དབུ་ཤོག>ཆེད་སྒྲིག
  • ཕྱུག་འགྱུར་ལམ་གྱི་གཏམ་རྒྱུད་སྙན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2020-08-12

    ཉེ་བའི་ལོ་ཤས་རིང་། གམ་པ་རྫོང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོཌ་ཡོངས་ནས་རྒྱལ་ཁ་ལེན་པར་དམིཌ་པ་དང་། རྩེ་རིམ་ཇུས་འགོད་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། གམ་པའི་ལུག་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་བ་རེད། རྫོང་དེས་ཏང་འཛུགས་སྐྱོང་གི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བ་དང་། ཐོན་ལས་ཀྱི་ལེགས་ཆ་དབུལ་སྒྲོལ་གྱི་ལེགས་ཆར་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དམིགས་ཡུལ་དུ་འཛིན་པ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ལུག་གསོ་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་རྫོང་གཏོད་པ་དམིགས་ཚད་དུ་བཟུང་ནས། ཞིང་འབྲོག་པའི་མཉམ་ལས་ཁང་གི་རྩ་འཛུགས་ཅན་གྱི་ཚད་གཞི་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་ཚད་ལྡན་དང་མཐོ་རུ་བཏང་སྟེ་ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་། མ་དངུལ་རྐང་དངུལ་དུ་འགྱུར་བ། ཞིང་པ་རྐང་མིར་འགྱུར་བ་བཅས་ཀྱི“གསུམ་འགྱུར་སྒྱུར་བཅོས”མངོན་འགྱུར་ཧུར་ཐག་བྱས་ཡོད།

    ན་ནིང་ནས་བཟུང་། གམ་པ་རྫོང་དུ་ལུག་གསོ་མཉམ་ལས་ཁང་31ཐོ་འགོད་བྱས་ནས་བཙུཌ་ཏེ་དུད་ཚང་དབུལ་པོ་དང་། དབུལ་ཉེའི་དུད་ཚང་། ཞིང་འབྲོག་པ་ཏང་ཡོན། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མི། དབང་པོ་སྐྱོན་ཅན་བཅས་མཉམ་ལས་ཁང་ནང་ཞུགས་ཚད་100%ཟིན་ཞིང་། ཤང་བཞི་དང་གྲོང་རྡལ་གཅིག་གི་ཁྱོན་སྲིད་འཛིན་གྲོང་ཚོ་29ཚང་མ་མཉམ་ལས་ཁང་ལ་ཞུགས་པ་རེད། 2019ལོར་གཞིས་རྩེ་གྲོང་ཁྱེར་པའེ་ཡཱ་ཁྲེང་ཞིང་ལས་ཐོན་རྫས་ཉོ་ཚོང་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་པ་བརྒྱུད་གམ་པའི་ལུག་ཕྱིར་འཚོང་གི་ཐབས་ལམ་སྔར་བས་རྒྱ་བསྐྱེད་པ་དང་། ལུག་གསོ་མཉམ་ལས་ཁང་31ནས་གམ་པའི་ལུག་བཤས་གཏོང་ཚད་ཁྲི་5ཙམ་ཟིན་ཏེ་ཡོང་འབབ་སྒོར་ཁྲི་4200ལྷག་ཙམ་བྱུང་བ་དང་ཁེ་སྤོགས་ཁྲི་986བགོ་འགྲེམས་བརྒྱབ་ཡོད། ངལ་ནུས་ལྷག་མ་1330ཕྱིར་བཏང་སྟེ་ཡོང་འབབ་སྒོར་ཁྲི་1700ལྷག་ཙམ་བྱུང་ཡོད།

    ཤང་དང་གྲོང་རྡལ་ཏང་ཨུད་ཀྱིས་རྫོང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་བརྟག་ཞིབ་གཏིང་ཟབ་དང་ཁྱིམ་འཛུལ་སྒྲོག་འགྲེལ་བྱས་ནས་མང་ཚོགས་དཔེ་སྟོན་མཉམ་ལས་ཁང་གི་འཛུགས་སྐྲུན་ལས་དོན་ལ་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ཡོད། “མེད་པ་གསར་སྐྲུན་དང་། ཡོད་པ་སྒྱུར་བཀོད། གྲོང་ཚོ་ཆེན་པོ་ཁེར་སྐྲུན། གྲོང་ཚོ་ཆུང་ངུ་མཉམ་སྐྲུན”དང་། “མི་གྲངས་ལྟར་ཕྱུགས་གྲངས་གཏན་འཁེལ་དང་ཕྱུགས་རིགས་ལྟར་ལྷས་ར་གཏན་འཁེལ”གྱི་རྩ་དོན་གཞིར་བཟུང་། རང་བྱུང་རྩྭ་ར་དང་མི་ཐབས་རྩྭ་འདེབས་ཀྱི་ཐེག་ནུས་ལ་སྤྱི་འདོམས་བསམ་གཞིག་བྱས་ཁར། དོན་དངོས་དང་ཟུང་འབྲེལ་གྱིས་ཕྱུགས་གྲངས་ཁྲི་1ཡན་ཤོང་བའི་ཚང་གསོའི་གཞི་ཁྱོན་རྟེན་གཞི་15དང་ཕྱུགས་གྲངས་5000ཤོང་བའི་ཚང་གསོའི་གཞི་ཁྱོན་རྟེན་གཞི་9བསྐྲུན་པ་དང་། “ལོ་གཉིས་ནང་ལུ་གུ་གསུམ་བཙའ་བའི”ཚོད་ལྟ་རིམ་བཞིན་ཁྱབ་གདལ་བཏང་ཞིང་། ན་རྒས་ལུས་གཅོང་གི་ཕྱུགས་རིགས་དང་། ཕ་ཕྱུགས། རྒྱུད་འདྲེས་ཕྱུགས་རིགས(མཛོ་མོ་དང་། རྟ། ར་བཅས་ཚུད)དོར་བ་དང་། ཕྱུགས་ཚོགས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་དང་ལེགས་གཏོང་བྱས་པ་བརྒྱུད་ལོ་མཇུག་གོང་མོ་ཕྱུགས་དང་ལོ་འཚམ་མོ་ཕྱུཌ་ཀྱི་བསྡུར་གྲངས་80%ཟིན་པ་དང་། རའི་བསྡུར་གྲངས་དེ་ལག་ཡོད་བསྡོམས་འབོར་གྱི་5%མན་བར་ཚོད་འཛིན་བྱས་ཏེ་ལོར་རྫོང་ཡོངས་ཀྱི་ལག་ཡོད་མགོ་གྲངས་ཁྲི་20དང་ལོར་བཤས་གཏོང་ཚད་མགོ་གྲངས་ཁྲི་10ཟིན་པའི་འགན་ལེན་བྱས་ཡོད། གཞིས་རྩེ་གྲོང་ཨུད་ཀྱིས་བཏོན་པའི་གམ་པའི་ལུག་གསོ་ཚགས་གསོ་སྤེལ་ལྟེ་བའི་ཁུལ་གྱི་ངེས་གནས་གཞིར་བཟུང“ལུ་གུའི་དཔལ་འབྱོར”དང“མོ་ཕྱུགས་དཔལ་འབྱོར”གྱི་འཕེལ་རྒྱས་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།