དབུ་ཤོག>ཆེད་སྒྲིག
  • “ཏན་ཏིག་དྲུག”གི་བྱ་ཐབས་ལ་བརྟེན་ནས་དབུལ་སྐྱོར་ཁྲོད་ཀྱི་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-07

    ཉེ་དུས། སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་གནད་དོན་དག་ཐེར་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས“ཏན་ཏིག་དྲུག”གི་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། བདེ་ཐང་གི་དབུལ་སྐྱོར་སྲིད་ཇུས་སྤྱད་ནས་སྨན་བཅོས་འགན་སྲུང་གི་ཐ་སྐྱོང་ནུས་པ་འདོན་སྤེལ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་དམག་འཐབ་བརྒྱབ་པ་རེད།

    “ཐུན་མོང་གི་ངོས་འཛིན་གཅིག”བརྟན་དུ་བཏང་ནས། གནད་དོན་དོན་འཁྱོལ་དང་དག་ཐེར་བྱེད་རྒྱུ་སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ལ་བརྩིས་ཏེ། འཕྲལ་མར་ལག་བསྟར་དང་འཕྲལ་མར་སྒྱུར་བཅོས་དང་གནད་སྨིན་དོན་འཁྱོལ་དང་། “རིམ་པ་གཉིས་པའི་འགན་འཁྲི”ནན་དུ་བཏང་ནས་གཞིས་རྩེ་གྲོང་ཁྱེར་དང་རྫོང་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། གནད་དོན་དག་ཐེར་བྱེད་རྒྱུར་དམིགས་པ། སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་ཞན་ཆ་སེལ་བ་བཅས་བྱས་ནས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཁོངས་གཏོགས་ཀྱིས་བསམ་སྤྱོད་གཅིག་གྱུར་དང་འགན་འཁྲི་ཁུར་ཕོད་པ་བྱས་ཏེ། སྨན་བཅོས་འགན་སྲུང་དབུལ་སྐྱོར་གྱི“མཐའ་མའི་རྒྱལ་ཁ་ལེན་རྒྱུར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། “ཟུང་འབྲེལ་གསུམ”ནན་དུ་བཏང་ནས་ཚད་གཞི་དང་ཡང་ཡང་བསྡུར་ཏེ་དག་ཐེར་ལ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། གནད་དོན་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དང་ཟུང་འབྲེལ་དང་། གནད་དོན་དག་ཐེར་བྱེད་རྒྱུ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་དང་ཟུང་འབྲེལ། མིག་སྔའི་དག་ཐེར་ལས་དོན་དེ་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས། དག་ཐེར་བྱ་ཐབས་ཁ་གསལ་བཟོ་བ་དང་གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དག་ཐེར་གནད་ལ་འཁེལ་བ་དང་། ཆེད་དོན་བཅོས་སྒྲིག་དོན་འཁྱོལ་གནད་ལ་འཁེལ་བ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་གནད་ལ་འཁེལ་བ་བཅས་འགན་ལེན་བྱེད་པ། “བྱ་ཐབས་བཞི”དོན་འཁྱོལ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་ཤུགས་ཆེར་གཏོང་བ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ། དམིགས་ཚད་ལས་འགན་ཤུགས་ཆེར་གཏོང་བ། དམངས་འཚོ་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས། གནད་དོན་དག་ཐེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དཀའ་ངལ་ཁྱད་བསད་བྱས་ཏེ་སྨན་བཅོས་འགན་སྲུང་གི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། “ལས་འགན་ལྔ”དམ་འཛིན་ཏན་ཏིག་བྱས་ནས། དམིགས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་གི་ལམ་ལུགས་དྲིལ་བསྒྲགས་དང་མི་སྒེར་གྱི་འགྲོ་གྲོན་འཇལ་བ་དང་། སྨན་བཅོས་འགན་སྲུང་གི་ཆ་འཕྲིན་མ་ལག་འཛུགས་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་གྲོན་གྱི་ཐོབ་ཐང་རྩིས་རྒྱག་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་སྔོན་འགོག་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ལ་དོ་ཁུར་གྱིས་མི་འབོར་དབུལ་པོའི་སྨན་བཅོས་འགན་སྲུང་ཞབས་ཞུའི“མཐའ་མའི་འགག་གནད”གཤོང་བ།  “མཐུན་སྦྱོར་དྲུག”ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་འགན་འཁྲིར་དམིགས་ཏེ“གནད་སྨིན་དྲུག”མཐའ་འཁྱོངས་བྱེད་པ་དང་རང་འགུལ་ངང་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་དང་། གྲོང་ཁྱེར་དབུལ་སྐྱོར། འཕྲོད་བསྟེན་བདེ་ཐང་། དམངས་སྲིད། ཁྲལ་དོན། ནོར་སྲིད་སོགས་སྡེ་ཚན་དང་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དག་ཐེར་དོན་འཁྱོལ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།