བློ་བཟང་ཉི་བཀྲ་དེ་སྔ་ཆུ་ཤུར་རྫོང་ཚལ་སྣེ་ཤང་བོད་སྡེ་གྲོང་ཚོ་ནས་ཡིན་པ་དང་འཚོ་བའི་ཆ་རྐྱེན་དེ་ཙམ་ཡག་པོ་མེད། འཆམ་མཐུན་ལྡན་པའི་ཁྱིམ་ཚང་དེས་བློ་བཟང་ཉི་བཀྲར་འབད་འབུངས་ཀྱི་སྒུལ་ཤུགས་སྦྱིན་ཡོད། འོན་ཀྱང་འཚོ་བའི་ཁྲོད་བྱ་བ་ཐམས་ཅད་ལམ་འགྲོ་རྒྱུག་མི་སྲིད་པས། བློ་བཟང་ཉི་བཀྲས་གཟུགས་པོ་བརྟག་དཔྱད་བྱེད་སྐབས་རང་ཉིད་ལ་ནད་གཞི་ཕོག་པ་ཤེས། གནས་ཚུལ་དེས་ཁྱིམ་ཚང་དཀྱུས་མ་དེ་སྡུག་བསྔལ་གྱི་གནས་སུ་ལྷུངས། ནད་གཞི་དེས་རྐྱེན་པས་བློ་བཟང་ཉི་བཀྲ་དུས་ཐོག་ཏུ་སྨན་ཁང་ལ་སྡོད་དགོས་ལ་ཁྱིམ་གྱི་ཕྲུ་གུ་གཉིས་སློབ་གྲྭ་འགྲིམ་བཞིན་ཡོད་པས་དེ་སྔ་འབྱོར་པོ་མེད་པའི་ཁྱིམ་ཚང་དེ་བས་དཀའ་ཚེགས་ཆེ་བའི་གནས་སུ་གྱར། གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད། བློ་བཟང་ཉི་བཀྲའི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་དང་འབྲེལ་2016ལོའི་ཟླ་12པར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ལ་བརྩིས་ཏེ་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོའི་ཚོགས་ཆུང་2པར་སྤོས་པ་རེད།
རྫོང་གིས་དུད་ཚང་དབུལ་པོར་རླངས་འཁོར་གྱི་ཁ་ལོ་བའི་གསོ་སྦྱོང་དང་། ས་འདྲུ་འཕྲུལ་འཁོར་གྱི་ཁ་ལོ་བའི་གསོ་སྦྱོང་། མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཀྱི་བསླས་འཐག་གསོ་སྦྱོང་། འདེབས་འཛུགས་ལག་རྩལ་གསོ་སྦྱོང་། གསོ་ཚགས་ལག་རྩལ་གསོ་སྦྱོང་། ལས་གཏོད་གསོ་སྦྱོང་སོགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་བ་ཤེས་རྗེས། བློ་བཟང་ཉི་བཀྲས་རང་འགུལ་ངང་དུས་བཞི་བཀྲ་ཤིས་གྲོང་ཚོའི་ལས་བྱེད་པར་བློ་འདྲི་བྱས་ཏེ་གྲོང་ཚོའི་ཕྱི་ནང་གི་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་དང་ཁྲོམ་རའི་མི་སྤྱོད་དགོས་མཁོ་ཤེས་རྟོགས་བྱས་པ་མ་ཟད། ད་དུང་བཟའ་ཟླ་བཀྲ་བཟང་གསོ་སྦྱོང་ནང་ཞུགས་ཏེ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱ་རྒྱུར་སྐུལ་མ་ཡང་བཏང་བས། ད་ཆ་བཀྲ་བཟང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ལས་ཞུགས་ཐུབ་ཡོད།
དེ་རྗེས་བློ་བཟང་ཉི་བཀྲས་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས་ནས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས། རང་ཉིད་བདེ་བླག་ངང་ལས་གཏོད་ཐུབ་པ་དང་ཆབས་ཅིག་ཁོང་གིས་ཡུལ་མི་སྤུན་ཟླར་རོགས་རམ་བྱ་རྒྱུ་བརྗེད་མེད་ཅིང་། མིག་སྔར་དུད་ཚང་80ཁོང་གིས་གཉེར་བའི་མཉམ་ལས་དུ་ཞུགས་པ་དང་དུད་ཚང་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་7500ལྷག་ཙམ་བྱུང་ནས་དུས་བཞི་བཀྲ་ཤིས་གྲོང་ཚོའི་མང་ཚོགས་དབུལ་པོ་ཐག་ཉེ་སར་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་དུ་བཏང་བ། བདེ་སྡུག་མཉམ་མྱོང་དང་ཐུན་མོང་ཕྱུག་འགྱུར་གྱི་དབུལ་སྒྲོལ་ལམ་དུ་བསྐྱོད་ཡོད།