད་དུ་གནས་པའི་མོན་པན་གྲོང་ཚོ་ནི་རྫ་ཡུལ་རྫོང་གི་ཐག་རིང་ཤོས་དང་གཞུང་ལམ་ཤར་གཏོང་མི་ཐུབ་པའི་མཐའ་མཚམས་གྲོང་ཚོའི་གྲས་ཤིག་རེད། གྲོང་ཚོར་ཐོན་ཁུངས་ཧ་ཅང་དཀོན་པ་དང་ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། མོན་པན་གྲོང་ཚོ་ནས་མགོ་ལ་ཤང་བར་སྤྱི་ལེ་40ལྷག་ཙམ་གྱི་རི་ལམ་ཡོད་པ་དང་། ས་ཆ་མང་པོ་ཞིག་ཏུ་འགྲོ་ལམ་ཀྱག་ཀྱོག་དང་གཡང་གཟར་པོ་ཡོད་པས་མི་གཅིག་ཐར་ཙམ་ལས་མེད། དེའི་རིང་ད་དུང་ས་བབ་མཐོ་ཚད་སྨི་4000ཟིན་པའི་ལ་ཆེན་པོ་ཞིག་རྒྱབ་དགོས་ཀྱི་ཡོད། གྲོང་མིས་ཁང་པ་གསར་པ་རྒྱག་སྐབས་ཨར་པོའི་རྒྱུ་ཆ་རྣམས་ཤང་ནས་གྲོང་ཚོར་དབོར་དགོས་པ་མ་ཟད། ཨར་འདམ་དོ་པོ་གཅིག་ལ་དབོར་གླ་སྒོར་700ཟིན་གྱི་ཡོད། གནས་མ་སྤོས་གོང་། མོན་པན་གྲོང་ཚོའི་དུད་ཚང་29ལས་དུད་ཚང་དབུལ་པོ་24ཡོད་པ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་2300ལས་མེད། ཕྲུ་གུ་ཤང་དུ་སློབ་གྲྭར་འགྲོ་བར་ཉིན་གཅིག་གཉིས་ཙམ་རི་ལམ་བརྒྱུད་དགོས་པ་དང་། རི་མཐོ་ལ་ལམ་གཟར་བས་ཕྲུ་གུ་མང་པོ་ཞིག་དེས་རྐྱེན་པས་སློབ་སྦྱོང་བྱེད་པའི་དུས་ཚོད་ཡག་ཤོས་ཤོར་ཡོད། མོན་པན་གྲོང་ཚོའི་གྲོང་མིའི་སློབ་རྒྱུས་མཐོ་ཤོས་ནི་སློབ་ཆུང་སློབ་རྒྱུས་ལས་མེད་པ་དང་། མི་འགའ་ཤས་ཐ་ན་ཚེ་གང་གྲོང་ཚོ་ནས་ཁ་འབྲལ་མྱོང་མེད།

    “གལ་ཏེ་ང་ལོ་ཁ་ཤས་ཀྱིས་ཆུང་བ་ཡོད་ན་ཅི་མ་རུང་། བདེ་སྐྱིད་ལྡན་པའི་འཚོ་བས་མི་རྣམས་ལ་རེ་བ་ཆེན་པོ་ཞིག་སྦྱིན་བཞིན་འདུག”ཅེས་ལོ་75ལ་སླེབས་པའི་མོན་པན་གྲོང་གསར་གྱི་གྲོང་མི་བཀྲ་ཤིས་དབང་རྒྱལ་གྱིས་དེ་ནི་ངའི་ད་ལྟའི་ཕུགས་འདུན་ཡིན་ཞེས་བརྗོད། བཀྲ་ཤིས་དབང་རྒྱལ་གྱི་ཁྱིམ་དུ་སྐྱོད་སྐབས་བོད་བཟོའི་ཐོག་ཁང་དེ་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར། ཁང་པའི་ནང་གི་དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་དང་གནའ་ཉམས་བབ་ཆགས་ཀྱི་བོད་བཟོའི་ཁྱིམ་ཆས་གང་དགོས་ཚང་མ་ཡོད། སྒེའུ་ཁུང་ནས་ཕྱི་ལ་ལྟ་སྐབས་གྲོང་ཚོའི་ཨར་འདམ་ལམ་འཕྲེད་གཞུང་གང་སར་སྦྲེལ་ཡོད་པ་དང་། གྲལ་སྟར་བསྒྲིགས་པའི་བོད་བཟོའི་སྒོ་ར་ང་ཚོའི་མིག་ལམ་དུ་ཁྲ་ལྷམ་མེར་མངོན།

    ཁྱད་ལྡན་ཐོན་ལས་དར་ཞིང་རྒྱས།

    མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་རིང་། རྫ་ཡུལ་རྫོང་གིས་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི“གོང་འཕེལ་གཉིས”གཙིགས་སུ་བཟུང་སྟེ་མཐའ་མཚམས་མི་སེར་གྱིས་ཐོན་ཁུངས་ཀྱི་ས་བབ་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    མཐའ་མཚམས་གྲོང་ཚོ་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོ་ནི་གངས་ལྗོངས་ས་མཐོའི་ཡུལ་ལུང་གཞན་དང་མི་འདྲ་བར་དེ་གར་ལྗོན་ཤིང་དང་། གཙང་པོ། འབབ་ཆུ་ཡོད་ལ་རི་འགོར་རི་བོ་སྔོ་ཁེབས་ཀྱིས་གཡོགས་ཤིང་། གནམ་གཤིས་ཚ་དྲང་རན་ལ་རང་བྱུང་གི་གསོ་རླུང་བང་མཛོད་ཅིག་གྲུབ་པ་དང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་ས་ཐག་རིང་བའི་རྐྱེན་གྱིས་སྔོན་མ་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་ཡོད།“གྲོང་ཚོར་དེ་གོང་རྣམ་གྲངས་ཉུང་ལ་མ་དངུལ་ཉུང་བ་དང་། གྲོང་མིའི་ཡོང་འབབ་ཉུང་བས། ཐག་ཉེ་རིང་ཀུན་ཏུ་གྲགས་པའི་གྲོང་ཚོ་སྐྱོ་པོ་ཞིག་རེད”ཞེས་ས་མ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་རྣམ་གྲོལ་གྱིས་བཤད། ད་ཆ་ས་མ་གྲོང་ཚོའི་ཁྱད་ལྡན་གསོ་ཚགས་སོགས་རྣམ་གྲངས་སྣ་ཚོགས་ཚ་ཚ་འུར་འུར་ངང་སྒྲུབ་བཞིན་ཡོད།

    ས་མ་གྲོང་ཚོ་ཨུ་ལྷན་གནས་ཡུལ་ནས་མུ་མཐུད་ལུང་གཞུང་བརྒྱུད་དེ་སྐྱོད་སྐབས་གཤོང་ས་ཞིག་ཏུ་སླེབས་པ་དང་། གྲོང་མི་བཅུ་ཕྲག་ཙམ་གྱིས་ལས་ཀ་བྱེད་བཞིན་ཡོད་པ་དང་། གསར་དུ་བཙུགས་པའི་སེའུ་འབྲུའི་སྡོང་ཕྲུག་ཡུག་གཅིག་བསིལ་རླུང་ཁྲོད་སྒུལ་བཞིན་འདུག ཚ་དྲང་རན་ལ་ས་རྒྱུ་གཤིན་པའི་ས་ཆ་དེ་ནི་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོས་བཙུགས་པའི་ཐུའུ་ཉི་སིའི་སེ་འབྲུའི་རྟེན་གཞི་རེད། ད་ལོ་ལོ་51ལ་སླེབས་པའི་གྲོང་མི་ངག་སྒྲོན་དེ་གར་ལས་ཀ་བྱས་ནས་ཟླ་གཉིས་སོང་བ་དང་། ཁོང་གིས“ཉིན་ལྟར་སྒོ་རྩར་ལས་ཀ་བྱས་ན་ཁ་གསབ་སྒོར་200ཡོད་པ་མ་ཟད། སྡོང་པོ་འདི་དག་ལ་འབྲས་བུ་བཏགས་ནས་བཙོངས་ཚེ། གྲོང་མིར་ད་དུང་ཁེ་སྤོགས་བགོ་རྒྱུ་ཡོད”ཅེས་བཤད།

    སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ།

    རྫ་ཡུལ་རྫོང་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོར་བསྐྱོད་པ་ན་མཛེས་ལ་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་ཡིད་དབང་འཕྲོག་པ་དང་དུས་མཚུངས། གྲོང་ཚོའི་བར་སྣང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་གྱིས་བག་ཆགས་ཟབ་མོ་སྦྱིན་པར་བྱེད། དུད་ཁྱིམ་ཚང་མའི་ཁང་པའི་ཐོག་ཁར་གཡོ་བའི་རྒྱལ་དར་ལས་མཛེས་རིས་ལྟ་ན་སྡུག་པ་ཞིག་གྲུབ་ནས་མཐའ་མཚམས་ལམ་རྒྱུད་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ལ། མཛེས་ལྗོངས་དེ་ནི་རྫ་ཡུལ་རྫོང་གི་མཐའ་མཚམས་གྲོང་ཚོ་གང་སར་མཐོང་རྒྱུ་ཡོད།

    ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་འོག་མཐའ་མཚམས་མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་སོང་བ་དང་། མཐའ་མཚམས་མང་ཚོགས་མཐུན་སྒྲིལ་དམ་ཟབ་ཀྱི་འདུ་ཤེས་ཀྱང་ཆེ་རུ་སོང་ཡོད། སོག་བརླིང་གྲོང་ཚོའི་གྲོང་མི་ཚེ་དབང་སྒྲོལ་མ་ནི་རྒྱལ་གཅེས་ཀྱི་འདུ་ཤེས་ཟབ་མོ་ལྡན་པའི་མཐའ་མཚམས་སྐོར་ཞིབ་པ་ཞིག་རེད། ཁོང་གི་ཉིན་རེའི་ལས་འགན་ནི་ས་ཆ་དེ་གའི་གང་སར་རྐང་ཐང་དུ་སྐྱོད་རྒྱུ་དེ་རེད། ཁོང་གིས“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་བྱུང་། ང་ཚོའི་རྐང་འོག་གི་ས་ཆ་ནི་རང་རེའི་ཀྲུང་གོའི་ས་ཆ་རེད། ང་ཚོ་ཙམ་མ་ཟད་ད་དུང་ང་ཚོའི་མི་རབས་རྗེས་མས་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས”ཞེས་བརྗོད། ད་ཆའི་སོག་བརླིང་གྲོང་ཚོའི་གྲོང་མི་ཀུན་གྱིས་རང་ཉིད་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དུ་བརྩིས་ནས་རང་འགུལ་ངང་རི་སྐོར་མཐའ་སྲུང་གི་འགན་འཁྲི་ཕྲག་ཏུ་འཁུར་གྱི་ཡོད།

    ད་ཆ་རྫ་ཡུལ་རྫོང་གི་མཐའ་མཚམས་གྲོང་ཚོའི་ཁང་པ་གསར་པར་བསྒྱུར་བ་ཙམ་མིན་པར་གྲོང་ཚོ་ཧྲིལ་པོའི་བཀོད་པ་དང་བསམ་པའི་ཤེས་དཔལ་སོགས་ཀྱི་ཐད་ལེགས་བཅོས་ཆེན་པོ་བྱུང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ངང་ཁྱིམ་ཚང་དང་རྒྱལ་ཁབ་སྲུང་སྐྱོང་གིས་འཕེལ་རྒྱས་དོན་

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།