དབུ་ཤོག>ཆེད་སྒྲིག
  • རྒྱལ་ཁོངས་མེད་པ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-08-07

    759162_yis_1596687163940_s.jpg

    འདི་ནི་རྟ་དམག་གྲོང་ཚོའི་ཟུར་ཞིག་ཡིན་པ།

    2003ལོའི་སྔོན། ཁོང་ཚོ་ནི་སྐྱིད་གྲོང་ལུང་ཤུར་དུ་ལུས་པའི་རྒྱལ་ཁོངས་མེད་པའི་མི་ཚོགས་ཤིག་ཡིན་པ་དང“རྟ་དམག་གི་གདུང་རྒྱུད་ཡིན”ཞེས་བརྗོད་ཀྱི་ཡོད། ལོ་བརྒྱ་ཕྲག་རིང་སྡོད་གནས་གཏན་འཁེལ་མེད་པའི་འཚོ་བ་བསྐྱལ་ཡོད། སྤྱིར་བཏང་གི་མིར་སྐྱེས་མ་ཐག་ནས་ཡོད་པའི་ཐེམ་ཐོ་དང་རྒྱལ་ཁོངས་ནི་སྐབས་དེ་དུས་ཀྱི་རྟ་དམག་བའི་ངོས་ནས་བརྗོད་ན་བློ་ངོར་ཡང་ཡང་འཆར་བའི“ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ཕུགས་འདུན”ཞིག་རེད། 2003ལོའི་ཟླ་5པའི་ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དུད་ཚང་47གྱི་རྟ་དམག་བ་86ཀྲུང་གོའི་རྒྱལ་ཁོངས་སུ་དངོས་སུ་ཞུགས་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་གྱིས་བོད་རིགས་སུ་ངོས་འཛིན་བྱས་པ་རེད། དུས་དེ་ནས་བཟུང་རྟ་དམག་བ་ལོ་ན་གཞོན་ཤོས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་ནས་ཀྲུང་ཧྭའི་བུ་ཕྲུག་དང་མཉམ་དུ་མེས་རྒྱལ་དང་དུས་རབས་དང་མཉམ་དུ་འཚར་ལོངས་དང་ཡར་ཐོན་ཡོང་བའི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་བྱུང་ཡོད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་དུད་ཚང་58ཀྱི་མི་གྲངས་195བར་འཕེལ་རྒྱས་བྱུང་བའི་རྟ་དམག་གྲོང་ཚོའི་གྲོང་མིའི་འཚོ་བ་གང་འདྲ་ཡོད་མེད་ཐད་གསར་འགོད་པས་གནས་སྡོད་བཅར་འདྲི་བྱས་པ་ཡིན།

      རྒྱལ་ཁབ་ཡོད་པ་ལས་ཁྱིམ་ཚང་གི་བདེ་སྐྱིད་ལྷག་པར་ཚོར་བ།

    དབྱར་དུས་ཀྱི་སྐྱིད་གྲོང་ལུང་ཤུར་གྱི་གང་སར་སྨུག་པ་ལང་ལོང་དུ་འཁྲིགས་པའི་ཁྲོད་རྟ་དམག་གྲོང་ཚོ་འདི་ཉིད་གནས་ཡོད།

    རྟ་དམག་གྲོང་ཚོའི་མང་ཚོགས་རིག་རྩལ་རུ་ཁག་གི་འགན་འཁུར་བ་མིག་དམར་གྱིས་གསར་འགོད་པ་དང་བཅས་པ་ཁྲིད་དེ་རྟ་དམག་གྲོང་ཚོའི་གཙང་ལ་གྲལ་འགྲིག་པའི་ཨར་འདམ་ལམ་བུའི་ཐོག་འཆམ་འཆམ་དུ་བསྐྱོད། འདི་ལོ་མ་དངུལ་སྒོར་ཁྲི་300ཙམ་བཏང་ནས་ལེགས་གྲུབ་བྱུང་མ་ཐག་པའི་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་སྒྱུར་བཀོད་ལས་གྲྭའི་རྟ་དམག་གྲོང་ཚོ་དེ་ནི་སྐྱིད་གྲོང་རྫོང་གི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་བཏོད་ཡོད། མིག་དམར་གྱིས་དགའ་ཚོར་ཆེན་པོའི་སྒོ་ནས་ཁྱིམ་ཚང་ཚང་མའི་ཁང་པ་གསར་པ་དང་། ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར། སྒོ་ཁའི་མེ་ཏོག་སྣ་ཚོགས། ཡངས་ཤིང་རྒྱ་ཆེ་བའི་གྲོང་མིའི་ཐང་ཆེན་བཅས་ལ་མཛུབ་མོ་བཙུགས་ཏེ་གཏམ་གླེང་བྱེད་འགོ་ཚུགས།

    2004ལོའི་ཟླ་5པར། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་125.5བཏང་ནས་རྟ་དམག་གྲོང་གསར་བསྐྲུན་པ་དང་ལོ་གཉིས་པའི་ཟླ་7པར་གྲོང་མི་རྣམས་གཅིག་སྡུད་ཐོག་སྡོད་ཁང་གསར་པར་སྤོས་ནས་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས།

    2011ལོའི་ཟླ་9པར་རྟ་དམག་གྲོང་ཚོར་གནོད་འཚེ་ཕོག་ནས་ཁང་པར་གཏོར་སྐྱོན་ཕོག་པ་རེད། སྲིད་གཞུང་གིས་འཕྲལ་དུ་གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་ནས་མ་དངུལ་སྒོར་ཁྲི་564བཏང་སྟེ་རྟ་དམག་གྲོང་མིར་ཨར་འདམ་ལྕགས་རྩིབ་མའི་ཁང་པ་དེ་བས་སྲ་ཞིང་བརྟན་པ་ཞིག་བརྒྱབ་པ་དང་ཁང་པ་དེ་དག་གིས་2015ལོའི་ནེ་པ་ལའི“4·25”ཡི་ས་ཡོམ་དྲག་པོའི་ཚོད་བགམ་ཐེག་ཐུབ་པ་བྱུང་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། རྟ་དམག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་ཏང་གི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ཁག་ལོངས་སུ་སྤྱོད་པ་དང་འབྲེལ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད།  2019ལོར་རྟ་དམག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ནས་གྲོང་མི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་1.1ཟིན་པ་རེད།

    “སྟོབས་ལྡན་གྱི་རྒྱལ་ཁབ་ཡོད་པ་ལས་འབྱོར་ཕྱུག་གི་ཁྱིམ་ཚང་ཞིག་བྱུང་ཡོད”མིག་དམར་གྱིས་རྟ་དམག་གྲོང་ཚོའི་གྲོང་མིས་དགའ་སྤྲོའི་དབྱངས་རྟགས་ཀྱི་ཐོག་ནས་བདེ་སྐྱིད་མཚོན་པར་བྱས་པ་དང་སྟངས་སྟབས་ཡང་བའི་གར་སྟབས་ལས་ཡར་ཐོན་ལ་བསྔགས་བརྗོད་བྱས་ཡོད་ལ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་སྙིང་དབུས་ནས་ངོས་འཛིན་གཅིག་མཐུན་དང་དགའ་ཞེན་བྱེད་ལུགས་དེ་བས་མཚོན་པར་བྱས་ཡོད་ཅེས་བཤད།

    མི་རིགས་སྤུན་ཟླའི་བརྩེ་སེམས་ལས་དྲོ་སྐྱིད་ཚོར།    

    རྟ་དམག་གྲོང་ཚོར་གསར་འགོད་པ་དང་བཅས་པར་འཁོར་ཞག་བྱེད་བཞིན་པའི་པ་སངས་འཕྲད་བྱུང་།

    ཁོང་དམག་གསར་སྐབས་ནས་བཟུང་དམག་དཔུང་གི་ཞུན་བརྡར་ཆེན་པོའི་ཁྲོད་ནས་ཧྲི་ཀོན་དམག་མི་ཞིག་ཏུ་གྱུར་ཡོད། དམག་མིར་ཞུགས་ནས་ལོ་6ཡི་རིང་པ་སངས་ཀྱིས་མཐའ་མཚམས་ཀྱི་འཐབ་སའི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་མཐའ་མཚམས་ཀྱི་ས་ཆ་ཚང་མར་བསྐྱོད་དེ་གནོང་འགྱོད་སྤུ་ཙམ་ཡང་མེད་པར་ལང་ཚོ་དང་རྔུལ་ཆུ་གངས་ལྗོངས་ཀྱི་མཐའ་མཚམས་སུ་བཏོན་ནས་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་སྒྲུབ་པར་བྱས་ཡོད།

    པ་སངས་ཀྱིས་2003ལོར་ནང་མི་ཚང་མ་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་སྐབས་ལོ་7ལ་སླེབས་པའི་ཁོང་གིས“རྒྱལ་ཁབ”ཅེས་པའི་ཡིག་འབྲུ་གཉིས་ལ་གོ་བ་རབ་རིབ་ཙམ་ལས་ལེན་ཐུབ་ཀྱི་མེད། རྒྱལ་ཁོངས་སུ་མ་ཞུགས་གོང་གི་དཀའ་སྡུག་གི་འཚོ་བ་དེ་ཕ་མའི་བྱམས་ཀྱིས་བསྐྱངས་པའི་པ་སངས་ཀྱི་ངོས་ནས་བརྗོད་ན་རྒྱང་ཐག་རིང་པོ་ཞིག་རེད། རྒྱལ་ཁོངས་སུ་ཞུགས་རྗེས་བོད་རིགས་ཀྱི་བྱིས་པ་གཞན་དང་འདྲ་བར་པ་སངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་སློབ་གྲྭའི་ནང་བློ་བདེ་བག་ཕེབས་ངང་འཚར་ལོངས་བྱུང་ཡོད།

    2015ལོར་ནེ་པ་ལའི“4·25”ས་ཡོམ་དྲག་པོ་ལས་སྐྱིད་གྲོང་རྫོང་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། སྐབས་དེར། ན་སོ་དར་ལ་བབས་མ་ཐག་པའི་པ་སངས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་བརྩེ་སེམས་དངོས་འབྲེལ་ཚོར་ཡོད་ལ། ཏང་ཡོན་ལས་བྱེད་པ་དང“བཅིངས་འགྲོལ་དམག་མི”ཡིས་གེགས་སེལ་དང་བསྐྱར་སྐྲུན་ལས་དོན་ལ་ལེགས་སྐྱེས་ཕུལ་བ་ཡང་མིག་མཐོང་ལག་ཟིན་བྱུང་ཡོད། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕུགས་འདུན་དེ་པ་སངས་དང་རྟ་དམག་གྲོང་ཚོའི་གྲོང་མི་དེ་བས་མང་བའི་སེམས་ནང་བརྟན་པོར་ངེས་ཡོད།

    2015ལོའི་དབྱར་ཁར། རྟ་དམག་གྲོང་ཚོར་དམག་ལོ་ལོན་པའི་གཞོན་ནུ་དམག་མིར་བསྡུ་བའི་བརྡ་ཐོ་ཐོག་མར་འབྱོར་བས་པ་སངས་དང་གྲོང་ཚོ་ཡོངས་ཀྱི་གཞོན་ནུ་གཞན་དག་གཉིས་ཀྱིས་རང་འགུལ་ངང་དམག་མིར་ཞུགས་རྒྱུའི་མིང་ཐོ་བཀོད་ནས་གཟི་བརྗིད་ལྡན་པའི་ངང་མི་དམངས་ཀྱི་བུ་ཕྲུག་དམག་ཏུ་གྱུར་པ་རེད། ད་ཆ་རྟ་དམག་གྲོང་ཚོར་དམག་མིར་ཞུགས་མཁན་8ཡོད་པ་རེད།

    དམག་དཔུང་ནང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་རིགས་ཁག་གི་སྤུན་ཟླའི་དབར་གྱི་འགྲོ་འོང་སྔར་བས་མང་བ་དང་། སྤེལ་རེས་སྔར་བས་ཟབ་པ། མཉམ་འདྲེས་སྔར་བས་དམ་ཟབ་བཅས་ཡོད་པས་པ་སངས་དང་ཚང་མའི་དབར་གྱི་བརྩེ་སེམས་གཅེན་གཅུང་ལྟར་ཟབ།

    པ་སངས་ཀྱིས་གསར་འགོད་པར་ད་ཆ་རྟ་དམག་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཀྱང་དེ་དང་འདྲ་བར་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་། མཉམ་དུ་སྡོད་པ་དང་། མཉམ་དུ་ལས་ཀ་བྱེད་པ། མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་དགའ་སྤྲོར་རོལ་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན། ཕྱར་བ་གྲུ་འདེགས་དང་། འཆམ་མཐུན་མཉམ་གནས། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ཅེས་བཤད།

    གུང་ཁྲན་ཏང་གི་རྗེས་སུ་འབྲང་བས་དད་སེམས་བརྟན།

    བགྲེས་སོང་རྒྱ་མཚོའི་ཁྱིམ་དུ་མངོན་གསལ་དོད་ཤོས་ནི་གྱང་ངོས་སུ་བཀལ་བའི་རྒྱལ་དར་དང་། ཏང་དར། གཙོ་འཛིན་གྱི་སྐུ་པར་བཅས་རེད།

    གྲང་ངར་ཆེ་བའི་དགུན་དུས་བརྒྱུད་མྱོང་མཁན་གྱི་ཉི་མའི་དྲོ་སྐྱིད་ཚོར་ཐུབ། ཁྱིམ་ཚང་དེར་རྒྱ་མཚོས་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མེད།

    2003ལོའི་གོང་དུ། སྐྱིད་གྲོང་ལུང་ཤུར་དུ་མི་ཚེ་ཕྱེད་ཀ་ལྷག་ཙམ་བསྐྱལ་ཟིན་པའི་རྒྱ་མཚོར་དོན་སྙིང་ངོ་མ་ལྡན་པའི་ཁྱིམ་ཚང་ཞིག་གཏན་ནས་མེད། རང་ལོ་20ལྷག་ཙམ་ནས་བཟུང་། རྒྱ་མཚོས་རྟ་དམག་བའི་ངལ་རྩོལ་ནུས་ཤུགས་མང་ཆེ་བ་དང་འདྲ་བར་ལྕགས་རྡུང་བ་སོགས་ལས་ཀ་ཙག་ཙིག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། “གང་དུ་ལས་ཀར་ཕྱིན་ན་དེ་གར་སྡོད་པ་དང་རྩམ་པ་ཏོག་ཙམ་གྱིས་གྲོད་པ་རྒྱགས་ཐབས་དང་དགོང་མོ་ས་ཐོག་ཏུ་ཉལ་གྱི་ཡོད། “ཐོབ་ཐང”མེད་པའི་མི་ཞིག་གི་ངོས་ནས་རྒྱ་མཚོས་ཆུང་དུས་ནས་དཀའ་སྡུག་ཚད་མེད་མྱངས་ཡོད།

    ཐེམ་ཁོངས་སུ་ཚུད་སྐབས་རྒྱ་མཚོས་རང་ཉིད་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཚོར་སྣང་སྐྱེས།

    ཚོང་འདུས་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་བུ་བསོད་ནམས་ཀྱིས་གསར་འགོད་པར་ཚོང་འདུས་གྲོང་ཚོར་མིག་སྔར་ཏང་ཡོན་28ཡོད་པའི་ནང་རྟ་དམག་རང་བྱུང་གྲོང་ཚོ་ནས་18ཡོད་པ་རེད། ད་ལོ་ཡང་རྟ་དམག་གྲོང་ཚོའི་གྲོང་མི་གཉིས་ཏང་ཞུགས་ཧུར་བརྩོན་ཅན་དུ་གྱུར་ཡོད་ཅེས་བཤད།

    ལོ་28ལ་སླེབས་པའི་ནོར་བུ་ཚེ་རིང་2014ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་ད་ཆ་ཚོང་འདུས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་ཡོད། ཏང་ལ་ཞུགས་པའི་ཐོག་མའི་བསམ་འདུན་གླེང་སྐབས་ནོར་བུ་ཚེ་རིང་གིས“ངས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་ཚང་མའི་སྣེ་འཁྲིད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་འདོད་ཡོད”ཅེས་བཤད།

    2019ལོའི་ཟླ་3པར། རྟ་དམག་གྲོང་ཚོའི་སྐྱིད་གྲོང་གི་ཞིང་ལས་ལ་འཚམ་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ནོར་བུ་ཚེ་རིང་འགན་འཁུར་བ་ཞིག་ཏུ་གྱུར། མཉམ་ལས་ཁང་གིས་གཙོ་བོ་ལྕགས་ཆས་ལས་སྣོན་དང་བོད་རུམ་བསླས་འཐག་ཐོན་སྐྱེད་བྱེད་པ་དང་། ད་ཆ་ལྕགས་ཆས་ལས་སྣོན་ལག་རྩལ་བཟོ་པ་25དང་ལག་ཤེས་འཁེལ་འཐག་ལག་རྩལ་བཟོ་པ་20ཡོད་པ་རེད།

    ནོར་བུ་ཚེ་རིང་གིས་གསར་འགོད་པར་མཉམ་ལས་ཁང་བཙུགས་པ་དང་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ་དེ་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། 2018ལོར་སྐྱིད་གྲོང་རྫོང་གིས་མ་དངུལ་སྣ་ཚོགས་སྒོར་ཁྲི་300བསྡུ་སྒྲིལ་བྱས་ནས་རྟ་དམག་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་སྟོན་དང་གསོ་སྦྱོང་རྟེན་གཞི་བསྐྲུན་པ་དང་། ད་ལོའི་ཟླ་6པའི་ཟླ་འགོར། སྐྱིད་གྲོང་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་རྟ་དམག་གྲོང་ཚོའི་མཉམ་ལས་ཁང་ལ་གློག་གི་ཚ་ལ་དང་། གཅོད་འབྲེག་འཕྲུལ་འཁོར། བྱེ་འཁོར་སོགས་ལྕགས་ཆས་ལས་སྣོན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་སྐྱིད་གྲོང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྱང་ལོ་འཁོར་འདིའི་གསོ་སྦྱོང་མ་དངུལ་སྒོར་ཁྲི་4ལྷག་ཙམ་རྟ་དམག་གྲོང་ཚོའི་མཉམ་ལས་ཁང་ལ་བཏང་ཡོད་ཅེས་བཤད།

    དེ་སྔ་རྟ་དམག་བས་ལྕགས་རྡུང་ནས་འཚོ་ཐབས་བྱེད་པ་དེ་ད་ཆ་རྟ་དམག་གྲོང་ཚོས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་གྲོང་མིའི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་བའི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། “རྟ་དམག་གྲོང་མིའི་ད་ཆ་ཕྱུག་འགྱུར་གྱི་གོ་སྐབས་དང་ཐབས་ལམ་ཇེ་མང་དུ་སོང་ཡོད” ཅེས་བགྲེས་སོང་རྒྱ་མཚོས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།

    ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་འགག་སྒོ་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཁྲོམ་ར་བསྐྲུན་ཟིན་པ། ཀྲུང་ནེའི་ལྕགས་ལམ་གྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་དེ་ཉིན་རེའི་གྲོས་རིམ་ནང་བཅུག་པ་སོགས་དང་། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སྐུལ་འདེད་བཏང་བ་དང་བསྟུན་ནས་སྐྱིད་གྲོང་འགག་སྒོ་དེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ཟམ་སྣེའི་མཁར་རྫོང་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་དང་མི་རིགས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་ཁྲོད་རྟ་དམག་གྲོང་ཚོ་འདི་ཉིད་རླུང་བརྟེན་རླབས་གཤགས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པ་རྒྱ་མཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།