དབུ་ཤོག>ཆེད་སྒྲིག
  • ཐོན་ལས་ཀྱི“རྨང་རྡོ”བརྟན་དུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་གདུང་བསླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-12

    ཉེ་བའི་ལོ་ཤས་རིང་། བཞད་མཐོང་སྨོན་རྫོང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་། ཞིང་འབྲོག་མང་ཚོགས་བྱེད་པོར་བྱ་རྒྱུ་དང་། སྟོབས་ཆེར་གཏོང་བ་ཁ་ཕྱོགས་སུ་འཛིན་པ། ཚད་ལྡན་མཐོར་འདེགས་བྱེད་ཐབས་སུ་བྱེད་པ། མང་ཚོགས་ལ་འབབ་འཕར་ཡོང་བ་དམིགས་ཚད་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། མཉམ་ལས་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། ཞིང་འབྲོག་མང་ཚོགས་མཉམ་ལས་ཁང་དུ་འཛོམས་ཤིང་ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་ཕྱུག་པོ་ཆགས་ལ། ཞིང་འབྲོག་ཁུལ་འཕེལ་རྒྱས་དང་། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ། ཞིང་འབྲོག་པའི་ཡོང་འབབ་འཕར་བ་བཅས་ཀྱི་སྒུལ་ཤུགས་གསར་པའང་བཏོད་པ་རེད།

    ཏང་འཛུགས་སྐྱོང་བྱས་ནས་འགན་འཁྲི་ནན་དུ་བཏང་བ།

    བཞད་མཐོང་སྨོན་རྫོང་གིས“གང་དུ་མཉམ་ལས་ཁང་བཙུགས་ན། དེ་རུ་ཏང་གི་རྩ་འཛུགས་འཛུགས་པ་དང་ཏང་གི་ལས་དོན་སྤེལ་བའི”ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མཁར་རྫོང་བརྟན་གཏོང་དང་། བཅོས་སྐྱོང་བྱེད་མཁས་པ། ཁྲིད་སྟོན་ལ་སྣང་ཆེན་བཅས་བྱས་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོ་མཉམ་ལས་ཁང་ཚད་ལྡན་མཐོར་འདེགས་འཕེལ་རྒྱས་གཏོང་བའི་རྒྱབ་རྟེན་བརྟན་པོ་ཞིག་ཏུ་འགྱུར་བར་བྱས་པ་རེད།

    རྫོང་དེས་རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱེད་པའི་རྫོང་ཡོངས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གཤམ་ཏུ་ཆེད་དོན་ཚོགས་ཆུང་10དང་། ལས་དོན་ཆེད་དོན་ཚན་ཁག་བཙུགས་ནས་མཉམ་ལས་ཁང་གི་ལས་དོན་ཁག་གི་འགན་འཁུར་ཏེ། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་བྱེད་པ་དང་། ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་བྱེད་པ། འགན་ནུས་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ནས། མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་སྟོབས་ཆེན་མཁོ་འདོན་བྱས་པ་རེད།

    སྲིད་ཇུས་ཀྱི་འདེགས་སྐྱོར་བྱས་ནས་འཇུར་མིག་སེལ་བ།

    སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཞིང་། བཞད་མཐོང་སྨོན་རྫོང་གིས“ཐབས་ལམ་མང་པོ་ནས་ཆུ་གསོག་པ་དང་ཆུ་སྒོ་གཅིག་ནས་ཆུ་གློད་པའི”བྱེད་སྟངས་གསར་གཏོད་ཀྱིས། སྲིད་ཇུས་དང་ཁྲིམས་སྲོལ་གྱི་ཆོག་འཐུས་ཁྱབ་ཁོངས་ནང་འབྲེལ་ཡོད་མ་དངུལ་བསྡུ་སྒྲིལ་བྱས་པ་དང་། གྲོང་མི་ཨུ་ལྷན་གྱིས་རྐང་འཛིན་མི་སྣའི་ཚབ་བྱས་ནས་མཉམ་ལས་ཁང་ལ་མ་རྐང་ཞུགས་པ་རེད། དེས་མ་ཟད། ད་དུང་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི་2065.23བཏང་སྟེ། མ་དངུལ་གྱི་འགན་ལེན་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཞིང་། “རོགས་དངུལ་བྱ་དགར་སྒྱུར་བའི”མ་དངུལ་མཉམ་ལས་ཁང་གི་རྐང་དངུལ་དུ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། དབུལ་ཉེའི་དུད་ཚང་། དབང་པོ་སྐྱོན་ཅན་གྱི་དུད་ཚང་བཅས་ལ་བགོ་བཤའ་བརྒྱབ་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ་རེད། སྲིད་ཇུས་བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མར་མཉམ་ལས་ཁང་ལ་མ་རྐང་ཞུཌ་པའམ་མཉམ་ལས་ཁང་འཛུགས་རྒྱུའི་ལྕག་སྐུལ་བྱས་ཤིང་། མིག་སྔར་ཁྱོན་མཐོ་སློབ་སློབ་ཐོན་སློབ་མ་4ཡིས་མཉམ་ལས་ཁང་བཙུགས་པ་རེད། རྣམ་གྲངས་ཆུང་གྲས་ཀྱིས་མཉམ་ལས་ཁང་ལ་ཕྱོགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཞིང་། མིག་སྔར་རྫོང་ཡོངས་སུ་སྣོད་བཅུད་རིགས་ཀྱི་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་ཁྱོན་མི་ཐེངས་700ལ་སྐུལ་ཁྲིད་ཐུབ་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་1100ལྷག་བྱུང་ལ། རྫོང་དེའི་སྒོར་ཁྲི་400མན་གྱི་རྣམ་གྲངས་14ས་གནས་དེ་གའི་མཉམ་ལས་ཁང་ལ་རྩིས་སྤྲད་དེ་གཅིག་གྱུར་ཐོག་ངལ་ནུས་ཕྱིར་གཏོང་བྱས་ཏེ། ས་གནས་དེ་གའི་ལས་མི་སྤྱོད་ཚད་86.5%ཡན་ཟིན་པ་རེད། དེ་དང་ཆབས་ཅིག བཟོ་ཚོགས་ཀྱི་ཕན་བདེ་དང་མཉམ་ལས་ཁང་གི་ཐོན་རྫས་ཁ་གཏད་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ལས་ཁང་གི་ཐོན་རྫས་ཕྱིར་ཚོང་ལ་སྐུལ་ཁྲིད་ཀྱིས་མཉམ་ལས་ཁང་གི་དཔལ་འབྱོར་ཕན་འབྲས་ཆེ་རུ་བཏང་བ་དང་། ལོ་སྟོད་དུ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་ལས་ཁང་གི་ཐོན་རྫས་ཁ་གཏད་སྦྲེལ་མཐུད་ཐེངས་2བྱས་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་98ཟིན་ཡོད་པ་རེད།

    སྤུས་རྟགས་བཏོད་ནས་ཆུ་ཚད་མཐོ་རུ་བཏང་བ།

    དཔེ་སྟོན་སྤུས་རྟགས་བཏོད་དེ་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཤིང་། “གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ་དང་། ཤང་རེ་ལ་སྤུས་རྟགས་རེའི”འཛུགས་སྐྱོང་དང་དཔེ་སྟོན་ཁང་འཛུགས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལོ་འདིར་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁང་9དང་། གྲོང་ཁྱེར་རིམ་པའི་དཔེ་སྟོན་ཁང་36 རྫོང་རིམ་པའི་དཔེ་སྟོན་ཁང་105བཅས་བསྐྲུན་རྒྱུའི་དམིགས་ཚད་ལས་འགན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། ས་ཁམས་མཚོན་རྟགས་སྲུང་སྐྱོང་དང་ཚོང་རྟགས་ཐོ་འགོད་ལ་ཤུགས་སྣོན་བརྒྱབ་པའི་ཁར་སྤུས་རྟགས་གཉེར་འཚོང་འོས་སྦྱོར་བྱེད་ཤུགས་ཀྱང་ཆེ་རུ་བཏང་ནས། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་ཁས་ལེན་ཐོབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། མིག་སྔར་ཚོང་རྟགས་ཐོ་འགོད་རེ་ཞུ་38བྱས་པ་ལས་26ལེགས་གྲུབ་བྱུང་ཡོད་པ་རེད།

    2019ལོའི་ཚུན་དུ། བཞད་མཐོང་སྨོན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རོགས་སྐྱོར་དང་ཁྲིད་སྟོན་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཧུར་ཐག་ངང་ཞུགས་པ་བརྒྱུད། རྫོང་དེའི་མཉམ་ལས་ཁང་ཁག་མགྱོགས་མྱུར་འཕེལ་རྒྱས་བྱུང་ལ། 2020ལོའི་ཟླ་བདུན་པའི་བར་ཏུ། རྫོང་ཡོངས་སུ་ཁྱོན་མཉམ་ལས་ཁང་467(མཉམ་འབྲེལ་ཁང་3ཚུད)ཟིན་ནས་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་པ་དང་། མཉམ་ལས་ཁང་གི་ཁོངས་མིའི་དུད་ཚང་8049ཡི་མི་37917ཡོད་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། དབུལ་ཉེའི་དུད་ཚང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། ཞིང་འབྲོག་པ་ཏང་ཡོན། དབང་པོ་སྐྱོན་ཅན་བཅས་ཚང་མ་མཉམ་ལས་ཁང་ནང་ཞུགས་ཡོད་པ་རེད། ངལ་ནུས་ཁྲི་1.3ལྷག་ཕྱིར་གཏོང་བྱས་པར་འབབ་འཕར་སྒོར་དུང་ཕྱུར་1.2ལྷག་ཙམ་བྱུང་བ་དང་། ལོ་སྟོད་དུ་ནོར་ལུག་བཤས་བཏང་ཚད་མགོ་གྲངས་4000ལྷག་ཟིན་ནས་ཡོང་འབབ་སྒོར་ཁྲི་877རག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།