འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཆེད། ས་དགའ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ངལ་ནུས་ཕྱིར་གཏོང་བྱེད་པ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། ཞིང་འབྲོག་པར་འབབ་འཕར་ཕྱུར་འགྱུར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། རྫོང་ཡོངས་ཀྱི་གོང་འོག་ཚང་མར་དམིགས་ཚད་ལས་འགན་བཟོ་བ་དང་། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྗེས་འདེད་ཞབས་ཞུ་ཡག་པོ་སྒྲུབ་པ། རྣམ་པ་སྣ་ཚོགས་དང་ཐབས་ལམ་སྣ་ཚོགས་འབྲེལ་མཐུད་བཅས་བྱས་ཏེ་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆཌ་ཐུབ་པ། འཕེལ་རྒྱས་ཐུབ་པ། ཕྱུག་པོ་ཆགས་པ་བཅས་བྱས་ཡོད་པ་རེད།
ས་དགའ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། འཕྲང་སྒོ་ཤང་ཏང་ཨུད་ཀྱིས་ངལ་ནུས་ཕྱིར་གཏོང་དང“ལས་ཚབ་གསོ་སྦྱོང”གི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ཏེ། མང་ཚོགས་ལ་དྲིལ་བསྒྲཌ་བྱེད་ཤུགས་ཆེ་རུ་བཏང་ཁར། ངལ་ནུས་ཕྱིར་གཏོང་ལས་དོན་ལ་དམ་འཛིན་ལྷོད་མེད་ཀྱིས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཆུ་ཚད་ནུས་ཤུཌ་ཡོད་རྒུས་མཐོ་རུ་བཏང་ཡོད། བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར་འཕྲང་སྒོ་ཤང་གི་ངལ་ནུས་ཕྱིར་གཏོང་མི་གྲངས་530ཟིན་པ་དང་ཡོང་འབབ་སྒོར་ཁྲི་374.6ཟིན་ནས་དམིགས་ཚད་ལས་འགན་གྱི་80.9%ལེགས་གྲུབ་བྱུང་ཡོད།
འདི་ལོར། འཕྲད་སྒོ་གྲོང་ཚོའི་མི་ཐབས་གཟན་ཆགས་རྟེན་གཞི་དང་སྣོད་བཅུད་སླར་གསོ་ཁུལ་དུ་སྤྱིའི་རིང་ཚད་སྨི་ཁྲི་གཅིག་ལྷག་ཟིན་པའི་ཆུ་ཡུར་ཆུ་འདྲེན་གྱི་འཛུགས་སྐྲུན་རྣམ་གྲངས་གཅིག་ཡོད། འཕྲང་སྒོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་རྣམ་གྲངས་ལག་བསྟར་བྱ་ཡུལ་དུད་ཁྱིམ་གྱི་མང་ཚོགས་ཚོས་སྒོ་རྩར་གླ་པ་རྒྱུག་ཐུབ་པ་དང་ཡོང་འབབ་མང་དུ་གཏོང་ཐུབ་པ་འགོ་འཛུགས་སར་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་བྱེད་མཁན་དང་འབྲེལ་མཐུད་མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད། རིང་ཚད་སྨི་8000ལྷག་ཙམ་ཟིན་པའི་ཆུ་ཡུར་རྒྱག་བཟོའི་རྣམ་གྲངས་རག་ཡོད།
ཨར་རྒྱག་བྱ་ཡུལ་དུ་གསར་འགོད་པས་འཕྲང་སྒོ་གྲོང་ཚོའི་མང་ཚོགས་20ཡིས་དཀའ་སྤྱད་འབད་བརྩོན་གྱིས་ལས་ལ་གཞོལ་བཞིན་པ་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། འཕྲང་སྒོ་གྲོང་ཚོའི་ཆུ་ཡུར་ཆུ་འདྲེན་འཛུགས་སྐྲུན་རྣམ་གྲངས་འདི་ལོར་ལེགས་གྲུབ་ཟིན་རྒྱུ་དང་། ཨར་རྒྱག་བྱེད་རིང་ཉིན་ལྟར་ཡུལ་གཞན་དུ་གནས་སྤོ་དང་དཔེ་སྟོན་འབྱོར་འབྲིང་གྲོང་ཚོའི་མི་20ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད་ལ། མང་ཚོགས་ཀྱི་ངལ་ནུས་ཕྱིར་གཏོང་གི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་དང་། འཕྲང་སྒོ་གྲོང་ཚོའི་ཚེ་སྨོན་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་གི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་8ཟིན་རྒྱུ་རེད།