འདི་ནི་ཚྭ་ཆུ་ཐང་གྲོང་ཚོའི་རྣམ་པ་ཡིན་པ།
ནག་ཆུའི་མཚོ་གཉིས་རྫོང་ནས་ཚྭ་ཆུ་ཐང་གྲོང་ཚོར་སྤོས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་བཙན་ཆུང(གཡས་ཀྱི་གཉིས་པ)དང་བཟའ་ཟླ། བུ་ཕྲུག་བཅས་ཀྱིས་ལོ་79ལ་སླེབས་པའི་ཕ་རྒན་དང་མཉམ་དུ་འཚོ་བའི་སྐོར་གླེང་བཞིན་པ།
ཚྭ་ཆུ་ཐང་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡེ་ཤེས་མཚོ་མོས(གཡོན་གྱི་དང་པོ)གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་བཙན་ཆུང(གཡས་ཀྱི་དང་པོ)གི་ནང་མི་དང་གླེང་མོལ་བྱེད་བཞིན་པ།
འདི་ནི་ཚྭ་ཆུ་ཐང་གྲོང་ཚོའི་གྲོང་མི་རང་ཁྱིམ་གྱི་སྒོ་འགྲམ་དུ་ངལ་གསོ་བཞིན་པ།
བྱིས་པ་གཉིས་ཚྭ་ཆུ་ཐངགྲོང་ཚོར་རྩེད་མོ་རྩེ་བཞིན་པ།
ནག་ཆུ་ཤན་རྩ་རྫོང་ནས་ཚྭ་ཆུ་ཐང་གྲོང་ཚོར་སྤོས་པའི་གྲོང་མི་དབང་གྲགས(གཡས)དང་བཟའ་ཟླ་དར་རྒྱས་གཉིས་ཀྱིས་རང་ཁྱིམ་གྱི་ཚོང་ཁང་ཆུང་ཆུང་དུ་ཚོང་ཟོག་སྒྲིག་བཞིན་པ།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་བསྟར་བྱས་ཏེ“ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་དེ་གའི་མི་གསོ་མི་ཐུབ་པའི”འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་དང་། གནས་སྤོས་དུད་ཚང་དབུལ་སྒྲོལ་བརྟན་པོ་དང་བཀོད་སྒྲིག་བྱ་ཡུལ་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་བྱས་ནས་གྲོང་གསེབ་དར་རྒྱས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚྭ་ཆུ་ཐང་གྲོང་ཚོའི་དུད་ཚང་150ཡི་གྲོང་མི་683ནི་2017ལོའི་ལོ་མཇུག་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་ནག་ཆུ་དང་། མངའ་རིས། ཆབ་མདོ་སོགས་དཀའ་ཚེགས་ཧ་ཅང་ཆེ་བའི་ས་ཁུལ་ནས་སྤོས་པ་ཞིག་རེད། གྲོང་མི་མང་ཆེ་བ་དེ་སྔ་མཐོ་གྲང་ས་ཁུལ་གྱི་འབྲོག་ཁུལ་དུ་སྡོད་པ་དང་། ཆུ་དང་གློག་མེད་པ་མ་ཟད། སྨན་པ་དང་སྨན་ཧ་ཅང་དཀོན་པོ་ཡོད་པ་རེད། གྲོང་ཚོ་གསར་པར་སྤོས་རྗེས་ཟས་གོས་སྡོད་མལ་དང་སྨན་བཅོས་ཚང་མར་འགན་ལེན་བྱུང་བའི་ཁར། ད་དུང་ཡངས་པ་ཅན་གྱི་ས་འོག་ཚ་ནུས་ཀྱི་ཆུ་ཚན་ལ་བརྟེན་ནས་ཡུལ་སྐོར་མ་རྐང་ལ་ཞུགས་ཏེ་ཁེ་བཟང་བགོ་ཐུབ་པ་བྱུང་བ། ལུག་སྡོམ་གསོས་དང་ལས་སྣོན་མཉམ་ལས་ཁང་སོགས་མཉམ་སྡེབ་དཔལ་འབྱོར་གཉེར་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཀ་བྱས་ནས་ཡོང་འབབ་བསགས་ཏེ། བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་བཞིན་ཡོད།