དབུ་ཤོག>ཆེད་སྒྲིག
  • ཆུ་ཤུར་རྫོང་གི་གཅེས་སེམས་ཁེ་ལས་ཀྱིས་གཅེས་སེམས་དངོས་ཟོག་ཞལ་འདེབས་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-12

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སྙེ་ཐང་བཟོ་ལས་གླིང་ཁུལ་དུ་བོད་ལྗོངས་ཀྲོང་ཡོན་གྱང་ངོས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུས“བྱམས་བརྩེ་འཆང་། ཞི་མཐུན་སྐྲུན། ཆུ་ཤུར་སྐྱོང་། བརྩེ་བ་སྤེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཏང་གི་ཉིན་མོའི་གཅེས་སེམས་ཞལ་འདེབས་མཛད་སྒོ་གཉེར་བ་རེད།

    ཞལ་འདེབས་མཛད་སྒོར་བོད་ལྗོངས་ཀྲོང་ཡོན་གྱང་ངོས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུས་ཆུ་ཤུར་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོ་དང་དཀའ་ངལ་ཡོད་པའི་ཏང་ཡོན། ཕུལ་བྱུང་ཏང་ཡོན་བཅས་ལ་སྒོར་ཁྲི་15ལྷག་ཙམ་གྱི་གཅེས་སེམས་དངོས་ཟོག་ཞལ་འདེབས་བརྒྱབ་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་འཁུར་བ། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་གཅེས་སེམས་ཁེ་ལས་ཀྱི་སྙིང་སྟོབས་མཚོན་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།